བང་ལ་དེཤ་ལུ་ རྡོ་སྐྱེལ་འདྲེན་འབད་མི་ འབྲུག་པའི་སྣུམ་འཁོར་ཚུ་ ཕུལ་བ་རི་ལུ་ལྷོདཔ་ད་ གནོད་སྐྱོན་རྐྱབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༣ གྱི་ཕྱི་རུ་ བང་ལ་དེཤ་ལུ་ རྡོ་སྐྱེལ་འདྲེན་འབད་མི་ འབྲུག་པའི་སྣུམ་འཁོར་ཊཱག་༣༧ ལུ་ རྒྱ་གར་གྱི་ས་གནས་ ཕུལ་བ་རི་ལུ་ལྷོདཔ་ད་ ས་གནས་དེ་གི་མི་ཚུ་གིས་ རྡོ་རྐྱབ་སྟེ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
ཕུལ་བ་རི་དེ་ བང་ལ་དེཤ་གི་ཁྲོམ་སྡེ་ བང་ལ་བན་དཱ་ཁྲོམ་གྱི་ ས་མཚམས་ཁར་ཡོདཔ་ད་ འབྲུག་པའི་རྡོ་ཚུ་ ཕུལ་བ་རི་བརྒྱུད་དེ་ སྐྱེལ་འདྲེན་འབད་དོ་ཡོདཔ་ད་ ས་གནས་དེ་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༡༦༠ དེ་ཅིག་གི་ ས་ཁར་ཨིན་པས།
བྱ་ངན་སྐབས་ སྣུམ་འཁོར་ཚུ་གི་ སྒོ་སྒྲིག་གི་ཤེལ་དང་ སྒོ་སྒྲིག་ཚུ་ མེདཔ་བཏང་ཡོདཔ་ད་ བྱ་ངན་དེ་གི་ གློག་ཐུང་བཟོ་མི་དེ་ཡང་ མི་སྡེ་བརྡ་བརྒྱུད་ ཕེསི་བུཀ་ནང་ལས་ཕར་ཡང་ ཁྱབ་སྤེལ་སོང་ཡོད་པའི་ཁར་ གློག་ཐུང་ནང་མཐོང་དོ་བཟུམ་འབད་བ་ཅིན་ གྱལ་ནང་བཞག་མི་ སྣུམ་འཁོར་གྱི་ སྒོ་སྒྲིག་ཤེལ་མེདཔ་ཐལ་མི་ཚུ་ མཐོང་ཚུགསཔ་ཨིན་པས།
བྱ་ངན་དེ་ཡང་ རྡོ་སྐྱེལ་མི་སྣུམ་འཁོར་ཊཱག་ཅིག་གིས་ སྣུམ་འཁོར་གཞན་ཅིག་གི་ གདོང་ཁར་འཐོན་འགྱོ་བའི་སྐབས་ རྐང་འཁོར་བཏང་མི་ ས་གནས་ཀྱི་མི་ཅིག་ འཐུ་བཀོག་བའི་ཤུལ་ལས་ བྱུང་ཡོདཔ་ཨིན་པས།
ཕུན་ཚོགས་གླིག་དྲུང་ཁག་གི་ འགོ་དཔོན་ཅིག་དང་འཁྲིལཝ་ད་ སྐྱེས་ལོ་༣༤ ལང་མི་ ཉམས་རྒུདཔ་ཕོ་སྐྱེས་དེ་ དྲག་པའི་བསྒང་འདུག་ཟེར་ཨིན་པས།
འགོ་དཔོན་གྱིས་སླབ་མིའི་ནང་ བྱ་ངན་སྐབས་ ཁོང་ཚུ་ ཇཱལ་པའི་གུ་རི་ལུ་སྡོད་ཡོདཔ་ལས་ གནས་སྟངས་དེ་ དུས་ཐོག་བཀག་ཆ་འབད་ཚུགས་ཡི་ཟེར་ཨིནམ་ད་ གནད་དོན་དེའི་སྐོར་ལས་ དེ་འཕྲོ་ལས་ ཇཱལ་པའི་གུ་རི་ལུ་ཡོད་མི་ དབང་འཛིན་དང་ ཁྲིམས་སྲུང་འགག་པའི་གཙོ་འཛིན་ལུ་ བརྡ་སླབ་ཚུགས་ཡི་ཟེར་ཨིན་པས།
བྱ་ངན་སྐབས་ འབྲུག་པའི་ངོ་ཚབ་ཚུ་གིས་ བྱང་བེང་གཱལ་མངའ་སྡེའི་གཞུང་དང་གཅིག་ཁར་ ས་མཚམས་མངའ་སྡེའི་ མཉམ་འབྲེལ་ཞལ་འཛོམས་ཐེངས་༢༤ པ་ འཚོགས་པའི་བསྒང་ཡོདཔ་ཨིན་པས།
མི་འཐུ་བཀོག་མི་ སྣུམ་འཁོར་གྱི་ཇོ་བདག་ རྡོ་སྐྱེལ་འདྲེན་པ་ རྟ་མགྲིན་ཟླ་བ་གིས་ སླབ་མིའི་ནང་ ཁོ་གི་སྣུམ་འཁོར་༡༤ ལས་༥ ལུ་ ས་གནས་ཀྱི་མི་ཚུ་གིས་ རྡོ་བླུགས་ཏེ་ གནོད་སྐྱོན་རྐྱབ་ཅི་ཟེར་ཨིནམ་ད་ སྣུམ་འཁོར་བཅོ་ནིའི་དོན་ལུ་ དངུལ་ཀྲམ་༡༠༠,༠༠༠ དེ་ཅིག་ གནས་དོ་འོང་ཟེར་ཨིན་པས།
གནད་དོན་དེའི་སྐོར་ལས་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་དེ་ཡོད་ཟེར་ ཁོ་གིས་བཤད་པའི་ཁར་ ཉམས་བཅོས་དོན་ལུ་ ཉེན་བཅོལ་ཡིག་ཚང་ནང་ འགྱོ་ནི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ མི་མང་གིས་ དེ་བཟུམ་འབདཝ་ད་ ག་ནི་ཡང་ འབད་ཐབས་མིན་འདུག་ཟེར་ཨིན་པའི་ཁར་ ས་གནས་དེ་ནང་ ཁྲིམས་སོ་སོར་འདུག་ཟེར་ཨིནམ་ད་ རྡོ་སྐྱེལ་འདྲེན་པ་ཚུ་གིས་ སྨན་ཁང་ནང་ཡོད་མི་ ཉམས་རྒུདཔ་ལུ་ གྲོགས་རམ་འབད་ནིའི་དོན་ལུ་ སྣུམ་འཁོར་ལྟ་རྟོག་ངོ་ཚབ་ཚུ་གིས་ ལཱ་འབད་དོ་ཡོདཔ་ཨིན་པས།
ཧེ་མ་ཡང་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ དཀའ་ངལ་ཚུ་ཐོན་ཡོད་རུང་ ད་རེས་ཀྱི་དཀའ་ངལ་དེ་གིས་ བང་ལ་དེཤ་ལུ་ རྡོ་སྐྱེལ་མི་ཚུ་ལུ་ གདོང་ལེན་ཅིག་ཨིན་པས།
སྤྱིར་བཏང་མི་ཚུ་གི་སེམས་ཁར་ གཞུང་གིས་ ས་མཚམས་བདའ་ཚོང་འབྲེལ་གྱི་ གདོང་ལེན་ཡོད་མི་དེ་ལུ་ མཉམ་འབྲེལ་འབད་ནི་དེ་ ཉུང་སུ་ཡོདཔ་བཟུམ་མའི་ ཚོར་སྣང་ཡོདཔ་ཨིན་པས།
ཆུ་ཁ་བཟོ་སྐྲུན་གྱི་ཇོ་བདག་ ཨོ་རྒྱན་ཚེ་རིང་གིས་ སླབ་མིའི་ནང་ ཁྲིམས་དང་འཁྲིལཝ་ད་ བྱ་ངན་ནང་འབྲེལ་བ་ཡོད་མི་ སྣུམ་འཁོར་རྐྱངམ་གཅིག་ལུ་ ཉེས་ཆད་བཀལ་དགོཔ་མ་གཏོགས་ སྣུམ་འཁོར་ཚུ་ལུ་ དོན་དག་ག་ནི་ཡང་མེད་རུང་ རྩིགཔ་ཟ་མི་ཚུ་གིས་ གནོདཔ་བཀལ་ཚུགས་པའི་ གནས་སྟངས་ནང་ ལུས་དགོཔ་ཅིག་ མིན་འདུག་ཟེར་ཨིན་པས།
གནས་སྟངས་དེ་གིས་ ང་བཅས་ལུ་ འཛོལ་བ་ག་ནི་ཡང་མེད་རུང་ ས་གནས་ཀྱི་མི་ཚུ་གིས་ ང་བཅས་ལུ་ ག་ཅི་འབད་རུང་ འབད་ཆོགཔ་བཟུམ་མའི་ ཚོར་སྣང་བྱུངམ་མས་ཟེར་ ཁོ་གིས་བཤད་པའི་ཁར་ རྡོ་སྐྱེལ་མི་དེ་གིས་ འོང་འབབ་ཆུང་བའི་མི་ཚུ་ལུ་ ཕན་ཐོགས་ཏེ་ཡོད་ཟེར་ཨིན་པས།
ང་གིས་བལྟ་བ་ཅིན་ རྒྱ་གཞུང་དང་ ནུབ་བེང་གལ་གྱི་ མངའ་སྡེ་དང་གཅིག་ཁར་ ཚོང་འབྲེལ་གན་ཡིག་ཡོད་མི་དང་འཁྲིལ་ གནས་སྟངས་དེ་ ལེགས་ཤོམ་བཟོ་དགོཔ་འདུག་ཟེར་ཨིན་པས།
ལྡི་ལི་ལུ་ཡོད་མི་ སྤྱི་ཚོགས་བློན་པོ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ མངའ་སྡེའི་གནས་ཚད་ནང་ གྲོས་བསྟུན་འབད་ནིའི་ དུས་ཚོད་རན་ནུག་ཟེར་ཨིནམ་ད་ ང་བཅས་གཞུང་གིས་ཡང་ འབྲུག་པའི་མི་ཚུ་གི་དོན་ལུ་ ཐབས་ལམ་བཏོན་དགོཔ་འདུག་ཟེར་ཨིན་པས།
བྱ་ངན་དེ་གི་སྐབས་ ཨོ་རྒྱན་ཚེ་རིང་གི་ སྣུམ་འཁོར་༦ གི་ སྒོ་སྒྲིག་ཤེལ་ཚུ་ མེདཔ་བཏང་ཡོདཔ་ད་ གཞན་མི་སྐྱེལ་འདྲེན་པ་ ཨར་ཇུན་གྱིས་ སླབ་མིའི་ནང་ ཁོ་གི་ཊཱག་༡༤ ལུ་ གནོདཔ་བཀལ་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཤུལ་ལས་ཡང་ གཞུང་ལམ་དེ་ར་ ལག་ལེན་འཐབ་དགོཔ་ལས་ ཉེན་ཁ་ཡོད་ནི་དེ་གིས་ དེ་བཟུམ་མའི་གནས་སྟངས་ནང་ ང་བཅས་ཀྱིས་ ག་ནི་ཡང་ འབད་ཐབས་མིན་འདུག་ཟེར་ཨིན་པས།
ཁོ་གིས་ ཚོང་འབྲེལ་ཐད་ཁར་ལྷོདཔ་ད་ ངོ་མ་དང་ ཡིག་ཐོག་ཡོད་མིའི་བར་ན་ ཁྱད་པར་སྦོམ་ཡོདཔ་ལས་ དབུགས་འགམ་སི་སི་ཨིན་མས་ཟེར་བཤད་ཅི།
ཚོང་འབྲེལ་དོན་ལུ་ ལཱ་འབད་མི་ འབྲེལ་ཡོད་དབང་འཛིན་གྱིས་ གནས་སྟངས་དེ་ ལེགས་ཤོམ་བཟོ་ནིའི་དོན་ལུ་ ཐབས་ཤེས་ཅིག་ བཏོན་དགོཔ་འདུག་ཟེར་ཨིན་པས།
དེ་བཟུམ་མའི་ བྱ་ངན་དེ་ཡང་ བང་ལ་དེཤ་ལུ་ རྡོ་སྐྱེལ་འདྲེན་ཡར་སེང་འགྱོ་བའི་ཤུལ་ལས་ དཀའ་ངལ་ཡང་ མང་སུ་ཐོན་ཡོདཔ་སྦེ་ བཤད་དོ་ཡོདཔ་ད་ སྤྱི་ལོ་༢༠༡༨ ཟླ་༥ པའི་ནང་ཡང་ འབྲུག་པའི་སྣུམ་འཁོར་ཊཱག་༡༥༠ དེ་ཅིག་ ས་གནས་དེ་ཁའི་མི་ཚུ་གིས་ དོན་དག་ག་ནི་ཡང་མེདཔ་ར་ བཀག་བཞག་ཡོདཔ་ཨིན་པས།
དེ་སྐབས་ འབྲུག་པའི་སྣུམ་འཁོར་ཚུ་ ཞག་༡༠ དེ་ཅིག་ ཐོགས་ལུས་ཡོདཔ་ད་ ད་རེས་འབད་བ་ཅིན་ ས་གནས་ཀྱི་མི་ཚུ་གིས་ སྣུམ་འཁོར་ཚུ་གི་ དོའི་ལྗིད་ཚད་དེ་ ཚད་ལས་བརྒལ་ནུག་ཟེར་མི་དེ་ལུ་ གཞི་བཞག་སྟེ་ བཀག་འཛིན་ཚུ་ འབད་ནི་འདུག་ཟེར་ཨིན་པས།
དུས་ཅི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་ཁབ་ནང་ ཊཱག་ཚུ་གིས་ ཚད་གཞི་དང་འཁྲིལ་ དོ་འབག་ཆོག་པའི་ བར་འབྲེལ་འཐབ་པའི་ཤུལ་ལས་ རྡོ་སྐྱེལ་འདྲེན་གྱི་ ཚོང་འབྲེལ་འཐབ་མི་ཚུ་ལུ་ རྒུད་ཕོག་སྟེ་ཡོད་ཟེར་ཨིན་པས།
བང་ལ་དེཤ་ལུ་ རྡོ་ཕྱིར་ཚོང་འཐབ་མི་དེ་ ལོག་ལྟབ་ཀྱིས་ ཡར་སེང་སོང་ཡོདཔ་ལས་ རྒྱ་གར་གྱི་ རྡོ་ཕྱིར་ཚོང་འབད་མི་ལུ་ རྒྱ་ཆེ་དྲགས་སྦེ་ ཐོ་ཕོག་སྟེ་ཡོདཔ་ད་ རྒྱ་གར་གྱིས་ བང་ལ་དེཤ་ལུ་ ཕྱིར་ཚོང་འབདཝ་ད་ ཁྲལ་བརྒྱ་ཆ་༤༨ ཕོག་དོ་ཡོདཔ་ལས་ འབྲུག་པའི་རྡོ་ཚོང་རྐྱབ་མི་ཚུ་ལུ་ ཁེ་ཕན་བྱུང་སྟེ་ཡོདཔ་ཨིན་པས།
སྤུས་ཚད་ལས་བཅད་རུང་ འབྲུག་པའི་རྡོ་ཚུ་ ལེགས་ཤོམ་ཡོདཔ་ལས་ དེ་གིས་ཡང་ ས་གནས་ཀྱི་མི་ཚུ་ དབུགས་འགམ་ཡོདཔ་འོང་ནི་མས་ཟེར་ སླབ་དོ་ཡོདཔ་ཨིན་པས།
རྡོ་སྐྱེལ་འདྲེན་འབད་མི་ཚུ་གིས་ སླབ་མིའི་ནང་ འབྲུག་དང་ རྒྱ་གར་གཉིས་ཆ་རའི་ འགོ་དཔོན་ཚུ་གིས་ གནས་སྟངས་དེ་ སྣང་དག་མེདཔ་སྦེ་ བརྩི་འཇོག་འབད་དོ་ཡོདཔ་ལས་ བྱ་ངན་མང་ཤོས་ར་ གཞུང་འབྲེལ་མེན་པའི་ཐོག་ལ་ས སེལ་ཐབས་འབད་བཞག་ནི་འདུག་ཟེར་ཨིན་པས།
གཞུང་གཉིས་ཀྱི་ཧོངས་ལས་ ས་མཚམས་ཁའི་གནད་དོན་དེ་ལུ་ གཙོ་རིམ་བྱིན་དགོཔ་འདུག་ཟེར་ཨིནམ་ད་ དེད་གཡོགཔ་ཅིག་གིས་སླབ་མིའི་ནང་ བྱ་ངན་བྱུང་བའི་ཚེ་ ཁོ་ར་ ག་ནི་ཡང་མ་འབདཝ་ལས་ ཁ་རྗེ་བཟང་ནུག་ཟེར་ཨིན་པས།
ཁོ་ར་ བྱ་ངན་བྱུང་བའི་སྐབས་ གདོང་ཁར་ཡོདཔ་ལས་ སྣུམ་འཁོར་གཞན་ཚུ་ འོང་མ་འོང་བལྟ་སྟེ་འགྱོཝ་ད་ བྱ་ངན་འབད་བའི་སྐོར་ལས་ མ་ཤེསཔ་ལས་ ས་གནས་ཀྱི་མི་ཚུ་གིས་ དབང་མནོན་འབད་ཡི་ཟེར་ཨིན་པས།
ས་གནས་ཀྱི་མི་༢ ཀྱིས་ དབུགས་འགམ་མི་ཚུ་ མ་བཀག་པ་ཅིན་ ང་ར་ ཤི་ཤིཝ་འོང་ཟེར་ དེད་གཡོགཔ་དེ་གིས་ བཤད་པའི་ཁར་ ས་གནས་ཀྱི་མི་༢ ཀྱིས་ ཁོང་གི་ཁྱིམ་ནང་ ཉེན་སྲུང་དོན་ལུ་ ཁྱིད་འབག་ཡི་ཟེར་ཨིན་པས།
ཀུན་གསལ་ལུ་ གནས་ཚུལ་བཤད་མི་དང་འཁྲིལཝ་ད་ ཁྲིམས་སྲུང་འགག་པ་གིས་ གནད་དོན་དེ་ལུ་ ཞིབ་དཔྱད་འབད་དོ་ཟེར་ཨིན་རུང་ བྱ་ངན་འབད་མི་ཚུ་ ད་ལྟོ་ཡང་ འཛིན་བཟུང་མ་འབད་བར་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ཡོད་མི་ དོན་གཅོད་ཡིག་ཚང་གི་ དོན་གཅོན་ཡོངས་ཁྱབ་ཀྱིས་ བྱ་ངན་དེའི་སྐོར་ལས་ བརྡ་དོན་ག་ནི་ཡང་ལྷོད་ཟེར་ གནད་དོན་དེ་ལུ་ ག་ནི་ཡང་ སླབ་མ་བཏུབ་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *