ལས་འབྲེལ་ཆིངས་ཡིག་གིས་ གསུང་གྲོས་གནང་པའི་བསྒང་།

བློན་ཆེན་གྱིས་ འཆར་ལོ་འདི་གི་ ལས་འབྲེལ་ཆིངས་ཡིག་དང་པ་གུ་ མཚན་རྟགས་བཀོད་གནང་ཡོདཔ།

༉ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ འཆར་ལོ་འདི་གི་ གཞུང་སྐྱོང་མཆོག་འགྱུར་གྱི་ ལོ་བསྟར་ལས་འབྲེལ་ཆིངས་ཡིག་དང་པ་དེ་ སྤྱི་ཟླ་༨ པའི་ཚེས་༨ ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་ མཚན་རྟགས་བཀོད་གནང་ཡི།
དེ་ཡང་ བློན་ཆེན་གྱིས་ སོ་ནམ་དང་ ནགས་ཚལ་བློན་པོ་ དེ་ལས་ དྲུང་ཆེན་དང་གཅིག་ཁར་ ལས་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་ཤུལ་ལས་ ལས་ཁུངས་༦ གི་ འགོ་འཛིན་ཚུ་དང་ མཚན་རྟགས་བཀོད་གནང་ཡི།
ཆིངས་ཡིག་དེ་ ལྷན་ཁག་དང་ ལས་ཁུངས་ཚུ་གི་ དམིགས་གཏད་དང་ ལས་སྣ་ཚུའི་ བསྐྱར་ཞིབ་འབད་བའི་ཤུལ་ལས་ འབད་ཡོདཔ་ད་ དེ་སྦེ་ མཚན་རྟགས་བཀོད་ནིའི་ ལམ་ལུགས་དེ་ཡང་ ལས་སྡེ་ཚུ་གིས་ ལོ་༡ གི་ དམིགས་གཏད་དང་ ལས་སྣ་ཚུ་ ཚུལ་བཞིན་དུ་ འགྲུབ་བཅུག་ཐབས་ལུ་ ལོ་ངོ་༦ གི་ཧེ་མ་ལས་ འགོ་བཙུགས་ཡོད་ཟེར་ གསུངས་ཡོདཔ་ད་ བློན་ཆེན་གྱིས་ ལས་སྡེ་དང་ ལས་ཁུངས་ཆ་མཉམ་གྱི་ ལས་འབྲེལ་ཆིངས་ཡིག་གི་ ནང་དོན་ཚུ་ བསྐྱར་ཞིབ་མཛད་ནུག།
བློན་ཆེན་གྱིས་འབད་བ་ཅིན་ ལས་འབྲེལ་ཆིངས་ཡིག་གི་ གྲུབ་འབྲས་ལུ་ གཞི་བཞག་སྟེ་ ལྷན་ཁག་འོག་གི་ ལས་གཡོགཔ་ཆུང་རིམ་ལས་ ལས་ཁུངས་འགོ་འཛིན་པ་ མདོ་ཆེན་དང་ དྲུང་ཆེན་ དེ་ལས་ བློན་པོ་ཆ་མཉམ་ལུ་ འགན་འཁྲི་ཕོག་ཟེར་ཨིན་པས།
འབྲེལ་གཏོགས་ཡོད་མི་ཆ་མཉམ་ ཆིངས་ཡིག་གི་ ནང་དོན་དང་འཁྲིལ་ བརྩི་འཇོག་འབད་ནི་ཨིནམ་ད་ གལ་སྲིད་ གནས་ཡུན་མཇུག་བསྡུཝ་ད་ ལས་སྣ་ཚུ་ འགོ་འདྲེན་མ་འཐབ་པར་ གྲུབ་འབྲས་བཏོན་ནི་མེད་པ་ཅིན་ ཁོང་གི་འགན་ཁུར་དང་ ལཱ་ཚུ་ལུ་ དྲི་བ་བཀོད་ཆོག་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ལྷན་ཁག་གི་ གནས་ཚད་ནང་ སོ་ནམ་དང་ནགས་ཚལ་ལྷན་ཁག་ལུ་ བརྡ་སྟོན་༤༧ ལུ་ མཐུད་སྦྲེལ་འབད་མི་ དམིགས་གཏད་བསྡོམས་༨ ཡོདཔ་ད་ འཆར་ལོ་འདི་ནང་ ལྷན་ཁག་འོག་ལུ་ བསྡོམས་ཀྱིས་ལས་སྣ་༡༠༡ ངོས་འཛིན་འབད་མི་ལས་ གྲུབ་འབྲས་བརྡ་སྟོན་༢༤༠ ཡོདཔ་ཨིན་པས།
བརྡ་སྟོན་དང་ ལས་སྣ་ཚུ་ཆ་མཉམ་ ལྷན་ཁག་གི་ བཟའ་འཐུང་ཉེན་སྲུང་དང་ གྲོང་གསེབ་དཔལ་འབྱོར་གོང་འཕེལ་ དེ་ལས་ རང་བཞིན་ཐོན་སྐྱེད་ཚུ་ ཡུན་བརྟན་འཛིན་སྐྱོང་དང་ ལག་ལེན་ཡར་དྲག་གཏང་ནི་དང་འཁྲིལ་ཨིན་པས།
འཆར་ལོ་འདི་ནང་ཚུད་མི་ ལྷན་ཁག་གི་ ལས་སྣ་ཚུའི་གྲས་ལས་ སྒོ་ནོར་ཐོན་སྐྱེད་དང་ ཤ་རིགས་ནང་འདྲེན་འབད་བའི་ དཀའ་ངལ་བསལ་ཏེ་ རྒྱལ་ཡོངས་ཀྱི་དགོས་མཁོ་བརྒྱ་ཆ་༡༠ འགྲུབ་ནི་དང་ ཀི་ལོ་མི་ཊར་༣༣༥༠ འབད་མི་ གློག་ཐག་ར་བ་སྤྲིང་ནི་ སི་ཨེཕི་ཊི་ས་ཡ་༢.༢༥ འབད་མི་ ཤིང་ཆས་ཐོན་སྐྱེད་འབད་ནི་ དེལས་ ཚོང་འབྲེལ་འཐབ་མ་ཚུགས་པའི་ གདོང་ལེན་དང་ དཀའ་ངལ་སེལ་ཐབས་ལུ་ སློབ་གྲྭ་༤༢ དང་ སྨན་ཁང་ཚུ་ སོ་ནམ་པའི་སྡེ་ཚན་ཚུ་གི་བར་ན་ མཐུན་འབྲེལ་བཟོ་ནི་ཚུ་ཨིན་པས།
ལྷན་ཁག་ནང་ མ་དངུལ་ཐེར་འབུམ་༣.༢ དཔྱ་བགོ་བཞག་མི་ལས་ དངུལ་ཀྲམ་ཐེར་འབུམ་༡.༣ གསར་སྒྲུབ་དང་ དངུལ་ཀྲམ་ཐེར་འབུམ་༡.༩༩ རྒྱུན་སྐྱོང་ཟད་འགྲོའི་དོན་ལུ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *