བུམ་ཐང་ལུ་ ཚོགས་རྒྱན་སྐྱུར་མི་ མངམ་འཐོན་ནིའི་རེ་བ།

༉ བུམ་ཐང་ལུ་ ཚོགས་རྒྱན་སྐྱུར་མི་དང་ བཙག་འཐུ་འགོ་དཔོན་ཚུ་ ད་རིས་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་རྒྱན་གྱི་ཉིནམ་ལུ་ གྲ་སྒྲིག་ཡོདཔ་ད་ ཚོགས་རྒྱན་འགོ་དཔོན་ཆ་མཉམ་ར་ རྫོང་ཁག་དེ་གི་ ཚོགས་རྒྱན་ས་ཁོངས་༡༩ ནང་ སྤྱི་ཟླ་༤ པའི་ཚེས་༡༨ ལུ་ལྷོད་ནུག།

བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ རྩོད་རྙོགས་ཐོན་པའི་ སྙན་ཞུ་ཕུད་རྡོག་གཅིག་ཡང་ མ་ཐོབ་ཟེར་ཨིན་པས།

ས་ཁོངས་ཚུ་ནང་ ཉེན་སྲུང་ལྟ་རྟོག་པ་ཚུ་ མ་བརྩིས་བར་ ཚོགས་རྒྱན་འགོ་དཔོན་༡༡༦ བགོ་བཀྲམ་འབད་དེ་ཡོདཔ་ད་ རྫོང་ཁག་གི་ ཚོགས་རྒྱན་ས་ཁོངས་མང་ཤོས་ནང་ར་ འཁོར་ལམ་ཡོདཔ་བཞིན་དུ་ ཚོགས་རྒྱན་ས་ཁོངས་ཐག་རིང་ཤོས་ར་ ལྕམ་མཁར་ལས་ ཀི་ལོ་མི་ཊར་༥༥ གི་ས་གནས་ ཤིང་མཁར་ལུ་ ཡོད་མི་དེ་ཨིན་པས།

ད་རུང་ བུམ་ཐང་ལུ་ འགྲེམ་ཐོག་ཚོགས་རྒྱན་ལྷན་ཐབས་ས་ཁོངས་ཐོག་ལས་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༨༠ ཐོན་མི་དེ་ གྱངས་ཁ་མཐོ་ཤོས་ཅིག་ཨིནམ་ད་ མཐུན་རྐྱེན་དེ་གི་དོན་ལུ་ ཐོ་བཀོད་འབད་མི་༡,༦༠༡ ལས་༡,༢༧༤ གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནུག།

དབང་འདུས་ཆོས་གླིང་དང་ ཆུ་སྨད་ལུ་ འགྲེམ་ཐོག་ཚོགས་རྒྱན་ལྷན་ཐབས་ས་ཁོངས་༢ བཙུགས་ཡོདཔ་ད་ དབང་འདུས་ཆོས་གླིང་ལུ་ ཕོ་སྐྱེས་༤༨༧ དང་ ཨམ་སྲུ་༤༦༨ འབདཝ་ད་ མི་གྲངས་༩༥༥ གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ ཆུ་སྨད་ལུ་ ཕོ་སྐྱེས་༡༦༩ དང་ ཨམ་སྲུ་༡༥༠ བརྩིས་ཏེ་ མི་གྲངས་༣༡༩ གིས་ ཚོགས་རྒྱན་བཙུགས་ནུག།

དེ་ལས་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མིའི་ཐད་ལུ་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ ཚོགས་རྒྱན་འབྲི་ཤོག་༦༡༩ བསྐྱལ་མི་ལས་༥༣༢ ཐོབ་ཡོདཔ་ཨིན་པས།

བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་ལ་ལོ་ཅིག་ ལྷོད་པའི་བསྒང་དང་༨༧ ད་རིས་དྲོ་པར་ ལྷོད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ལྕམ་མཁར་ལུ་སྡོད་མི་ སྐྱེས་ལོ་༨༠ ལང་མི་ཅིག་གིས་ སླབ་མིའི་ནང་ ཚོགས་རྒྱན་གྱི་ གྲུབ་འབྲས་ག་དེ་སྦེ་འཐོན་རུང་ བུམ་ཐང་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ལེགས་ཤོམ་ཅིག་ འཐོན་ནི་གི་ འོས་འབབ་ཡོད་མི་དེ་ཡང་ འདེམས་ངོ་གཉིས་ཆ་ར་ ལྕོགས་གྲུབ་ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཚོགས་རྒྱན་ས་ཁོངས་མང་ཤོས་ར་ ཁོང་རའི་སྡོད་ཁྱིམ་གྱི་ ཉེ་འདབས་ལུ་ཡོདཔ་ལས་ ཚོགས་རྒྱན་སྐྱུར་མིའི་གྱངས་ཁ་ མངམ་འོང་ནི་གི་ རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *