བློན་ཆེན་མོ་དི་གིས་ ལྡོག་ཕྱོགས་འགོ་ཁྲིདཔ་དང་ གནད་དོན་སྣ་ཚོགས་སྐོར་ གསུང་གྲོས་གནང་ཡོདཔ།

༉ ཁ་ཙ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་གིས་ ལྡོག་ཕྱོགས་འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་མཚོ་དང་ མཇལ་ཕྲད་གནང་པའི་སྐབས་ རང་བཞིན་ནུས་ཤུགས་དང་ རང་བཞིན་གནས་སྟངས་ཉམས་སྲུང་ དེ་ལས་ རྒྱལ་ཁབ་༢ ཀྱི་ མཐུན་ལམ་དང་ མཉམ་འབྲེལ་ཐོག་ལས་ ལྟ་བཤལ་གོང་གཏང་ནི་ལ་སོགས་པའི་ གནད་དོན་མང་རབས་ཅིག་གི་སྐོར་ གསུང་གྲོས་གནང་ནུག།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཀོད་མིའི་ནང་ རྒྱ་གར་གྱི་ འགོ་ཁྲིདཔ་དེ་ རི་དྭགས་སེམས་ཅན་ སྟག་དང་ གངས་གཟིག་ དེ་ལས་ རང་བཞིན་གྱི་ས་ཆ་ ཧེ་མ་ལ་ཡཱན་ཚུ་ ཉེན་སྲུང་དང་ ཉམས་སྲུང་འབད་བཞག་ནི་ལུ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ནང་ སྲིད་དོན་ཚོགས་པ་ གཞུང་སྐྱོང་སྦེ་ ག་འོང་རུང་ དམིགས་བསལ་གྱི་ རྒྱ་འབྲུག་༢ ཀྱི་ མཐུན་ལམ་ཡོད་མི་དེ་ རྒྱལ་སྤྱི་མཐུན་ལམ་གྱི་ སྲིད་བྱུས་ནང་ དམ་ཟབ་སྦེ་ སྡོད་འོང་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
སྤྱི་ལོ་༢༠༡༤ ལུ་ འབྲུག་ལུ་ རྒྱལ་ཁམས་ཀྱི་ གཟིགས་སྐོར་ནང་ འགོ་དང་པ་བྱོན་མི་ རྒྱ་གར་གྱི་ བློན་ཆེན་གྱིས་ ད་རུང་ ལྡོག་ཕྱོགས་འགོ་ཁྲིདཔ་དང་ ཕྱད་ནི་གི་ སྐབས་ཐོབ་མི་ལུ་ སེམས་དགའ་ཡོདཔ་སྦེ་ གསུངས་ཡི་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པའི་ནང་ སྲིད་དོན་ནང་ ཉམས་མྱོང་ཅན་གྱི་ འགོ་ཁྲིདཔ་ཚུ་ཡོདཔ་ལས་ དམངས་གཙོའི་རིང་ལུགས་ནང་ ལྷན་ཐབས་འབད་ཚུགས་ཟེར་ བློན་ཆེན་མོ་དི་གིས་ གསུངས་པའི་ཁར་ ལྡོག་ཕྱོགས་འགོ་ཁྲིདཔ་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ རྒྱ་གར་ལུ་ འོང་དགོ་པའི་ མགྲོན་བརྡ་ཡང་གནང་ནུག།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ན་རེན་ད་ར་མོ་དི་ལུ་ བློན་ཆེན་༢ པ་སྦེ་ བཙག་འཐུ་གྲུབ་མི་ལུ་ བཀྲིས་བདེ་ལེགས་ཞུ་བའི་ཁར་ རྒྱ་གར་དེ་ དམངས་གཙོའི་རྒྱལ་ཁབ་ སྦོམ་ཤོས་ཅིག་ཨིནམ་ལས་ དབུ་ཁྲིདཔ་དེ་ ལྕོགས་གྲུབ་ཅན་དང་ སྒྲིང་སྒྲི་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱ་གར་གྱིས་ ཨ་རྟག་ར་ འབྲུག་གི་ དམིགས་བསལ་དགོས་མཁོ་ཚུ་ནང་ ངོས་འཛིན་དང་ ཡིད་ཆེས་བསྐྱེད་ཡོད་མི་དེ་ འཕྲོ་མཐུད་དེ་ར་ ངོས་ལེན་གནང་དགོཔ་སྦེ་ བློན་ཆེན་མོ་དི་ལུ་ ཞུ་ཡི་ཟེར་ཨིན་པས།
རྒྱ་གར་གྱིས་ དུས་རྒྱུན་དུ་ འབྲུག་ལུ་ བློ་གཏད་དང་ ཡིད་ཆེས་སྦོམ་ཡོད་པའི་ ཆ་རོགས་འཆམ་ཤོས་ཅིག་སྦེ་ར་ བརྩི་འཇོག་འབད་ནི་སྦེ་ བློན་ཆེན་མོ་དི་གིས་ ཁས་ལེན་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *