རྟ་ཚུ་གིས་ དོ་སྐྱེལ་འདྲེན་འབད་བའི་བསྒང་།

བྱང་ཕུག་རྩེ་ལུ་ རྟ་ལམ་ལེགས་ཤོམ་མེད་པའི་ གདོང་ལེན།

༉ འཚོ་བ་སོ་ནམ་ལུ་བརྟེན་སྡོད་མི་ བྱང་ཕུག་རྩེའི་མི་སེར་ཚུ་གིས་ དོ་སྐྱེལ་འདྲེན་ལུ་བརྟེན་ འོང་འབབ་བཟོ་ཚུགས་ཏེ་འབད་རུང་ རྟ་ལམ་ལེགས་ཤོམ་མེད་ནི་དེ་གིས་ སྟབས་མ་བདེཝ་བྱུང་སྟེ་འདུག།
དེ་ཡང་ ས་གནས་གཞན་ཁར་བཟུམ་སྦེ་ ལྟ་བཤལ་པ་འོང་ནི་མེད་རུང་ རྒྱ་གར་ཏ་ཝང་གི་མི་སེར་དང་ སློབ་གྲྭ་ལ་སོགས་པའི་ དོ་སྐྱེལ་འདྲེན་འབད་དེ་ འོང་འབབ་བཟོ་དོ་ཡོདཔ་ཨིན་པས།
ས་གནས་ནང་སྡོད་མི་ རྡོ་རྗེ་དང་འཁྲིལ་བ་ཅིན་ རྟ་ལམ་ལེགས་ཤོམ་མེདཔ་ལས་ དོ་སྐྱེལ་འདྲེན་འབདཝ་ད་ སྟབས་མ་བདེཝ་འདུག་ཟེར་ཨིནམ་ད་ འཕྲལ་འཕྲལ་ར་ རྟ་ཚུ་འགྱེལ་འགྱོ་ནི་ཡོདཔ་ལས་ ཉེན་ཁ་འདུག་ཟེར་ཨིན་པས།
གཡུས་མི་ཅིག་གིས་ སླབ་མིའི་ནང་ བྱང་ཕུག་རྩེ་དེ་ འཁོར་ལམ་མེད་པའི་ མཐའ་ཟུར་གཡུས་ཚན་ཅིག་འབདཝ་ལས་ ཞི་གཡོགཔ་ཚུ་གིས་ཡང་ ལྟ་སྐོར་ལུ་ འོང་མ་བཏུབ་པའི་ གནས་སྟངས་ཤར་ཏེ་ཡོདཔ་ལས་ རྟ་ལམ་ཅིག་ ལེགས་བཅོས་འབད་བ་ཅིན་ ཕན་ཐོགས་ནི་མས་ཟེར་ཨིན་པས།
བྱང་ཕུག་རྩེ་དེ་ འཁོར་ལམ་ལས་ རྐང་སྟོང་སྦེ་ དུས་ཡུན་ཆུ་ཚོད་༤ ལྷགཔ་ཅིག་ གྱེན་འཛེགས་ཏེ་ འགྱོ་དགོ་པའི་ཁར་ རྟ་དང་གཅིག་ཁར་འབད་བ་ཅིན་ དུས་ཡུན་ཆུ་ཚོད་༥ ལྷགཔ་ཅིག་ འགོར་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༥༤ ལང་མི་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་སྲིད་བྱུས་ལུ་བརྟེན་ འཁོར་ལམ་ལྷོད་ནིའི་རེ་བ་མེད་རུང་ གཞུང་གིས་ རྟ་ལམ་ལེགས་ཤོམ་ཅིག་ བསལ་གནང་པ་ཅིན་ སྟབས་བདེ་ནི་མས་ཟེར་ཨིན་པས།
ད་རེས་ཁོ་ལུ་ རྟ་༤ ཡོདཔ་ལས་ འཕྲལ་འཕྲལ་ར་ དོ་སྐྱེལ་འདྲེན་འབད་རུང་ རྟ་ལམ་ལེགས་ཤོམ་མེདཔ་ལས་ གདོང་ལེན་འདུག་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ འཁོར་ལམ་མཐུན་རྐྱེན་མེད་ས་ལུ་ རྟ་དང་དྲེལ་མེད་པ་ཅིན་ རྒེད་འོག་ལྟེ་བ་ལས་ དོ་སྐྱེལ་འདྲེན་འབད་ནི་ལུ་ ལཱ་ཁག་ཡོདཔ་ལས་ མི་ལྷག་མེད་མི་ཚུ་ ཨིན་ཅི་མིན་ཅི་ རྟ་གསོ་སྐྱོང་འབད་དགོ་ཟེར་ཨིན་པས།
ད་རེས་ བྱང་ཕུག་རྩེ་གཡུས་ཚན་ནང་ རྟ་དང་དྲེལ་མེད་མི་ རེ་གཉིས་མ་གཏོགས་ ཆ་མཉམ་གྱིས་ རྟ་གསོ་སྐྱོང་འབད་དོ་ཡོདཔ་ད་ གཡུས་ཚན་ནང་ རྟ་དང་དྲེལ་༡༠༠ ལྷགཔ་ཅིག་ཡོད་ཟེར་ ས་གནས་ཀྱི་མི་སེར་ཚུ་གིས་ བཤདཔ་ཨིན་པས།
དོ་སྐྱེལ་དྲེན་འབད་མི་ བཀྲིས་དབང་འདུས་ཀྱིས་ སླབ་མིའི་ནང་ རྒྱ་གར་ཏ་ཝང་གི་མི་སེར་ཚུ་གིས་ བཀྲིས་སྒང་མེ་རག་དང་ སག་སྟེང་ལས་ཐོན་མི་ གཡག་གི་ཐོན་སྐྱེད་དང་ གཞན་སོ་ནམ་གྱི་ཐོན་སྐྱེད་ཚུ་གི་ དོ་སྐྱེལ་འདྲེན་ཚར་རེ་འབདཝ་ད་ དངུལ་ཀྲམ་༤༠༠ རེ་ ལེན་དོ་ཟེར་ཨིནམ་ད་ འོང་འབབ་འབོར་ཆེ་ཏོག་ཏོ་མེད་རུང་ དུམ་གྲ་རེ་ བཟོ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དོ་སྐྱེལ་འདྲེན་ལུ་བརྟེན་ འོང་འབབ་དེ་ཅིག་བཟོ་མ་ཚུགས་རུང་ བཀྲིས་གཡང་རྩེ་ མཆོད་རྟེན་སྐོར་ར་དང་ དག་པ་སྐོར་རའི་སྐབས་ལུ་ འོང་འབབ་བཟོ་ཚུགས་པས་ཟེར་ཨིནམ་ད་ དོ་སྐྱེལ་འདྲེན་འབད་ནི་ཡོད་པ་ཅིན་ ཏ་ཝང་གི་མི་སེར་ཚུ་གིས་ ཁོང་ལུ་ སླབ་ནི་ཡོད་ཟེར་ཨིན་པས།
ཨ་ལོ་༣ གྱི་ཨའི་ ཐུགས་རྟེན་ལྷ་སྒྲོན་གྱིས་ སླབ་མིའི་ནང་ དོ་སྐྱེལ་འདྲེན་འབད་ནི་ ལེ་ཤ་ཡོད་པ་ཅིན་ གཡུས་ཁའི་ རྟ་ཚུ་ག་ར་བསྡོམས་ཏེ་ གཏང་ནིའི་ཡོད་ཟེར་ཨིནམ་ད་ ལཱ་མེད་པའི་སྐབས་ རྟ་ཚུ་རི་ཁར་གཏང་བཞགཔ་ཨིན་ཟེར་ ཨིན་པས།
གཡུས་མི་རྒས་ཤོས་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྟ་ལམ་གཟར་དྲགས་ཡོདཔ་ལས་ དོ་སྐྱེལ་ནིའི་དོན་ལུ་ སྟབས་མ་བདེཝ་ཡོད་ཟེར་ཨིནམ་ད་ ཧེ་མ་དང་ཕྱདཔ་ད་ ལེགས་བཅོས་འབད་རུང་ རྒྱ་སྦོམ་སྦེ་ར་ ལེགས་བཅོས་འབད་དགོཔ་ཡོད་ཟེར་ཨིན་པས།
མི་སེར་ལ་ལོ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྟ་ལམ་ལེགས་ཤོམ་ཅིག་དགོ་པའི་སྐོར་ལས་ གཞུང་གི་འགོ་དཔོན་ཚུ་ལུ་ ཞུ་བ་འབད་རུང་ ངོས་ལེན་མིན་འདུག་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་གི་ རྒྱབ་སྐྱོར་ལུ་བརྟེན་ འཕྲལ་མགྱོགས་ར་ རྟ་ལམ་བསལ་ནི་ཨིནམ་བཞིན་དུ་ བྱང་ཕུག་རྩེ་གཡུས་ཚན་གྱི་དོན་ལུ་ རྟ་བཞོན་དང་ སྤྲོ་བཤལ་དོན་ལུ་ དངུལ་ཀྲམ་ས་ཡ་༢.༦༠༠ བཞག་མི་དེ་གིས་ ཕན་ཐོགས་འབྱུང་བའི་རེ་བ་ཡོད་ཟེར་ སྟོད་ཚོ་རྒཔོ་ བདེ་ཆེན་དབང་འདུས་ཀྱིས་ སླབ་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *