མགར་ས་ཚ་ཆུའི་ས་ཁོངས།

མགར་ས་དང་ ཆུ་སྦུག་ཚ་ཆུ་གཉིས་ནང་ མི་༡༠༠ ལྷགཔ་ཅིག་ ཐོགས་ལུས་ཡོདཔ།

༉ རྒྱལ་ཁབ་ནང་ འགྲུལ་སྐྱོད་བཀག་དམ་འབད་བའི་ཉིནམ་ལས་ སྤྱི་ཟླ་༡༢ པའི་ཚེས་༢༤ ཚུན་ མགར་ས་ཚ་ཆུ་དང་ སྤུ་ན་ཁ་ཆུ་སྦུག་ཚ་ཆུ་གཉིས་ཀྱི་ ས་ཁོངས་ནང་ མི་༡༠༠ ལྷགཔ་ཅིག་ ཐོགས་ལུས་ཡོདཔ་ཨིན་པས།

ཨ་ལོ་ཆུང་ཀུ་ཚུ་བརྩིས་ཏེ་ མི་༢༤ དེ་ཅིག་ མགར་ས་ཚ་ཆུ་ནང་ ལུས་ཡོདཔ་ཨིན་རུང་ རྫོང་ཁག་བདག་སྐྱོང་གི་ས་ཁོངས་དང་ ཉེ་འདབས་ལས་ཕར་སྡོད་མི་ མི་ངོ་༧༦ དེ་ཅིག་ ཨེན་ཊི་ཇེནཊ་བརྟག་དཔྱད་ལས་ ནད་གཞི་མེདཔ་སྦེ་ ཐོན་པའི་ཤུལ་ རང་སོའི་གཡུས་སྒོ་ཚུ་ནང་ བཏང་ཡོདཔ་ཨིན་པས།

ཚ་ཆུ་འཛིན་སྐྱོང་པ་ རྟ་མགྲིན་རྡོ་རྗེ་གིས་འབད་བ་ཅིན་ སྤྱི་ཟླ་༡༢ པའི་ཚེས་༢༤ ལུ་སོང་མི་ མི་སེར་ཚུ་ཡང་ ཐག་རིང་གི་ས་གནས་ ཀྲོང་གསར་དང་ བཀྲིས་གཡང་རྩེ་ བུམ་ཐང་ དེ་ལས་ མོང་སྒར་རྫོང་ཁག་ཚུ་ལས་ཨིན་མས་ཟེར་ཨིན་པས།

ས་ཁོངས་ནང་ལུས་མི་ མང་ཤོས་ཅིག་ལུ་ སྣུམ་འཁོར་ཚུ་ཡོདཔ་ལས་ ལོག་རང་སོའི་ས་ཁོངས་ནང་ འགྱོ་ནི་ལུ་ དཀའ་ངལ་མེད་རུང་ སྣུམ་འཁོར་མེད་མི་ཚུ་ལུ་ རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ གླ་འཁོར་འཚོལ་བྱིན་ཡོདཔ་ད་ གླ་འཁོར་ཚུ་ཡང་ ཉིནམ་དེ་ནང་ར་ ལོག་རྫོང་ཁག་ནང་ ལྷོད་དགོཔ་སྦེ་ཨིན་པས།

སྟོད་ཝང་རྒེད་འོག་ནང་ཡོད་མི་ ཆུ་སྦུག་ཚ་ཆུ་དེ་ནང་ མི་༨༠ དེ་ཅིག་ཡོདཔ་ཨིན་པས།

སྟོད་ཝང་རྒཔོ་ ལྟའུ་ཅུ་གིས་ སླབ་མིའི་ནང་ གཞུང་གི་བཀའ་རྒྱ་ལྟར་དུ་ མགྱོནམ་ཚུ་ལོག་འགྱོ་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ ལ་ལོ་ཅིག་གིས་ ངོས་ལེན་འབད་ཡོད་རུང་ ལ་ལོ་འཆར་གཞི་ལས་རིམ་དང་འཁྲིལ་ ཚ་ཆུ་སྦང་ནི་སྦེ་ སླབ་མས་ཟེར་ཨིནམ་ད་ ཚ་ཆུ་སྦང་ནི་དེ་ སྤྱི་ཟླ་༡༢ པའི་ཚེས་༢༢ ལས་ སྒོ་བསྡམས་བཞག་ཅི་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།

རྒཔོ་ལྟའུ་ཅུ་གིས་འབད་བ་ཅིན་ རྒེད་འོག་བདག་སྐྱོང་གི་ ངོ་ཚབ་ཚུ་གིས་ དེ་ཁར་སྡོད་མི་ཚུ་ ལོག་གཡུས་ཁར་ འགྱོ་ནིའི་དོན་ལུ་ ཁ་གསལ་སྦེ་ ཐོ་བཀོད་འབད་ཞིནམ་ལས་ བདག་སྐྱོང་ལུ་ སྙན་ཞུ་འབད་དགོཔ་བཞིན་དུ་ ལ་ལོ་ཅིག་ སྤྱི་ཟླ་༡༢ པའི་ཚེས་༢༧ དང་༢༨ ལུ་ གཡུས་ཁར་འགྱོ་ནི་སྦེ་ཡོདཔ་ལས་ ཨེན་ཊི་ཇེནཊ་བརྟག་དཔྱད་ཀྱི་དོན་ལས་ རྫོང་ཁག་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།

ནད་ཡམས་ཀོ་བིཌ་-༡༩ བརྟག་དཔྱད་འབད་དགོ་མི་དེ་ཡང་ ནད་འབུབ་མེད་པའི་ གྲུབ་འབྲས་དང་འཁྲིལ་ འགྲོ་འགྲུལ་འབད་ཆོག་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།

ད་ལྟོ་ཚུན་ཚོད་ཀྱི་བར་ན་ མགྱོནམ་ཚུ་གི་ བཟའ་འཐུང་དང་སྡོད་ནིའི་ དཀའ་ངལ་མ་ཐོན་པར་ཡོདཔ་ད་ གལ་སྲིད་ དཀའ་ངལ་བྱུང་རུང་ རྫོང་ཁག་བདག་སྐྱོང་གི་ རྒྱབ་སྐྱོར་ཐོག་ལས་ རྒེད་འོག་བདག་སྐྱོང་གིས་ ལྷན་ཐབས་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

སྤུ་ན་ཁ་ཆུ་སྦུག་ཚ་ཆུ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *