འབྲུག་པའི་བུམོ་གི་སྡེ་ཚན་དང་ བང་ལ་དེཤ་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།

བང་ལ་དེཤ་ བུམོ་གི་ཕུཊ་བཱོལ་སྡེ་ཚན་གྱིས་ འབྲུག་པའི་སྡེ་ཚན་ཕམ་ཡོདཔ།

༉ སཱག་ལུང་ཕྱོགས་ཀྱི་ སྐྱེས་ལོ་༡༥ མན་ཆད་འབད་མི་ བུམོ་གི་སྡེ་ཚན་གྱི་ ཕུཊ་བཱོལ་རྩེད་འགྲན་དྲག་ཤོས་ཀྱི་དོན་ལུ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་སྦེ་ སྤྱི་ཟླ་༡༠ པའི་ ཚེས་༩ ལུ་ རྩེད་འགྲན་འབདཝ་ད་ བང་ལ་དེཤ་ བུམོ་སྡེ་ཚན་གྱིས་ འབྲུག་པའི་སྡེ་ཚན་ཕམ་བཏང་ཡི།
སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༢༢ དང་༣༡ ལུ་ བང་ལ་དེཤ་བུམོ་སྡེ་ ཚན་གྱིས་ གཱོལ་༢ བཙུགས་པའི་ཤུལ་ལུ་ འབྲུག་པའི་སྡེ་ཚན་གྱིས་ རྩ་འགེངས་ཏེ་ རྩེད་འགྲན་འབད་རུང་ གཱོལ་བཙུགས་ནིའི་གོ་སྐབས་ཐོབ་མ་ཚུགས།
བར་མཚམས་ངལ་གསོ་གི་ཤུལ་ལས་ འབྲུག་པའི་བུམོ་སྡེ་ཚན་གྱིས་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་མི་ལུ་བརྟེན་ བྱང་ཕྱད་ཀྱིས་ གཱོལ་༢ མ་གཏོགས་ ཐེབས་བཙུགས་ནིའི་ གོ་སྐབས་ཐོབ་མ་ཚུགས་པར་ དུས་ཚོད་ཚང་སོ་ཡི།
དེ་བཟུམ་སྦེ་ ནེ་པཱལ་དང་ རྒྱ་གར་གྱི་ བུམོ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ རྒྱ་གར་སྡེ་ཚན་གྱིས་ གཱོལ་༤ བཙུགས་ཏེ་ ནེ་པཱལ་སྡེ་ཚན་ཕམ་བཏང་ཡི།
ནངས་པར་ ཆུ་ཚོད་༣ ལུ་ ནེ་པཱལ་དང་ བང་ལ་དེཤ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་དང་ ཕྱི་རུའི་ཆུ་ ཚོད་༦ ལུ་ འབྲུག་པའི་སྡེ་ཚན་དང་ རྒྱ་གར་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ བང་ལ་དེཤ་དང་ རྒྱ་གར་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་དང་ འབྲུག་པའི་སྡེ་ཚན་དང་ ནེ་པཱལ་སྡེ་ཚན་རྩེད་འགྲན་འབད་ནི་ཨིན་པའི་ཁར་ མཐའ་བཅད་ཀྱི་རྩེད་འགྲན་དེ་ དྲག་ ཤོས་འཐོན་མི་སྡེ་ཚན་༢ ཀྱི་བར་ན་ སྤྱི་ཟླ་༡༠ པའི་ཚེས་༡༥ ལུ་ འགོ་འདྲེན་འཐབ་ནི་ ཨིན་པས།
སཱག་ལུང་ཕྱོགས་ཀྱི་ སྐྱེས་ལོ་༡༥ མན་ཆད་འབད་མི་ བུམོ་སྡེ་ཚན་གྱི་ ཕུཊ༌བཱོལ་རྩེད་འགྲན་དེ་ སྤྱི་ལོ་༢༠༡༧ ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *