མགུ་སྐོར་རྐྱབ་པའི་ འཁྲུན་ཆོད་བསྟར་སྤྱོད་ཀྱི་ བཀའ་རྒྱ་གནང་དགོ་པའི་ཞུ་བ།

༉ ཨེསི་ཀེ་ཌབ་ལུ་བཀྲིས་མེ་ཊཱལ་དང་ ཨེམ་ཨེམ་སི་ཨེལ་བར་ནའི་ ཚོང་འབྲེལ་གྱི་ རྩོད་དོན་ནང་ བཀྲིས་མེ་ཊཱལ་གྱིས་ དུས་ཡུན་ཟླཝ་༣ གྱི་ ནང་འཁོད་ལུ་ ཏི་རུ་ལོག་སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡོད་རུང་ ངོས་ལེན་འབད་མ་བཏུབ་ལས་ རྩོད་རྩ་ཨེམ་ཨེམ་སི་ཨེལ་གྱིས་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་ལུ་ མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་བཀའ་རྒྱ་དེ་ བསྟར་སྤྱོད་གནང་དགོ་པའི་ ཞུ་བ་ཕུལ་ནུག།
རྩོད་རྩ་གིས་ བསྟར་སྤྱོད་ཀྱི་ ཞུ་ཡིག་དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༡ ལུ་ ཕུལ་ཡོདཔ་ལས་ ད་ལྟོ་ བསྟར་སྤྱོད་ཀྱི་ བཀའ་རྒྱ་དེ་ལུ་ སྒུག་སྟེ་ཡོདཔ་ཨིན་པས། 
མངོན་མཐོ་ཁྲིམས་འདུན་གྱིས་ ན་ཧིང་ སྤྱི་ཟླ་༧ པའི་ནང་ ཆེ་མཐོ་ཁྲིམས་འདུན་ལས་གནང་མི་ འཁྲུན་ཆོད་དེ་ལུ་ གཞི་འཛིན་གནང་ཡོདཔ་ད་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ རྩོད་ཟླ་ཨེསི་ཀེ་ཌབ་ལུ་བཀྲིས་མེ་ཊཱལ་གྱིས་ ཟླཝ་༣ གྱི་ནང་འཁོད་ལུ་ དངུལ་ཀྲམ་ས་ཡ་༡༠.༩༥ རྒྱ་གར་མོམ་བཱ་ཡེ་ལུ་ མཱ་ནིཊ་མི་ཐཱལ་རི་ཀཱལ་(ཨེམ་ཨེམ་སི་ཨེལ) ལུ་ ལོག་བྱིན་དགོ་པའི་ བཀའ་རྒྱ་གནང་ནུག།
དེ་ཡང་ ཆེ་མཐོ་གྲངས་མང་ཁྲིམས་ཁྲིའི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ བཀྲིས་མེ་ཊཱལ་དང་ ཨེམ་ཨེམ་སི་ཨེལ་༢ ཀྱིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་དེ་ ཕྱིར་འབུད་བཏང་ཐོག་ལས་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་ནུག།
བཀྲིས་མེ་ཊལ་དང་ མཱ་ནིཊ་ མི་ཐཱལ་རི་ཀཱལ་ལས་སྡེ་༢ ཀྱིས་ སྤྱི་ལོ་༢༠༡༣ དང་༢༠༡༥ ལུ་ ཚོང་འབྲེལ་འཐབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༥ ཟླ་༩ པའི་ནང་ བཀྲིས་མེ་ཊཱལ་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་དང་ ཨེམ་ཨེམ་སི་ཨེལ་གྱི་ འཛིན་སྐྱོང་པ་༢ རྒྱ་གར་ནིའུ་ལྡི་ལི་ལུ་ རེ་ཌི་སཱན་ཟ་ཁང་ནང་ ཕྱད་ཐོག་ལས་ ཡོངས་ཁྱབ་འཛིན་སྐྱོང་པ་ ཀི་ལི་རའི་ནར་གྱིས་ ཟླཝ་༡ གི་ ནང་འཁོད་ལུ་ ཀཱེལ་ཤི་ཡཱལ་ སི་ལི་སཱཊ་ཟེར་མི་ དཀར་རྫས་མེ་ཊིག༌ཊཱན༌༡༠༠ བཀྲམ་སྤེལ་འབད་ནི་སྦེ་ ཁ་བཟེད་ནུག།
དེ་ལས་ ཨེསི་ཀེ་དྲབ་ལུ་བཀྲིས་མེ་ཊཱལ་གྱིས་ ཨེམ་ཨེམ་སི་ཨེལ་ལུ་ དངུལ་ཀྲམ་ས་ཡ་༡༠ སྔོན་བྱིན་སྤྲོད་དགོཔ་སྦེ་ སླབ་པའི་ཤུལ་ལས་ སྤྱི་ལོ་༢༠༡༥ ཟླ་༩ པའི་ཚེས་༢༡ ལུ་ ཏི་རུ་བསྐྱལ་ཡོད་རུང་ བཀྲིས་མེ་ཊཱལ་གྱིས་ ཐོན་སྐྱེད་འབད་ནི་ལུ་ སྟབས་མ་བདེཝ་བྱུང་ཡོདཔ་ཨིན་པས།
ཨིན་རུང་ བཀྲིས་མེ་ཊཱལ་ལས་སྡེ་དེ་ ནིའུ་ལྡི་ལི་ལུ་ འབྲེལ་བ་མ་འཐབ་པའི་ ཟླཝ་༢ ཀྱི་ཧེ་མ་ལས་ སྤྱི་ལོ་༢༠༡༥ ཟླ་༧ པའི་ནང་ སྒོ་བསྡམས་ཡོདཔ་ད་ ཟླཝ་༡ གི་ཤུལ་ལས་ ཨེམ་ཨེམ་སི་ཨེལ་གྱི་ འགོ་དཔོན་ཅིག་ ཕུན་ཚོགས་གླིང་ལུ་ བཏང་པའི་སྐབས་རྐྱངམ་གཅིག་ ལས་སྡེ་སྒོ་བསྡམས་ཡོད་པའི་སྐོར་ ཤེས་རྟོགས་བྱུང་ཡོདཔ་བཞིན་དུ་ བཀྲིས་མེ་ཊཱལ་གྱིས་ ཏི་རུ་ལོག་འབག་ཤོག་ཟེར་ ཡང་བསྐྱར་སླབ་རུང་ བྱིན་མ་བཏུབ་པས།
ཡོངས་ཁྱབ་འཛིན་སྐྱོང་པ་གིས་ ཁོ་རའི་ལས་སྡེ་ ཨེསི་ཀེ་དྲབ་ལུ་བཀྲིས་མེ་ཊཱལ་འདི་ བྱ་སྟབས་མ་བདེཝ་ཐོན་ཏེ་ ལས་སྡེ་སྒོ་བསྡམས་ཡོདཔ་ལས་ ཅ་ཆས་བཀྲམ་སྤེལ་འབད་མི་ཚུགས་ཟེར་ ཤེས་ཅི་མཐོང་ཅི་ སྔོན་བྱིན་མ་དངུལ་ལེན་ཡོད་མི་དེ་ ཁྲིམས་འགལ་ཨིནམ་ འཁྲུན༌ཆོད་ནང་བཀོད་ནུག།
འབྲུག་གི་ཅ་ཆས་ཚོང་འབྲེལ་གྱི་བཅའ་ཁྲིམས་༢༠༠༡ ཅན་མའི་ དོན་ཚན་༦ པ་དང་འཁྲིལཝ་ད་ རང་སོའི་འགན་ཁུར་གྱི་ བློ་གཏད་ཚུ་ བཅའ་ཁྲིམས་ཀྱི་ནང་འཁོད་ལུ་ བསྟར་འབད་དགོ་ཟེར་ཨིན་པས།
རྩ་ཚན་༩ པའི་དོན་ཚན་༩ ནང་ བཀོད་དོ་བཟུམ་འད་བ་ཅིན་ དོན་སྨིན་ཅན་གྱི་ གནས་ཚད་དང་འཁྲིལ་ཏེ་ འབྲེལ་བ་འཐབ་དགོ་པའི་ཁར་ ཚོང་འབྲེལ་ལེགས་ཤོམ་སྦེ་ ཚོང་དཔོན་གྱི་ལུ་ འོས་འབབ་དང་བསྟུན་ གནས་ཚད་དགོ་ཟེར་ཨིན་པས།
རྩོད་བཤེར་དེ་ དང་པ་ར་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ སྤྱི་ལོ་༢༠༡༧ ལུ་ བཙུགས་ཡོདཔ་བཞིན་དུ་ ཨེསི་ཀེ་ཌབ་ལུ་བཀྲིས་མེ་ཊཱལ་གྱིས་ ཨེམ་ཨེམ་སི་ཨེལ་ལུ་ ཏི་རུ་ལོག་བྱིན་དགོ་པའི་ འཁྲུན་ཆོད་བཏོན་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *