བཟོ་སྐྲུན་ཅ་ཆས་ཀྱི་ གོང་ཚད་ཡར་སེང་ལུ་བརྟེན་ སྐྱ་ནམ་གྱི་གོང་ཚད་ལུ་ ཁྱད་པར་སྦོམ་བཟོ་ཡོདཔ།

༉ ན་ཧིང་ སྤྱི་ཟླ་༡༠ པ་ལས་༡༢ པ་ཚུན་ བཟོ་སྐྲུན་ལས་སྡེའི་ནང་ གོང་ཚད་བརྒྱ་ཆ་མཐོ་སུ་སྦེ་ ཡར་སེང་སོང་མི་ལུ་བརྟེན་ སྤྱིར་བཏང་སྐྱ་ནམ་གྱི་གོང་ཚད་ལུ་ ཁྱད་པར་བཟོ་ཡོདཔ་ཨིན་པས།

བཟོ་སྐྲུན་ནང་ སྤྱི་ཟླ་༡༠ པའི་ནང་ བརྒྱ་ཆ་༩.༥༡ དང་ སྤྱི་ཟླ་༡༡ པའི་ནང་ བརྒྱ་ཆ་༧.༨༧ དེ་ལས་ སྤྱི་ཟླ་༡༢ པའི་ནང་ བརྒྱ་ཆ་༨.༢༦ ཡར་སེང་སོང་ཡོདཔ་ད་ བཟོ་སྐྲུན་གྱི་ནང་ལས་ཡང་ ལྕགས་ཀྱི་གོང་ཚད་མཐོ་དྲགས་མི་དེ་གིས་ སྤྱིར་བཏང་ གོང་ཚད་ནང་ ཁྱད་པར་སྦོམ་བཟོ་ཡོདཔ་ཨིན་པས།

ཟླཝ་དེ་གསུམ་ནང་ སྐྱེལ་འདྲེན་གྱི་གོང་ཚད་དེ་ བརྒྱ་ཆ་༡.༢༡ ལས་བརྒལ་ ཡར་སེང་མ་འགྱོ་མི་དེ་ཡང་ བརྗེ་སོར་གྱི་གོང་ཚད་ ཡར་སེང་དང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ མི་མང་སྐྱེལ་འདྲེན་བཱསི་གི་གླ་ཆ་ ཡར་སེང་འབད་མི་ལུ་ བརྟེན་ཨིན་པས།

ས་གཏེར་དང་རྡོ་གཏེར་ལས་སྡེ་ནང་ ཡར་སེང་དེ་ ཧེ་མ་བཟུམ་སྦེ་ར་ བརྒྱ་ཆ་༡.༣༦ ལུ་གནས་ཡོདཔ་ད་ བརྡ་དོན་དང་བརྒྱུད་ འབྲེལ་ནང་འབད་བ་ཅིན་ བརྒྱ་ཆ་༨.༢༦ མར་བབས་སོང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཤིང་དུམ་བཏོན་ནིའི་ནང་ཡང་ བརྒྱ་ཆ་༠.༣༢ མར་བབས་སོང་ཡོདཔ་ད་ གློག་མེ་དང་མེ་རླུང་ལས་སྡེ་ནང་ ཟླཝ་གསུམ་དེ་ནང་ བརྒྱ་ཆ་༠.༣༩ མར་བབས་སོང་ཡོད་རུང་ ཆུ་བཀྲམ་སྤེལ་ལས་སྡེ་ནང་ འགྱུར་བ་མེདཔ་ཨིན་པས།

ཟླ་རིམ་བཞིན་དུ་བལྟ་བ་ཅིན་ ལོ་དེ་གི་ སྤྱི་ཟླ་༡༠ པའི་ནང་ བརྒྱ་ཆ་༠.༣༢ དང་ སྤྱི་ཟླ་༡༡ པའི་ནང་ བརྒྱ་ཆ་༠.༥༧ དེ་ལས་ སྤྱི་ཟླ་༡༢ པའི་ནང་ བརྒྱ་ཆ་༡.༠༤ དེ་རེ་གི་རྩིས་ མར་བབས་སོང་ཡོད་མི་དེ་ དཔྱ་སྙོམས་ལུ་ཕབ་པ་ཅིན་ བརྒྱ་ཆ་༠.༠༥ གི་རྩིས་ མར་བབས་སོང་ཡོད་མི་དེ་ བཟོ་སྐྲུན་ལས་སྡེ་ནང་ བརྒྱ་ཆ་༠.༡༠ ཡར་སེང་སོང་མི་ལུ་བརྟེན་ཨིན་པས།

དཔྱ་སྙོམས་ལུ་ སྐྱེལ་འདྲེན་ལས་སྡེ་ནང་ ཟླཝ་དེ་གསུམ་ནང་ བརྒྱ་ཆ་༠.༠༢ ཡར་འཛེགས་ཡོད་རུང་ ས་གཏེར་དང་རྡོ་གཏེར་ དེ་ལས་ ཤིང་དུམ་བཏོན་ནི་དང་གློག་མེ་ འཐུང་ཆུ་བཀྲམ་སྤེལ་དང་ བརྡ་དོན་དང་བརྒྱུད་འབྲེལ་ཚུ་ནང་ བསྒྱུར་བཅོས་མེདཔ་ཨིན་པས།

སྤྱི་ལོ་༢༠༢༠ འི་ སྤྱི་ཟླ་༩ པའི་ནང་ ཟླ་རིམ་གྱི་གོང་ཚད་དེ་ དམའ་སུ་སྦེ་ཡོད་མི་དེ་ སྤྱི་ཟླ་༣ པའི་ནང་ ཡར་འཛེགས་མི་དེ་ ད་རུང་ སྤྱི་ཟླ་༧ པ་དང་༨ པའི་བར་ན་ མར་བབས་སོང་སྟེ་ སྤྱི་ཟླ་༨ པ་ནང་ལས་ ཚར་གཅིག་གུ་ ཡར་འཛེགས་མི་དེ་ ད་རུང་ ཚར་གཅིག་ སྤྱི་ཟླ་༡༡ པ་ཚུན་མར་བབས་ཏེ་ ཤུལ་མའི་ཟླཝ་ནང་ལས་ ལོག་སྟེ་ཡར་སེང་སོང་ནུག།

བཟོ་སྐྲུན་ཅ་ཆས་ཀྱི་གོང་ཚད་དེ་ ནད་ཡམས་ཐོན་པའི་ཤུལ་ལས་ ནད་ཡམས་བཀག་ཐབས་ལུ་དམིགས་ཏེ་ སྐྱེལ་འདྲེན་ཚུ་ ས་ མཚམས་ཚུ་ནང་ལས་ སྣུམ་འཁོར་སོ་སོར་ནང་བཙུགས་ཏེ་ ཕབ་བཀལ་འབད་དགོཔ་ལས་ ཟད་འགྲོ་ཡར་སེང་ སོང་ཡོདཔ་སྦེ་ཨིན་པས།

ནད་ཡམས་ཀྱི་གནས་སྟངས་ རང་འཇགས་ཡོདཔ་ལས་ ད་ལས་ཕར་འབད་རུང་ གོང་ཚད་ཡར་སེང་འགྱོ་ནི་བཟུམ་ཅིག་ཡོདཔ་ད་ སྤྱིར་བཏང་སྐྱ་ནམ་གྱི་གོང་ཚད་ཚུ་ཡང་ ཡར་སེང་འགྱོ་བཞིན་དུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *