ཚོགས་རྒྱན་འཕྲུལ་ཆས་དང་ ཡིག་སྣོད་སྒྲོམ་ཚུ་ སྣུམ་འཁོར་ནང་ བཙུགས་པའི་བསྒང་།

བསམ་གྲུབ་ལྗོངས་མཁར་ལུ་ ཚོགས་རྒྱན་འགོ་དཔོན་དང་ ལྟ་རྟོག་པ་༥༡༨ བགོ་བཀྲམ་འབད་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་རན་ནིའི་དོན་ལུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གིས་ གྲ་སྒྲིག་འབད་དེ་ཡོདཔ་ད་ དེ་ཡང་ རྒེད་འོག་༡༡ གི་དོན་ལུ་ ཚོགས་རྒྱན་ས་ཁོངས་༥༦ ཡོད་མི་ཚུ་ནང་ ཚོགས་རྒྱན་འཕྲུལ་ཆས་༡༡༢ དང་ ཚོགས་རྒྱན་འགོ་དཔོན་༣༣༦ དང་ ཉེན་སྲུང་ལྟ་རྟོག་པ་༡༨༢ འབདཝ་ད་ བསྡོམས་ཀྱིས་ འབྲེལ་ཡོད་འགོ་དཔོན་༥༡༨ ག་ར་ རང་སོའི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ལྷོད་ཡོདཔ་ཨིན་པས།

རྫོང་ཁག་ནང་ ཚོགས་རྒྱན་ས་ཁོངས་ ལམ་ཐག་རིང་ཤོས་ཨིན་མི་ འཁོར་ལམ་ལས་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ རྐང་སྟོང་འགྱོ་དགོ་པའི་ ཝང་ཕུག་རྒེད་འོག་གི་ས་གནས་ གསེར་ཆེན་མོ་དང་ ས་ཆི་ལོ་ དེ་ལས་ སྒོམ་དར་རྒེད་འོག་ བདེན་པོ་རོང་དང་ ཨོ་རོང་རྒེད་འོག་འོག་གི་ ཕི་ལུ་མ་གཡུས་ཚན་ཚུ་དང་ གཞན་ཚོགས་རྒྱན་ས་ཁོངས་༡༨ ཚུ་ནང་ སྤྱི་ཟླ་༤ པའི་ཚེས་༡༧ ལས་ སོང་ཡོདཔ་ད་ རྒེད་འོག་༨ ཀྱི་ ཉེ་འདབས་ལུ་ ཚོགས་རྒྱན་ས་ཁོངས་༢༠ ཀྱི་ ཚོགས་རྒྱན་འགོ་དཔོན་ཚུ་ མཇུག་ར་ ཁ་ཙ་བཏང་ཡོདཔ་ཨིན་པས།

དེ་ལས་ ཇོ་མོ་གཙང་ཁ་དྲུང་ཁག་འོག་ ལའུ་རི་རྒེད་འོག་དང་ གསེར་ཐིག་ དེ་ལས་ གླང་ཆེན་ཕུག་རྒེད་འོག་༣ གྱི་ ཚོགས་རྒྱན་འགོ་དཔོན་ཚུ་ བདུན་ཕྲག་༡ དེ་ཅིག་གི་ཧེ་མར་ སྤྱི་ཟླ་༤ པའི་ཚེས་༡༣ ལས་ རྒྱ་གར་གྱི་གཞུང་ལམ་ བརྟན་ཏོག་ཏོ་མེད་ནི་དེ་གིས་ བཏང་ཡོདཔ་ཨིན་པས།

རྫོང་ཁག་ནང་ འདེམས་ངོ་༦ ཡོདཔ་ད་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་ བསྡོམས་ཀྱིས་༢༥,༤༠༠ ཡོདཔ་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *