བི་ཨོ་བི་ བྷུ་ཊཱན་པི་རི་མི་ཡར་ལིག་རྩེད་འགྲན་ འགོ་བཙུགས་ཡོདཔ།

༉ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་ རྩེད་འགྲན་པ་ ཡོངས་གྲགས་ལུ་ཀི་རིཤ་ཊེན་ རོ་ནཱལ་ཌོ་ཟེར་སླབ་མི་ སྤ་རོ་ཨེཕ་སི་སྡེ་ཚན་གྱི་ བཙན་སྐྱོགས་རྒྱལ་མཚན་གྱིས་
འབྲུག་ཨིས་ཊཱར་ལུ་ གཱོལ་༤ དང་ ཆ་རོགས་ཚུ་གིས་ གཱོལ་༤ བཙུགས་ཏེ་ ཕམ་བཏང་ཡི།
དེ་ཡང་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོན་ཞིནམ་ལས་ ཕྱིའི་ལྟ་བཤལཔ་ཚུ་ བཀག་དམ་འབད་མི་དང་ ས་མཚམས་སྒོ་བསྡམས་མི་ལུ་བརྟེན་ རྒྱལ་ཁབ་
ནང་འཁོད་ལུ་ ག་ནི་ཡང་ འགོ་འདྲེན་འཐབ་མ་ཆོགཔ་སྦེ་ བཀག་འཛིན་འབད་དེ་ ཟླཝ་༣ གྱི་རྒྱབ་ལས་ བི་ཨོ་བི་ བྷུ་ཊཱན་པི་རི་མེ་ཡར་ལིག་རྩེད་འགྲན་ ལོག་འགོ་
བཙུགས་པའི་སྐབས་ བཙན་སྐྱོགས་རྒྱལ་མཚན་གྱིས་ གོ་སྐབས་ལེན་ཡོདཔ་ཨིན་པས།
རྩེད་འགྲན་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡ ལུ་ སྤ་རོ་ལུ་ཡོད་མི་ འུ་ཆུ་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ སྡེ་ཚན་༢ ཀྱི་བར་ན་ འགོ་ཐོག་གི་རྩེད་འགྲན་འགོ་བཙུགས་པའི་
སྐབས་ བཙན་སྐྱོགས་རྒྱལ་མཚན་གྱིས་ བར་མཚམས་མ་ལེན་པའི་ཧེ་མར་ གཱོལ་༢ དང་ བར་མཚམས་ཀྱི་ཤུལ་ལས་ ད་རུང་ གཱོལ་༢ བཙུགས་ཡོདཔ་བཞིན་དུ་ རྩེད་
འགྲན་པ་༤ གིས་ གཱོལ་རེ་རེ་བཙུགས་ནུག།
ད་རེས་ཀྱི་ རྩེད་འགྲན་ནང་ སྡེ་ཚན་༨ ཀྱིས་ བཅའ་མར་གཏོགས་ཡོདཔ་ད་ ཁ་ཙ་ ལྕང་གླིང་མི་ཐང་གི་ ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ཊཱནསི་པོཊ་ཡུ་ནའེ་ཊེཊ་
དང་ བསྟན་སྲུང་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ གཱོལ་རེ་རེ་ འདྲེན་འདྲ་བཙུགས་ཡོདཔ་ཨིན་པས།
སྡེ་ཚན་རེ་གིས་ བྱང་ཕྱད་སྡེ་ཚན་༧ དང་ དོ་འགྲན་འབད་དགོཔ་མ་ཚད་ ལིག་སྐོར་ཐེངས་༢ པ་ རྩེད་འགྲན་མཇུག་བསྡུ་ཞིནམ་ལས་རྐྱངམ་གཅིག་ སྡེ་ཚན་དྲག་
ཤོས་ཚུ་ ཤེས་ཚུགས་ནི་ཨིན་པས།
ད་རེས་ཀྱི་ རྩེད་འགྲན་ས་ཁོངས་དེ་ཡང་ ལྕང་གླིང་མི་ཐང་དང་ སྤ་རོ་འུ་ཆུ་ དེ་ལས་ སྤུ་ན་ཁ་ ཨྱོན་རིག་པའི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ སྐོར་རྒྱབ་དང་འཁྲིལ་
རྩེད་ནི་ཨིནམ་ད་ སྤྱི་ཟླ་༩ པའི་ནང་ སྐོར་ཐེངས་མཇུག་བསྡུ་ནི་ཨིན་པས།
ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་མི་ འབྲུག་ཕུཊ༌བཱོལ་ཚོགས་སྡེ་དང་འཁྲིལ་བ་ཅིན་ སྡེ་ཚན་གྱིས་ རྩེད་འགྲན་པ་ཚུ་ ཕུཊ༌བཱོལ་རྩེད་ཐང་ནང་ སྦྱོང་བརྡར་
འབད་ནི་དང་ རྩེད་འགྲན་འབད་བའི་སྐབས་ གསོ་བའི་ལྷན་ཁག་གི་ སྒྲིག་བཀོད་དང་འཁྲིལ་ནི་ཨིན་ཟེར་ཨིན་པས།
དེ་ཡང་ རྩེད་འགྲན་པ་དང་ སློབ་སྟོན་པ་ ཐབས་རིག་ལས་གཡོགཔ་ འཛིན་སྐྱོང་པ་ག་ར་ དྲོད་འབར་བརྟག་དཔྱད་འབད་དགོ་པའི་ཁར་ རྩེད་ཐང་ནང་ རྩེད་
འགྲན་པ་༢༠ དང་ གཞན་ལས་བྱེདཔ་༥ ལས་བརྒལ་ འོང་མ་ཆོགཔ་མ་ཚད་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་འགྲན་པའི་ སྒྲིག་གཞི་ལྟར་དུ་རྩེད་འགྲན་པའི་བར་ན་ ས་སྟོང་
བཞག་ནི་དང་ ཁ་རས་ཚུ་ ངེས་པར་དུ་ སྤུབས་དགོཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *