གླངམོ་ཆེ་ཚུ་གིས་ གནོདཔ་བཀལ་བའི་ཤུལ།

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས།

མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ ཐབས་ཤེས་སྣ་ཚོགས་བཏོན་ཐོག་ལས་ བདའ་གཏང་ནི་ལུ་ དཔའ་བཅམ་དོ་ཡོད་རུང་ གླ་འཁེལ་མ་ཚུགས་པར་ ཡོདཔ་ཨིན་པས།

སྤྱི་ཟླ་༧ པའི་ནང་ གླངམོ་ཆེ་ཅིག་གིས་ གདུང་ཆི་ལོ་སྨན་ཆུ་ལུ་ སོ་ནམ་པ་ཚུ་གིས་ ལོ་ཐོག་དང་ གེ་ཟའི་ཞིང་ཚུ་ མེདཔ་བཏང་བའི་ཁར་ ཐོག་བསྲུང་སྦ་སྒོར་ཚུ་ཡང་ མེདཔ་བཏང་ཡོདཔ་ཨིན་པས།

སོ་ནམ་པ་ འཕྲིན་ལས་བསྟན་པ་གིས་ སླབ་མིའི་ནང་ གླངམོ་ཆེ་གིས་ ཁོ་གི་ གེ་ཟའི་ཞིང་ ཨེ་ཀར་ཕྱེད་ཀ་ལྷགཔ་ཅིག་ མེདཔ་བཏང་བའི་ཁར་ ཐོག་བསྲུང་ནིའི་ སྦ་སྒོར་ཅིག་ཡང་ བརྡལ་བཏང་སྟེ་ ཐབ་ཆས་ཚུ་ མེདཔ་བཏང་ནུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གླངམོ་ཆེ་དེ་གིས་ ལོ་ཐོག་ཚུ་ ཚར་ལེ་ཤ་ཅིག་ར་ མེད་བཏང་ཡོདཔ་བཞིན་དུ་ མང་ཤོས་ར་ གེ་ཟའི་ཤིང་ཚུ་ མེདཔ་བཏང་ཟེར་ཨིན་པས།

གླངམོ་ཆེ་གིས་ སོ་ནམ་གཞན་ཚུ་གིས་ ལོ་ཐོག་དང་ གེ་ཟའི་ཞིང་ཚུ་ལུ་ཡང་ མེདཔ་བཏང་ཡོདཔ་ད་ གླངམོ་ཆེ་ཚུ་ཡང་ ན་ཧིང་ལས་ འཐོན་ནི་འགོ་བཙུགས་ཏེ་ གདུང་ཆེ་ལོ་ གཡུས་ཚན་ནང་ ཁྱིམ་ཚུ་གི་ གློག་མེ་མི་ཊར་སྒྲོམ་ཚུ་ མེདཔ་བཏང་ཡོདཔ་ད་ དུས་ཅི་ལས་ སོ་ནམ་པ་ཚུ་གི་ ལོ་ཐོག་ཚུ་ལུ་ མེདཔ་གཏང་ནི་ འགོ་བཙུགས་ཡོདཔ་ཨིན་པས།

སོ་ནམ་པ་གཞན་ ཆོས་ཉིད་རྡོ་རྗེ་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ གདུང་ཆི་ལོ་གཡུས་ཚན་ནང་ གླངམོ་ཆེ་ཚུ་ ཐོན་འོང་སྟེ་ མི་ཚུ་བདའ་འོངམ་ལས་ གནད་དོན་དེ་ ནགས་ཚལ་འགོ་དཔོན་ཚུ་ལུ་ ཞུ་བ་འབད་དེ་ ཁོང་གིས་ བདའ་གཏང་དགོཔ་བྱུང་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་རེས་ གླངམོ་ཆེ་དེ་ མཁོ་ལོམ་རི་གཡུས་ཚན་ནང་ འཐོན་ནི་འགོ་བཙུགས་ནུག་ཟེར་ཨིནམ་ད་ གླངམོ་ཆེ་གིས་ ཁོ་གི་ གེ་ཟའི་ཞིང་ཚུ་ མེདཔ་བཏང་ནུག་ཟེར་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༡༧ ལུ་ དགོན་པ་འུང་སྤྱི་འོག་ ཕགཔ་ཏ་རི་ལུ་ གླངམོ་ཆེ་དེ་གིས་ ཚལ་ལུ་ཤིང་དང་ ངང་ལག་ཤིང་ དེ་ལས་ ལོ་ཐོག་གཞན་ཚུ་ལུ་ མེདཔ་བཏང་ཡོདཔ་ད་ གླངམོ་ཆེ་ཚུ་ ཁྱུ་སྦེ་ཡོད་པའི་ཁར་ རྐྱང་གཅིགམ་སྦེ་ སྡོད་མི་ཡང་འདུག་ཟེར་ སོ་ནམ་ཚུ་གིས་ བཤདཔ་ཨིན་པས།

བདེ་ཆེན་གླིང་རྒཔོ་ སྦྱིན་པ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ད་ཚུན་ གླངམོ་ཆེ་ཚུ་གིས་ ལོ་ཐོག་མེདཔ་བཏང་བའི་ སྙན་ཞུ་ཚུ་ཡོད་རུང་ མི་དང་སེམས་ཅན་ཚུ་ལུ་ གནོདཔ་རྐྱབ་ཡོད་པའི་ སྙན་ཞུ་མེད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གནད་དོན་དེའི་སྐོར་ལས་ ནགས་ཚལ་འགོ་དཔོན་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ནགས་ཚལ་འགོ་དཔོན་ཚུ་གིས་ ཉིན་ནུབ་མེད་པར་ སྒྲིག་གཡོག་རྒྱུག་ཐོག་ལས་ བདའ་བཏང་རུང་ ལོག་འོངམ་མས་ཟེར་ཨིན་པས།

རྒཔོ་གིས་འབད་བ་ཅིན་ སྤྱི་ཟླ་༨ པ་ལས་ གླངམོ་ཆེ་གིས་ གཡུས་ཚན་ཚུ་ནང་ འཛུལ་ནི་འགོ་བཙུགས་ཡོདཔ་ལས་ མིའི་ཚེ་སྲོག་ལུ་ བར་རྐྱེན་མི་རྐྱབ་ག་ཟེར་བའི་ ཚ་གྱང་ལང་སྟེ་ ཡོད་ཟེར་ཨིན་པས།

ཀུན་གསལ་གྱིས་ གནད་དོན་དེའི་ཐོག་ལུ་ ནགས་ཚལ་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་ནིའི་ དཔའ་བཅམ་པའི་སྐབས་ འབྲེལ་བ་འཐབ་མ་ཚུགས་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *