འགྲེམ་ཐོག་ཚོགས་རྒྱན་གྱི་གྲུབ་འབྲས་ གསལ་སྟོན་མ་འབད་བའི་ཧེ་མར་ བཀྲིས་སྒང་གི་འཐུས་མི་ཚུ་ གྲོས་བསྟུན་འབད་བའི་བསྒང་།

བཀྲིས་སྒང་ལུ་ སྤྱི་ཚོགས་ཀྱི་འཐུས་མི་བགྲེསཔ་ ལྷ་ཀྲུ་གིས་ རྒྱལ་ཁ་ཐོབ་ཡོདཔ།

ཁ་ཙ་ བཀྲིས་སྒང་ལུ་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ འགོ་འདྲེན་འཐབ་པའི་སྐབས་ ཀླུ་མང་གི་འདེམས་ངོ་ སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ་ ལྷ་ཀྲུ་གིས་ ཚོགས་རྒྱན་བསྡོམས་༤༢༨༤ ཐོབ་མི་ལས་༢༣༥༡ འགྲེམ་ཐོག་ཚོགས་རྒྱན་ཐོག་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

འདེམས་ངོ་༧ གྱི་གྲས་ལས་ བསམ་མཁར་རྒེད་འོག་ལས་ འཇམ་དབྱངས་ཀྱིས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ ཚོགས་རྒྱན་༢,༣༨༥ ཐོབ་མི་དེ་ མཐོ་ཤོས་ཨིནམ་ད་ ར་ལྡི་ལས་ སློབ་དཔོན་བགྲེསཔ་ སྐྱེས་ལོ་༣༩ ལང་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ ཚོགས་རྒྱན་༣,༨༦༨ ཐོབ་སྟེ་ ཨང་༣ པ་ཐོན་ཡོདཔ་ད་ ཁོ་གིས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༢,༣༥༣ ཐོབ་མི་དེ་ མཐོ་ཤོས་༢ པ་ཨིན་པས།

ལྷ་ཀྲུ་གིས་ སླབ་མིའི་ནང་ རྒྱལ་ཁ་འཐོབ་ནིའི་ བློ་གཏད་ཡོད་རུང་ ཚོགས་རྒྱན་འཕྲུལ་ཆས་ཀྱི་ གྲུབ་འབྲས་ལུ་བལྟ་སྟེ་ ཧ་ལས་དགོཔ་བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་གྱི་ གྱངས་ཁ་དང་འཁྲིལཝ་ད་ ཚོགས་རྒྱན་འཕྲུལ་ཆས་ནང་ཡང་ གྲུབ་འབྲས་དེ་བཟུམ་སྦེ་ར་ འཐོབ་ཚུགས་པའི་རེ་བ་བསྐྱེད་ཅི་ཟེར་ཨིན་པས།

འཕྲལ་ཁམས་ཅིག་ཁར་ ཧ་ཟས་གངས་རི་ལས་སྡེའི་ མདོ་ཆེན་གོ་གནས་ལས་ དགོངས་ཞུ་འབད་མི་ ལྷ་ཀྲུ་གིས་ སླབ་མིའི་ནང་ སྐུལ་བསྒྲགས་ཀྱི་སྐབས་ལུ་ བསམ་ལན་དང་ རྒྱབ་སྐྱོར་ཐོབ་མི་ལུ་ལྟཝ་ད་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ རྒྱབ་སྐྱོར་འཐོབ་ཚུགས་པའི་ མནོ་བསམ་བཏང་ཡི་ཟེར་ཨིན་པས།

ཁྲིམས་ཤིང་ལས་ ཨྱོན་རྡོ་རྗེ་གིས་ ཚོགས་རྒྱན་བསྡོམས་༣,༥༥༧ ཐོབ་སྟེ་ ཨང་༤ པ་ཐོན་ཡོདཔ་ད་ ཁོ་གི་ཤུལ་ལས་ གཤོང་ཕུག་རྒེད་འོག་ལས་ ཆོས་སྐྱིད་དབང་ཕྱུག་གིས་ ཚོགས་རྒྱན་༢,༤༩༤ ཐོབ་ཡོདཔ་ད་ ཨུ་མཛོ་རོང་ལས་ པདྨ་དབང་དྲག་གིས་ ཚོགས་རྒྱན་༡,༤༠༤ ཐོབ་ཡོདཔ་བཞིན་དུ་ བར་མཚམས་ལས་ ཨྱོན་ཕུན་ཚོགས་ཀྱིས་ ཚོགས་རྒྱན་༡,༢༨༨ ཐོབ་ཡོདཔ་ཨིན་པས།

བཀྲིས་སྒང་ལུ་ ཚོགས་རྒྱན་ས་ཁོངས་༨༠ ཡོད་ས་ལས་ ཐག་རིང་ཤོས་དེ་ར་ མེ་རག་རྒེད་འོག་ ཁི་ལི་ཕུག་དང་ ཁ་ཚ་སྟེང་སྤྱི་འོག་ཚུ་ནང་ཨིན་པས།

ཁ་ཙ་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༤༦,༩༨༣ ཡོད་མི་ལས་ བཀྲིས་སྒང་གིས་ འགྲེམ་ཐོག་ཚོགས་རྒྱན་བརྩིས་ཏེ་ ཚོགས་རྒྱན་༢༠,༨༦༨ ཐོབ་ཡོད་པའི་གནས་ཚུལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *