བུམ་ཐང་ལུ་ གྲོང་ཁྱིམ་ཅིག་འཚིགས་ཡོདཔ།

༉ ཁ་ཙ་ བུམ་ཐང་སྟང་རྒེད་འོག་ གནམ་ཁ་གཡུས་ཚན་ནང་ རང་ལུགས་ཀྱི་ ཐོག་ཚད་༢ འབད་མི་ཁྱིམ་ཅིག་ མེ་གིས་ རྩ་བ་ལས་ར་ འཚིགས་སོཔ་ལས་ ཅ་ཆས་ག་ནི་ཡང་ མ་ཐོབ་པས།
མེ་རྐྱེན་དེ་ཡང་ དྲོ་པའི་ཆུ་ཚོད་༡༠:༢༥ དེ་ཅིག་ཁར་ བྱུང་ཡོདཔ་ཨིན་རུང་ ཁྲིམས་སྲུང་འགག་པ་ཚུ་ ལྕམ་མཁར་ལས་ ས་ཁོངས་དེ་ནང་ ལྷོད་པའི་བསྒང་ལས་ ཁྱིམ་དེ་ འཚིགས་ཚར་ཡོདཔ་ད་ ཁྱིམ་དེ་ནང་སྡོད་མི་ སྐྱེས་ལོ་༧༣ ལང་མི་ ཨང་རྒས་གཅིག་ལས་བརྒལ་མེད་རུང་ དེ་བསྒང་ མོ་ར་ བ་ལས་ཨོམ་བཞོ་བར་ ཕྱི་ཁར་ཡར་སོང་ནུག་ཟེར་ཨིན་པས།
མེ་རྐྱེན་དེ་ ཨ་རག་བཀལ་བཞག་མི་ བུ་ཁ་རི་ལས་ བྱུང་བྱུངམ་བཟུམ་ཅིག་འདུག་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

རྫོང་ཁའི་རྩ་གཞུང་ སྤྲོ་བ་ཆེ་ཏོག་ཏོ་བཟོ་ནི།

༉ རྫོང་ཁའི་རྩ་གཞུང་ བསྐྱར་ཞིབ་འབད་དེ་ ལྷབ་མི་ཚུ་གིས་ ལྷབ་དགོ་བདེ་ཏོག་ཏོ་སྦེ་ བཟོ་ནི་ཨིནམ་མ་ཚད་ དུས་དང་བསྟུན་པའི་ རྩ་གཞུང་ཅིག་བཟོ་ནི་ཨིན་པས།རྩ་གཞུང་བཟོ་མི་ སྡེ་ཕྲན་གྱི་འགོ་དཔོན་ རྡོ་རྗེ་དང་འཁྲིལ་བ་ཅིན་ ན་གཞོན་སློབ་ཕྲུག་ཚུ་གིས་ རྫོང་ཁ་ལྷབ་ནི་ལུ་ སྤྲོ་བ་དེ་ཅིག་ར་མི་བསྐྱེད་པས་ཟེར་ཨིནམ་ད་ སྤྲོ་བ་བསྐྱེད་བཅུག་ནིའི་ བརྗོད་དོན་ར་ …

Leave a Reply

Your email address will not be published. Required fields are marked *