རྒྱལ་ཁ་ཐོབ་མི་ ཨ་སམ་ལས་ ཇི་ཊི་ཨེཕ་སི་སྡེ་ཚན།

བསམ་གྲུབ་ལྗོངས་མཁར་ཕུཊ་བཱོལ་རྩེད་འགྲན་ནང་ ཨ་སམ་ལས་ ཇི་ཊི་ཨེཕ་སི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

༉ སྤྱི་ཟླ་༡༠ པའི་༡༩ ལུ་ བསམ་གྲུབ་ལྗོངས་མཁར་ལུ་ འགོ་དང་པ་ འགོ་འདྲེན་འཐབ་མི་ བསམ་གྲུབ་ལྗོངས་མཁར་ཅམ་པི་ཡན་ཤིབ་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་སྐབས་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་ལས་ ཇི་ཊི་ཨེཕ་སི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།
མཐའ་བཅད་འགྲན་བསྡུར་དེ་ ཇི་ཊི་ཨེཕ་སི་དང་ གཞལམ་སྒང་ལས་ ཀོ་རོང་ཨེཕ་སི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ ཇི་ཊི་ཨེཕ་སི་གིས་ གཱོལ་༣ བཙུགས་ཡོདཔ་བཞིན་དུ་ ཀོ་རོང་ཨེཕ་སི་གིས་ གཱོལ་༡ ཡང་ བཙུགས་མ་ཚུགས།
རྒྱལ་ཁ་ཐོབ་མི་ སྡེ་ཚན་གྱིས་ རྒྱལ་རྟགས་དང་གཅིག་ཁར་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༣༠༠,༠༠༠ དང་ ཨང་༢ པ་ཐོབ་མི་གིས་ རྒྱལ་རྟགས་དང་སྦྲགས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༢༠༠,༠༠༠ ཐོབ་ཡོདཔ་བཞིན་དུ་ ཨང་༣ པ་ཐོན་མི་གིས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༠༠,༠༠༠ ཐོབ་ཅི།
ཨ་སམ་ལས་ སྡེ་ཚན་༤ བརྩིས་ཏེ་ སྡེ་ཚན་༢༡ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ སྡེ་ཚན་རེ་གིས་ འཛུལ་འཐུས་དངུལ་ཀྲམ་༡༨,༠༠༠ རེ་ སྤྲོད་ཡོདཔ་ཨིན་པས།
འགོ་འདྲེན་དྲུང་ཆེན་ ནོར་བུ་བཟང་པོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གདོང་ལེན་སྦོམ་ཤོས་ར་ སྦྱོང་བརྡར་དང་ ཁྱད་རིག་ལྡན་པའི་ རྩེད་དཔང་ལ་སོགས་པ་ཚུ་ མེད་མི་དེ་ཨིནམ་ལས་ དེ་བཟུམ་མའི་ རྩེད་འགྲན་ཚུ་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ སྦྱོང་བརྡར་དང་ ཡང་ཅིན་ ཁྱད་རིག་ལྡན་པའི་ རྩེད་དཔང་ལ་སོགས་པ་ཚུ་ རྒྱབ་སྐྱོར་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
རྩེད་འགྲན་དེ་ བསམ་གྲུབ་ལྗོངས་མཁར་ལུང་ཕྱོགས་ནང་ རྩེད་རིགས་དང་འབྲེལ་བའི་ ལས་རིམ་སྦོམ་ཤོས་ཅིག་ཨིནམ་ལས་ ཨེསི་ཌི་འབྲུག་ཤར་ཕྱོགས་ཀཱོལ་ལས་སྡེ་དང་ ཨེསི་ཌི་འབྲུག་ཤར་ཕྱོགས་ཕི་རོ་སི་ལོ་ཀཱོན་སྒེར་སྡེའི་ཚད་འཛིན་གྱིས་ རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།

 

སྐལ་བཟང་དབང་ཕྱུག། བསམ་གྲུབ་བལྗོངས་མཁར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *