ར་ཀ་རོ་ཀོ་དང་ གེ་སར་རྒྱལ་པོ་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབད་བའི་བསྒང་།

བོ་ལི་བཱོལ་རྩེད་འགྲན་ཚུ་ནང་ བཅའ་མར་གཏོགས་མི་མེད་པའི་གདོང་ལེན།

༉ བསམ་གྲུབ་ལྗོངས་མཁར་ལུ་ བོ་ལི་བཱོལ་གྱི་ རྩེད་འགྲན་ཚུ་ འགོ་འདྲེན་འཐབ་པའི་སྐབས་ བཅའ་མར་གཏོགས་མི་གངམ་མེདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ བོ་ལི་བཱོལ་ལུ་ སྤྲོ་བ་ཡོད་མི་ཅིག་གིས་ རྩེད་འགྲན་ཉིནམཙ་༡ འགོ་འདྲེན་འཐབ་ད་ སྡེ་ཚན་༥ མ་གཏོགས་ བཅའ་མར་གཏོགས་མི་ མ་ཐོན་པས།
འགོ་འདྲེན་འཐབ་མི་ སངས་རྒྱས་ཀྱིས་ རྫོང་ཁག་ནང་ ཁུ་རུ་དང་ ཕུཌ་བཱོལ་གྱི་ རྩེད་འགྲན་ཚུ་ འགོ་འདྲེན་འཐབ་པའི་སྐབས་ བཅའ་མར་གཏོགས་མི་ ལེ་ཤ་འོངམ་ཨིན་རུང་ དེ་ཚུ་ནང་ཡང་ མར་བབས་སོང་ནུག་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ བོ་ལི་བཱོལ་གྱི་ཐད་ཁར་ མི་ག་གིས་ འགོ་འདྲེན་འཐབ་རུང་ སྡེ་ཚན་༥ དང་༦ དེ་ཅིག་ལས་བརྒལ་ བཅའ་མར་གཏོགས་མི་ མ་ཐོན་མི་དེ་ཡང་ རྫོང་ཁག་དེ་ནང་ བོ་ལི་བཱོལ་རྩེད་ཐང་ ལེགས་ཤོམ་མེད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ བོ་ལི་བཱོལ་ལུ་ སྤྲོ་བ་ཡོད་རུང་ འབྲེལ་ཡོད་ཡིག་ཚང་ཚུ་ལས་ རྒྱབ་སྐྱོར་མི་ཐོབ་པའི་ཁར་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མི་མེདཔ་ལས་ རྩེད་འགྲན་འགོ་འདྲེན་འཐབ་མི་ཚུགས་པས་ཟེར་ཨིན་པས།
ཁྲོམ་སྡེ་གིས་ བོ་ལི་བཱོལ་རྩེད་ཐང་བཟོ་ནིའི་དོན་ལུ་ ས་གོ་བྱིན་ཏེ་ཡོད་རུང་ མ་དངུལ་མེདཔ་ལས་ བཟོ་མ་ཚུགས་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༠ ལུ་ ར་ཀ་རོ་ཀོ་དང་ གེ་སར་རྒྱལ་པོ་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབད་བའི་སྐབས་ ར་ཀ་རོ་ཀོ་སྡེ་ཚན་གྱིས་ རྩེད་འགྲན་སྐོར་ཐེངས་༣ རྒྱལ་ཡོདཔ་ལས་ རྒྱལ་རྟགས་དང་ གསོལ་རས་དངུལ་ཀྲམ་༡༥,༠༠༠ ཐོབ་ཡོདཔ་གེ་སར་རྒྱལ་པོ་སྡེ་ཚན་གྱིས་ དངུལ་ཀྲམ་༡༢,༠༠༠ ཐོབ་ནུག།
རྩེད་འགྲན་དེ་ནང་ བཅའ་མར་གཏོགས་མི་ སྡེ་ཚན་རེ་གིས་ འཛུལ་འཐུས་དངུལ་ཀྲམ་༧,༠༠༠ རེ་ སྤྲོད་ཡོད་པའི་གནས་ཚུལ།
སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *