གསོ་བ་ལྷན་ཁག་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་དྲག་པོའི་སྨན་ཁང་དེ་ འབྲུག་གི་བསྟན་སྲུང་དམག་སྡེ་ལུ་ རྩིས་སྤྲོད་འབད་ནུག།

བདེ་བ་ཐང་འཇིགས་མེད་རྡོ་རྗེ་དབང་ཕྱུག་བསྟན་སྲུང་སྨན་ཁང་ འགོ་འབྱེད་འབད་ཡོདཔ།

ཨོ་རྒྱན་རྡོ་རྗེ།

༉ ཁ་ཙ་ གསོ་བ་ལྷན་ཁག་གིས་ མི་དབང་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་ དགུང་ལོ་༧ བཞེས་པའི་ འཁྲུངས་སྟོན་བརྩི་སྲུང་དང་འབྲེལ་ བསམ་གྲུབ་ལྗོངས་མཁར་བདེ་བ་ཐང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་བསྟན་སྲུང་སྨན་ཁང་དེ་ འགོ་འབྱེད་འབད་ནུག།

བདེ་བ་ཐང་དྲག་པོའི་སྨན་ཁང་དེ་ སྤྱི་ལོ་༡༩༦༥ ལུ་ འབྲུག་རྒྱལ་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ འགོ་འབྱེད་མཛད་ཡོདཔ་བཞིན་དུ་ སྨན་ཁང་གཞི་བཙུགས་འབད་དེ་ དུས་ཅི་ མི་ལོ་༥༨ ལང་དོ་ཡོདཔ་ཨིན་པས།

གསོ་བ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ མི་དབང་འབྲུག་རྒྱལ་༣ པ་མཆོག་གི་ མཁྱེན་རྒྱ་ཆེ་བའི་ མཛད་ཤུལ་བཟང་པོ་ལུ་ རྗེས་དྲན་དང་ གོང་འཕེལ་གྱི་ ལས་སྣ་ཚུ་ འགོ་བཙུགས་གནང་མི་ལུ་ གུས་བཏུད་ཞུ་ཐབས་ལུ་ སྨན་ཁང་གི་མིང་ཡང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་བསྟན་སྲུང་སྨན་ཁང་སྦེ་ བཏགས་ཡོདཔ་ཨིན་པས།

སྨན་ཁང་དེ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ འགོ་འབྱེད་འབདཝ་དང་འབྲེལ་ཏེ་ བཤད་མིའི་ནང་ སྨན་ཁང་གསརཔ་ཅིག་ གཞི་བཙུགས་འབད་མི་དེ་གིས་ འབྲུག་གི་གསོ་བའི་འཕྲོད་བསྟེན་ལམ་ལུགས་ སྒྲིང་སྒྲི་བཟོ་ནི་ལུ་ ལྷན་ཐབས་འབད་ནི་ཨིནམ་ལས་ གལ་གནད་ཅན་གྱི་ ལས་རིམ་ཅིག་ཨིན་ཟེར་ཨིན་པས།

དངུལ་རྩིས་བློན་པོ་གིས་འབད་བ་ཅིན་ བདེ་བ་ཐང་དང་ ཉེ་འདབས་ཀྱི་ མི་སེར་ཚུ་གིས་ སྤུས་ཚད་དང་ལྡན་པའི་ གསོ་བའི་ཞབས་ཏོག་ཚུ་ འཐོབ་ཚུགས་ནི་ཨིནམ་མ་ཚད་ འབྲུག་པའི་མི་སེར་ག་ར་གིས་ ཁོང་ལུ་དགོ་པའི་ གསོ་བའི་ཞབས་ཏོག་འཐོབ་ཚུགས་ཉཔ་ ངེས་བརྟན་བཟོ་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

བདེ་བ་ཐང་དེ་ གཅིག་སྒྲིལ་སྨན་ཁང་ཅིག་ཨིནམ་ད་ སྨན་ཁང་ནང་ མོ་ནད་མཁས་མཆོག་དང་ གཤག་བཅོས་ ཨིན་ཌོསི་ཀོ་པི་ ཨ་ལོའི་མཁས་མཆོག་ ནང་ཁོངས་སྨན་བཅོས་ལ་སོགས་པའི་ གསོ་བའི་ཞབས་ཏོག་ཚུ་ འཐོབ་ཚུགསཔ་བཟོ་ནི་ཨིན་པས།

དེ་བཟུམ་སྦེ་ འཕྲལ་མགྱོགས་ར་ གསོ་བ་ལྷན་ཁག་གིས་ སྨན་ཁང་ནང་ སི་ཊི་ཨིསི་ཀེན་གྱི་ ཞབས་ཏོག་ཚུ་ བཙུགས་ནི་གི་ ལས་འཆར་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

སྨན་ཁང་འགོ་འབྱེད་འབདཝ་དང་འབྲེལ་ གསོ་བ་ལྷན་ཁག་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་བསྟན་སྲུང་སྨན་ཁང་དེ་ འབྲུག་གི་བསྟན་སྲུང་དམག་སྡེ་ལུ་ རྩིས་སྤྲོད་འབད་ཡོདཔ་ད་ ཉལ་ཁྲི་༤༠ འབད་མི་ སྨན་ཁང་དེ་ རྒྱ་གར་གཞུང་ལས་ མ་དངུལ་གྲོགས་རམ་ས་ཡ་༥༡༡ སྦེ་ སྤྱི་ལོ་༢༠༡༦ ལས་རྐྱབ་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

གསོ་བ་ལྷན་ཁག་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་དྲག་པོའི་སྨན་ཁང་དེ་ འབྲུག་གི་བསྟན་སྲུང་དམག་སྡེ་ལུ་ རྩིས་སྤྲོད་འབད་ནུག།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *