བློ་གསར་སློབ་རིམ་ནང་ འཛུལ་ཞུགས་འབད་ནིའི་ ལོ་ཚད་ངོ་མ?

༉ ཨ་ལོ་ཆུང་ཀུ་ཚུ་ ལོ་ཚད་མ་རནམ་ལས་ སློབ་གྲྭ་ནང་བཙུགས་པའི་ གནད་དོན་ཐོག་ལུ་ ཤེས་རིག་ལྷན་ཁག་གིས་ ཚུལ་མཐུན་ངོས་ལེན་འབད་མི་དེ་ ལེགས་ཤོམ་ཅིག་ཨིན་མས།
དུས་ཅི་ སྤྱི་ཟླ་༥ པའི་ནང་ རྒྱལ་ཁབ་མཐའ་དབུས་མེད་པའི་ མི་མང་དང་ སྒེར་གྱི་སློབ་གྲྭ་ཚུ་ནང་ སྐྱེས་ལོ་༥ དང་ ཟླཝ་༥ མན་ཆད་འབད་མི་ སློབ་ཕྲུག་ཨ་ལོ་༨༩༠ བློ་གསར་སློབ་རིམ་ནང་བཙུགས་མི་དེ་ ལྷན་ཁག་གིས་ ཆ་མེད་བཏང་ཡི།
ཨ་ལོའི་ཕམ་ཚུ་དང་ སྒེར་གྱི་སློབ་གྲྭའི་ཇོ་བདག་ དེ་ལས་ དབུ་འཛིན་ཚུ་གིས་ སྤྱི་ཟླ་༦ པའི་ཚེས་༡༣ ལུ་ བློན་ཆེན་ལུ་ ཞུ་གཏུགས་འབད་ཡོདཔ་ད་ དེ་ཡང་ བློ་གསར་སློབ་རིམ་ནང་ བཙུགས་ནིའི་ལོ་ཚད་དེ་ གཞུང་གིས་ སྐྱེས་ལོ་༥ ལུ་ བཟོ་དགོཔ་སྦེ་ཨིན་མས།
ཨ་ལོའི་ཕམ་ཚུ་དང་ སྒེར་གྱི་སློབ་གྲྭའི་ཇོ་བདག་ དེ་ལས་ དབུ་འཛིན་ཚུ་གི་ཁ་ཐུག་ལས་ རྒྱབ་ཁུངས་ཚུ་ གསལ་བཀོད་འབད་མི་དེ་ལུ་ གནད་ཁུངས་ཡོདཔ་མ་ཚད་ ང་བཅས་ཀྱིས་ལྟ་རུང་ འོས་ལྡན་ཅིག་སྦེ་ མཐོངམ་ཨིན་མས།
ཕྱོགས་གཅིག་ལས་ དཔྱད་བལྟ་བ་ཅིན་ ཕམ་གཉིས་ཆ་ར་ ལཱ་གཡོག་ནང་འབད་མི་ཚུ་གི་དོན་ལུ་ ཨ་ལོ་བལྟ་མི་དང་ ཡང་ཅིན་ ཆ་རོགས་འབད་མི་ མ་ཐོབ་པའི་དཀའ་ངལ་ ཚབས་ཆེན་སྦེ་ར་ བྱུང་སྟེ་འདུག།
ཤེས་རིག་ལྷན་ཁག་གི་ཁ་ཐུག་ལས་ ཨ་ལོའི་ཕམ་ཚུ་དང་ སྒེར་གྱི་སློབ་གྲྭའི་ཇོ་བདག་དང་ དབུ་འཛིན་ཚུ་གིས་ ཞུ་བ་འབད་མི་དེ་ལུ་ ངོས་ལེན་མེདཔ་ད་ དེ་ཡང་གཙོ་བོ་ར་ འཛམ་གླིང་གི་ཞིབ་འཚོལ་ནང་ ངོས་འཛིན་བྱུང་མི་དང་ ལག་ལེན་འཐབ་བཞིན་ཡོད་མི་དང་འཁྲིལཝ་ད་ ཨ་ལོ་ཕོཝ་རྒྱགས་པའི་དུས་ཚོད་དང་ ཨ་ལོའི་གཟུགས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་གནས་སྟངས་ནང་ དཔེ་ཆ་ལྷབ་ནི་དང་ སློབ་གྲྭ་ནང་འགྱོ་ནི་དེ་ དཔེ་འབད་བ་ཅིན་ མ་ཐེག་པའི་ཁུར་ཆ་ བཀལ་དོ་བཟུམ་ཅིག་ཨིནམ་ལས་ ཁེ་ཕན་དང་ ཡང་ཅིན་ གནོད་ཉེན་ག་ལུ་ཡོདཔ་ཨིན་ན་ ང་བཅས་ར་ ཧ་གོ་དགོཔ་འདུག།
ཤེས་རིག་ལྷན་ཁག་གི་ ལམ་ལུགས་ནང་ལྟ་རུང་ དཀའ་ངལ་ཡོད་པའི་ ཤེས་རྟོགས་བྱུང་མི་དེ་ཡང་ གལ་སྲིད་ མི་མང་དང་ སྒེར་གྱི་སློབ་གྲྭ་ཚུ་ནང་ བློ་གསར་སློབ་རིམ་ནང་ འཛུལ་ཞུགས་འབད་མི་ ཨ་ལོ་ཚུ་གི་ལོ་ཚད་དེ་ སྐྱེས་ལོ་༦ དང་ ཡང་ཅིན་ སྤྱི་ལོ་༢༠༡༣ གྱི་ཟླཝ་༢ པའི་ཚེས་༡༣ ལུ་སྐྱེས་མི་དང་ ཡང་ཅིན་ འདི་གི་ཧེ་མར་ སྐྱེས་མི་ཚུ་ཟེར་ འཁོད་ཡོད་པ་ཅིན་ ག་དེ་སྦེ་ ལྟ་རྟོག་འབད་ནི་སྨོ?
ལྷན་ཁག་གིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ འཛུལ་ཞུགས་དུས་ཚོད་རྫོགས་པའི་ཤུལ་ལས་ གལ་སྲིད་ ས་སྟོང་ཡོད་པ་ཅིན་ སྐྱེས་ལོ་ཕྱེད་དང་༦ ལང་མི་ཨ་ལོ་ཚུ་ བློ་གསར་སློབ་རིམ་ནང་ བཙུགས་ནིའི་ཐད་ཁར་ སློབ་གྲྭ་ཚུ་ལུ་ ཐག་བཅད་ནིའི་ དབང་ཚད་ཡོད་ཟེར་ཨིན་མས།
འཛམ་གླིང་ནང་ ཤེས་རིག་མཁན་ཚུ་གིས་ ཞིབ་འཚོལ་འབད་མི་དང་འཁྲིལཝ་ད་ ཨ་ལོ་ཚུ་ སྐྱེས་ལོ་༦ ལངམ་ད་ ཨ་ལོའི་ཀླདཔ་དེ་ ཧ་ལམ་ མི་སྦོམ་གྱི་ཀླདཔ་དང་ ཆ་འདྲ་སུ་འགྱོཝ་ཨིན་ཟེར་ཨིནམ་ད་ རྒྱུ་མཚན་འདི་ལུ་བརྟེན་ སྐྱེས་ལོ་༦ ལངམ་ད་ བློ་གསར་སློབ་རིམ་ནང་བཙུགས་མི་ ཨ་ལོ་ཚུ་གིས་ ཆོས་རྒྱུགས་ནང་ སྐུགས་ཚད་ལེགས་ཤོམ་ཐོབ་མ་ཚད་ སྐྱེས་ལོ་༧ དང་༡༠ ལངམ་དང་ གནད་དོན་ག་ཅིའི་ཐད་ལས་འབད་རུང་ ཁོང་རང་གིས་ ཧ་གོཝ་མ་ཚད་ གནས་སྟངས་དང་ མཐུན་སྒྲིག་འབད་ཚུགས་ཟེར་ཨིན་མས།
ཤེས་རིག་ལྷན་ཁག་གིས་འབད་རུང་ མི་སྡེའི་དཔལ་འབྱོར་གོང་འཕེལ་དང་ ང་བཅས་རའི་ མི་སྡེ་ནང་ བསྒྱུར་བ་ལེ་ཤ་འགྱོ་བཞིན་ཡོད་མི་ཚུ་ སེམས་ཁར་བཞག་སྟེ་ ཞིབ་འཇུག་མཐིལ་ཕྱིན་འབད་དགོཔ་འདུག།
ང་བཅས་རའི་ ཤེས་རིག་གི་སྐོར་ལས་དང་ རྒྱལ་ཁབ་ཀྱི་ མ་འོངས་གནས་སྟངས་ རྩ་བརྟན་བཟོ་ནིའི་སྐོར་ལས་ གྲོས་བསྡུར་འབད་བའི་དུས་ཚོད་ལུ་ ལམ་ལུགས་དེ་ར་ སྒྲིང་སྒྲི་བཟོ་ནི་མ་གཏོགས་ མི་དག་པ་ཅིག་གི་ བྱ་སྟབས་བདེ་ཧིང་བཟོ་ནི་དེ་ རིགཔ་བསྒྱིམ་དགོཔ་འདུག།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *