བུམ་ཐང་ལུ་ ལོ་བསྟར་སྨོན་ལམ་ཆེན་མོ་འགོ་བཙུགས་ཡོདཔ།

༉ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ བུམ་ཐང་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ཐེངས་༢ པ་ འགོ་བཙུགས་གནང་ཡི།
སྨོན་ལམ་ཆེན་མོ་ འགོ་བཙུགསཔ་དང་འབྲེལ་ སྐྱབས་རྗེ་མཆོག་གིས་ བུམ་ཐང་རྫོང་ཁག་གི་ སྨོན་ལམ་ཆེན་མོའི་དུས་དེབ་ འགོ་འབྱེད་མཛད་གནང་ཡི།
དུས་དེབ་ནང་ སྨོན་ལམ་ཆེན་མོ་གནང་དགོ་པའི་སྐོར་ལས་དང་ རྫོང་ཁག་ནང་འཁོད་ཀྱི་ གནས་རྩ་ཅན་ཚུ་གི་བཤད་པ་ དེ་ལས་ རྫོང་བདག་དང་ བླམ་གནས་བརྟན་རིམ་བྱོན་ཚུ་ གསལ་བཀོད་འབད་ནུག།
མཁན་པོ་རྟ་མགྲིན་སྲིད་ཐུབ་ཀྱིས་ སླབ་མིའི་ནང་ དུས་དེབ་རྩོམ་སྒྲིག་འབད་དགོ་མི་དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་བཞི་ལས་ ཆོས་དང་ལམ་སྲོལ་གྱི་བཀའ་ཆེན་ ཉམས་སྲུང་འབད་ནི་དང་ དར་ཁྱབ་གཏང་ནི་ དེ་ལས་ ན་གཞོན་ཚུ་གིས་ དེ་ནང་གྲལ་གཏོགས་འབད་དེ་ ཁོང་རའི་རྒྱུད་ལུ་ བསོད་ནམས་བསག་ནི་དང་ མི་སེར་ཚུ་གིས་ སྨོན་ལམ་བཏབ་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བུམ་ཐང་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་གནངམ་དང་འབྲེལ་ སྨོན་ལམ་ཆེན་མོའི་དུས་དེབ་ གསར་བཏོན་མཛད་གནང་པའི་བསྒང་།
དེ་མ་ཚད་ འབྲུག་གི་རྒྱལ་བློན་འབངས་༣ གཅིག་མཐུན་བཟོ་ནི་དང་ དམར་མཆོད་བཀག་འཛིན་འབད་ནི་ དེ་ལས་ ལམ་སྲོལ་གོང་འཕེལ་གཏང་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།
བདུན་ཕྲག་༡ གི་རིང་ གནང་ནི་ཨིན་པའི་ སྨོན་ལམ་ཆེན་མོའི་ནང་ བུམ་ཐང་རྫོང་ཁག་ནང་འཁོད་ཀྱི་ གྲྭ་ཚང་ཁག་གི་ དགེ་སློང་དང་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གིས་ གྲལ་གཏོགས་འབད་ཡི།
བུམ་ཐང་ལུ་ སྨོན་ལམ་ཆེན་མོ་ འགོ་དང་པ་ར་ སྤྱི་ལོ་༡༩༣༦ ལུ་ ཐར་པ་གླིང་ལུ་སྦེ་ འགོ་བཙུགས་ཡོདཔ་ད་ སྐྱབས་རྗེ་མཆོག་གིས་ རྫོང་ཁག་༢༠ ནང་ སྨོན་ལམ་ཆེན་མོའི་སྲོལ་བཟང་ གཞི་བཙུགས་ཀྱི་མཛད་འཆར་ ལེགས་པར་གྲུབ་པའི་ གཏང་རག་དང་འབྲེལ་ སྤྱི་ལོ་༢༠༡༧ ལུ་ བུམ་ཐང་རྫོང་ཁག་ནང་ སྨོན་ལམ་ཆེན་མོ་ གཞི་བཙུགས་མཛད་གནང་ནུག།
སྤྱི་ཟླ་༧ པའི་ཚེས་༢༩ ལུ་ སྐྱབས་རྗེ་མཆོག་གིས་ དབང་གནང་ནི་དང་ སྤྱི་ཟླ་༧ པའི་ཚེས་༣༠ ལུ་ སྨོན་ལམ་ཆེན་མོ་ འགྲོལ་གནང་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། བུམ་ཐང་།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *