བློན་ཆེན་མཆོག་ ཡུ་རོབ་ལུ་ གཞུང་འབྲེལ་གཟིགས་སྐོར།

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་ ཡུ་རོབ་ཀྱི་རྒྱྱལ་ཁབ་ བེལ་ཇི་ཡམ་དང་ སུ་ཡིད་ཛར་ལེནཌ་ལུ་ གཞུང་འབྲེལ་གཟིགས་སྐོར་ནང་ ད་རིས་ བྱོནམ་ཨིན་པས།

བེལ་ཇི་ཡམ་གྱི་རྒྱལ་ས་ བ་ར་སིལསི་ལུ་ གཟིགས་སྐོར་གནངམ་ད་ བློན་ཆེན་གྱིས་ ཡུ་རོ་པིན་ཚོགས་སྡེའི་ གཙོ་འཛིན་དང་ ཡུ་རོ་པིན་ལྷན་ཚོགས་ཀྱི་གཙོ་འཛིན་ དེ་ལས་ ཡུ་རོ་པིན་སྤྱི་མཐུན་གྱི་ ཆེ་མཐོའི་འགོ་དཔོན་ཚུ་དང་ མཇལ་ཕྲད་གནང་ནི་ཨིན་པས།

སུ་ཡིད་ཛར་ལེནཌ་ལུ་ བློན་ཆེན་གྱིས་ སུ་ཡིསི་ཚོགས་སྡེའི་ གཙོ་འཛིན་དང་ སུ་ཡིསི་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ མཇལ་ཕྲད་གནང་ནིའི་ ལས་རིམ་ཡོད་པའི་གནས་ཚུལ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *