བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ།

མང་སྡེ་ཆུ་གློག་མེ་འཕྲུལ་ཁང་བཟོ་སྐྲུན་མཇུག་བསྡུའི་ དུས་ཡུན་ ཟླཝ་༣ ཕར་འགྱངས།

༉ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་ བསྒྲུབ་ནི་གི་ དུས་ཚོད་དེ་ སྤྱི་ཟླ་༦ པའི་ཚེས་༣༠ ལས་ སྤྱི་ཟླ་༩ པ་དང་༡༠ པ་ལུ་ ཕར་འགྱངས་འབད་ནུག།

ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཨེ་ཀེ་ མིཤ་ར་གིས་འབད་བ་ཅིན་ ཁག་འབགཔ་ལུ་ ལས་མི་ལངམ་མེད་མི་དང་ མ་དངུལ་གྱི་ དཀའ་ངལ་ལུ་བརྟེན་ ལཱ་ཚུ་ཡུན་འགྱངས་ ལུས་ཡོད་ཟེར་ཨིན་པས།

ཨིན་རུང་ ལཱ་འཕྲོ་མཐུད་འབད་ནིའི་དོན་ལུ་ ལས་འགུལ་གྱི་ཧོངས་ལས་ ཟད་འགྲོ་བཏང་དོ་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་ བཤད་པའི་ཁར་ ལས་མིའི་ཚུ་གི་ཐད་ལུ་ རྒྱ་གར་ལུ་འབད་བ་ཅིན་ གོ་སྐབས་ལེགས་ཤོམ་ཐོབ་ཚུགས་པས་ཟེར་ བཤད་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ཁག་འབགཔ་ཇེ་པི་ལུ་ ལས་མི་༣,༥༠༠ ཡོད་རུང་ ད་རེས་འབད་བའི་བསྒང་ལས་༡,༠༠༠ ཡང་མིན་འདུག་ཟེར་ བཤདཔ་ཨིན་པས།

ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁག་འབགཔ་གིས་ ལས་མི་ཚུ་ལུ་ གླ་ཆ་སྤྲོད་མི་དེ་ རྒྱ་གར་ལུ་ སྤྲོད་མི་དང་ ཁྱད་པར་ག་ནི་ཡང་ མིན་འདུག་ཟེར་ཨིནམ་ད་ འབྲུག་ལུ་འབད་བ་ཅིན་ འགྲུལ་འཕྲིན་ལག་ལེན་ལས་འགོ་བཙུགས་ ཟད་འགྲོ་ལྕི་དྲགསཔ་མ་ཚད་ ལས་མི་ཚུ་ གནམ་གཤིས་གནས་སྟངས་རྩུབ་དྲགས་ནང་ ལཱ་འབད་དགོ་པའི་ཁར་ གནོད་ཉེན་ཡང་སྦོམ་འདུག་ཟེར་ཨིན་པས།

གདོང་ལེན་ཚུ་ཡོད་དེ་འབད་རུང་ འཛིན་སྐྱོང་མདོ་ཆེན་གྱིས་འབད་བ་ཅིན་ འདས་པའི་ཟླཝ་དག་པ་ཅིག་ནང་ ལས་འགུལ་གྱིས་ གྲུབ་འབྲས་སྦོམ་བཏོན་ཡི་ཟེར་ཨིནམ་ད་ དཔེར་ན་ ཧེཌ་རེསི་ཊ་ནཱལ་ཟེར་ ས་འོག་ཆུ་ལམ་ཀི་ལོ་མི་ཊར་༡༣.༥ ལས་ ཀི་ལོ་མི་ཊར་༨ མཇུག་བསྡུ་ཡོདཔ་ཨིན་པས།དེ་ལས་ ཆུ་རྫིང་བཟོ་སྐྲུན་གྱི་ལཱ་དེ་ ཧ་ལམ་མཇུག་བསྡུ་རན་ཁར་ ལྷོད་ཡོདཔ་ཨིན་པས།

ལས་འགུལ་དེ་ མཇུག་བསྡུ་ཞིནམ་ལས་ གློག་ཤུགས་ཡུ་ནིཊ་ཐེར་འབུམ་༣ དེ་རེ་ ཐོན་སྐྱེད་འབད་ནི་དང་ ལོ་རེ་ལུ་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༧.༥ དེ་ཅིག་ བཟོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *