བརྡ་དོན་བརྒྱུད་འབྲེལ་བློན་པོ་ ཌི་ཨེན་དུང་གཱེལ་དང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱི་བར་ན་ གན་ཡིག་གུ་ མཚན་རྟགས་བཀོད་པའི་བསྒང་།

བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གིས་ མཁའ་འགྲུལ་ཞབས་ཏོག་ བློ་གཏད་དང་ ཉེན་སྲུང་ཅན་བཟོ་ནི།

༉ ད་རེས་ནངས་པར་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གཞུང་གི་ལྷན་ཁག་དང་ ལས་སྡེ་ཚུ་དང་གཅིག་ཁར་ གཞུང་སྐྱོང་མཆོག་འགྱུར་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོདཔ་བཞིན་དུ་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གིས་ རྩིས་ལོ་༢༠༡༧-༡༨ ནང་ གནམ་གྲུའི་འཕུར་འགྲུལ་ཞབས་ཏོག་དེ་ བློ་གཏད་ཅན་དང་ ཉེན་སྲུང་ཡར་དྲག་གཏང་ནི་ལུ་ ཤུགས་བཏོན་ནི་ཨིན་པས།
དེ་དང་གཅིག་ཁར་ མི་སེར་ཚུ་གིས་ བརྡ་དོན་འཕྲུལ་རིག་ཞབས་ཏོག་ཚུ་ བློ་གཏད་ཅན་དང་ ཟད་འགྲོ་ཉུང་སུའི་སྒོ་ལས་ འཐོབ་ཚུགསཔ་ བཟོ་ནི་ལུ་ ལྷན་ཐབས་འབད་ནི་ཨིན་པས།
བརྡ་དོན་དང་ བརྒྱུད་འབྲེལ་བློན་པོ་ ཌི་ཨེན་ དུང་གཱེལ་གྱིས་ སྤྱི་ཟླ་༧ པའི་ཚེས་༤ ལུ་ ཆིགས་ཡིག་བཀོད་པའི་སྐབས་ བཤད་མིའི་ནང་ ལྷན་ཁག་གིས་ རྩིས་ལོ་༢༠༡༦-༡༧ ཡང་ དམིགས་གཏད་བསྐྱེད་མི་ཚུ་ བརྒྱ་ཆ་༩༦ གྲུབ་ཚུགས་ཏེ་ཡོད་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ད་ལྟོ་ གསལ་བཀོད་འབད་མི་ གྲུབ་འབྲས་སྙན་ཞུ་ བརྒྱ་ཆ་༩༦ འབད་མི་དེ་ ལྷན་ཁག་གི་ དབྱེ་ཞིབ་དང་འཁྲིལཝ་ཨིནམ་བཞིན་དུ་ ད་རུང་ རྒྱལ་ཡོངས་གནས་ཚད་ཀྱི་ ཚོགས་ཆུང་གིས་ དབྱེ་དཔྱད་འབད་འོང་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ལྷན་ཁག་གིས་ ད་ལྟོའི་རྩིས་ལོ་ནང་ མི་མང་སྐྱེལ་འདྲེན་ཞབས་ཏོག་གི་ ཉེན་སྲུང་དང་ ཡུན་བརྟན་ དེ་ལས་ ལངམ་སྦེ་བཟོ་ནི་ལུ་ ལཱ་འབད་འོང་ཟེར་ཨིནམ་ད་ དེ་ཚུ་ ལྷན་ཁག་གི་ འཆར་ལོ་གསར་པའི་དོན་ལུ་བཀོད་མི་ དམིགས་དོན་ཚུ་གི་གྲས་ལས་ ཁག་ཆེ་ཤོས་ཨིན་པས།
ལྷན་ཁག་གི་ དམིགས་དོན་ཡིག་ཆ་དང་འཁྲིལཝ་ད་ ཞི་བའི་མཁའ་འགྲུལ་གྱིས་ གནམ་ཐང་ནང་ བྱ་སྟབས་མ་བདེ་བའི་ གནས་སྟངས་ཚབས་ཆེན་ ཕུད་རྡོག་གཅིག་ཡང་ འབྱུང་མ་བཅུག་པར་བཞག་སྟེ་ མཁའ་འགྲུལ་ཞབས་ཏོག་ ཉེན་སྲུང་ངེས་བརྟན་ཡོདཔ་བཟོ་ནི་ཨིན་པས།
གལ་སྲིད་ གནམ་ཐང་ནང་ ཚབས་ཆེན་གྱི་ གནད་དོན་ཁག་༥ འཐོན་པ་ཅིན་ གྲུབ་འབྲས་དེ་ སྐྱོ་དྲགས་སྦེ་ བརྩི་འཇོག་འབད་ནི་སྦེ་ ཆིངས་ཡིག་ནང་བཀོད་ནུག།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༨ ལུ་ མི་སེར་ཚུ་གིས་ བརྡ་དོན་འཕྲུལ་རིག་ཞབས་ཏོག་ གོང་འཕེལ་དང་ སྤུས་ཚད་ལེགས་ལྡན་འཐོབ་ཚུགསཔ་ བཟོ་ནིའི་དོན་ལུ་ ལས་སྡེ་ལྟེ་བ་དང་ རྫོང་ཁག་གཙོ་ཁང་ཡིག་ཚང་ དེ་ལས་ རྒེད་འོག་ཚུ་འབདཝ་ད་ ཡིག་ཚང་བསྡོམས་༡༦༠ གིས་ ཡོངས་འབྲེལ་དང་ ནང་འཁོད་མཐུད་སྦྲེལ་ཚུ་གི་ལག་ལེན་ བརྒྱ་ཆ་ཧྲིལ་བུམ་ འགྲུབ་ཚུགསཔ་འབད་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
ལྷན་ཁག་གིས་ གཞུང་ལས་ མི་སེར་གྱི་ ཞབས་ཏོག་དེ་ སྤྱི་ལོ་༢༠༡༨ ལུ་ རྫོང་ཁག་ཚུ་ནང་ ཡོངས་འབྲེལ་ཝའི་ཕའི་ཞབས་ཏོག་༢༠ རིན་མེད་སྟོང་པར་ སྤྱོད་ནིའི་དོན་ལུ་ གཞི་བཙུགས་འབད་ནི་དང་ བརྡ་དོན་འཕྲུལ་རིག་ལྟེ་བ་ཚུ་ལུ་བརྟེན་པའི་ འོང་འབབ་དངུལ་ཀྲམ་ས་ཡ་༩༦ བཟོ་ནི་དང་ དེ་མེན་རུང་ དངུལ་ཀྲམ་ས་ཡ་༧༦ བཟོ་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
ལམ་འགྲུལ་ཉེན་སྲུང་གི་ཐད་ལུ་ སྣུམ་འཁོར་རྐྱེན་ངན་༦༨༧ ལུ་ མར་ཕབ་འབད་ནི་དང་ ལྟ་རྟོག་ཐོག་ལས་ སྣུམ་འཁོར་ལུ་བརྟེན་པའི་ བཙོག་རླུང་ཚུ་ བརྒྱ་ཆ་སྦེ་ར་ བཀག་འཛིན་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཁ་ཙ་ བློན་ཆེན་གྱིས་ ཞབས་ཏོག་ལྷན་ཁག་དང་ ཐིམ་ཕུག་ཁྲོམ་སྡེ་དང་གཅིག་ཁར་ ལས་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་གནང་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *