བྱི་ལོ་གིས་ ལ་མཐོ་སར་ སྡོད་མི་ཚུ་ལུ་ཡང་ དཀའ་སྡུག་བྱིན་ཡོདཔ།

༉ གནམ་ལོ་བྱི་ལོ་ནང་ མགར་ས་རྫོང་ཁག་གི་ ལ་མཐོ་སར་སྡོད་མི་ མི་སེར་ཚུ་ལུ་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་ལུ་བརྟེན་ དབྱར་རྩྭ་དགུན་འབུབ་བཙོང་མ་ཚུགས་པའི་ གདོང་ལེན་བྱུང་ནུག།

དེ་ཡང་ གནམ་གཤིས་གནས་སྟངས་ལུ་བརྟེན་ མི་སེར་ཚུ་ གནམ་དགུན་ལུ་ མཐའ་ས་ལུ་འགྱོ་ནིའི་ དུས་ཚོད་ཐུང་སུ་ཅིག་ལས་བརྒལ་མེདཔ་ལས་ གཞུང་གིས་ དབྱར་རྩྭ་དགུན་འབུབ་བཙོང་ནི་ལུ་ ཆ་རོགས་འབད་རུང་ གོང་ཚད་ལེགས་ཤོམ་ཐོབ་མ་ཚུགས་པས།

འགྲུལ་སྐྱོད་བཀག་དམ་ དུས་ཡུན་རིངམོ་སྦེ་ བཞག་མི་ལུ་བརྟེན་ ལ་ཡ་དང་ ལུང་ནག་ནའི་ མི་སེར་ཚུ་ལུ་ ཉེར་མཁོའི་ཅ་ཆས་ མཁོ་སྒྲུབ་འབད་ནི་ལུ་ གདོང་ལེན་བྱུང་ཡོདཔ་ད་ དེ་ཡང་ ལོ་བསྟར་བཞིན་དུ་ དབྱར་རྩྭ་དགུན་འབུབ་ལས་ཐོབ་མི་ འོང་འབབ་དེ་གིས་ ལོ་༡ གི་རིང་ ལང་ཚུགས་པའི་ ཉེར་མཁོའི་ཅ་ཆས་ཚུ་ མཁོ་སྒྲུབ་འབད་དེ་ གཡུས་ཁར་འབག་འགྱོ་དོ་ཡོདཔ་ཨིན་པས།

དབང་འདུས་ཕོ་བྲང་དང་ སྤུ་ན་ཁ་ དེ་ལས་ མགར་ས་རྫོང་ཁག་བདག་སྐྱོང་གིས་ འགོ་འདྲེན་ཐོག་ལས་ མཐའ་ས་ལུ་ འོང་ནི་དང་ བཟའ་འཐུང་གི་རིགས་ བཀྲམ་སྤེལ་འབད་ནི་ལུ་ རྒྱབ་སྐྱོར་འབད་ནུག།

དེ་བཟུམ་སྦེ་ མི་སེར་ཚུ་ལུ་ བཟའ་འཐུང་གི་ ཚ་གྱང་ལང་ཡོདཔ་བཟུམ་སྦེ་ ལུང་ནག་ན་གི་ མི་སེར་ཚུ་ སྒོར་ནོར་སེམས་ཅན་ཚུ་ལུ་ ཚ་གྱང་ལང་དགོཔ་བྱུང་ཡོདཔ་ད་ གནམ་དགུན་ལུ་ གྱང་ཤུགས་ཆེ་ནི་དེ་གིས་ རྟ་ཚུ་ ཆག་དང་ རྩྭ་མ་ཐོབ་པའི་ གདོང་ལེན་བྱུང་ཡོདཔ་ཨིན་པས།

མགར་ས་རྫོང་ཁག་བདག་སྐྱོང་གིས་ ཞི་གཡོགཔ་ཚུ་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་ནིའི་དོན་ལུ་ ལྡུམ་ར་ནང་ ཚོད་བསྲེ་འཛུགས་སྐྱོང་འབད་བཅུག་ཡོདཔ་བཞིན་དུ་ གྲྭ་ཚང་གི་ དགེ་སློང་ཚུ་གིས་ཡང་ ཚོད་བསྲེ་འཛུགས་སྐྱོང་འབད་བའི་ཁར་ མི་སེར་ཚུ་ལུ་ སྔོ་ཚལ་ཤེལ་ཁྱིམ་ཚུ་ འཛིན་སྐྱོང་འཐབ་བཅུག་ནུག།

སྤྱི་ལོ་༢༠༢༠ ཟླ་༣ པའི་ནང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ མགར་ས་ཚ་ཆུ་སྒོ་བསྡམས་ཡོདཔ་ལས་ ཚོང་འབྲེལ་ལུ་ ཐོ་སྦོམ་སྦེ་ ཕོག་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *