བཀྲིས་སྒང་རྫོང་ཁག་ཚོགས་འདུ་ འཚོགས་པའི་བསྒང་།

བཀྲིས་སྒང་རྫོང་ཁག་ཚོགས་འདུ་གིས་ ཚོགས་ཆུང་༤ གཞི་བཙུགས་འབད་ཡོདཔ།

༉ ཁ་ཙ་ བཀྲིས་སྒང་རྫོང་ཁག་ཚོགས་འདུ་ཐེངས་༧ པ་ མཇུག་བསྡུཝ་དང་འབྲེལ་ ཚོགས་ཆུང་༤ གཞི་བཙུགས་འབད་ནི་སྦེ་ ཆ་འཇོག་གྲུབ་ཅི།
དེ་ཡང་ རྒེད་འོག་༡༥ ནང་ ལཱ་ག་ཅི་ར་འབད་རུང་ སྟབས་བདེ་ཏོག་ཏོ་འབྱུང་ཐབས་དང་ ས་གནས་གཞུང་གི་བཅའ་ཁྲིམས་དང་འཁྲིལ་ གཞི་བཙུགས་འབདཝ་ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་འོགམ་ ཕོངས་མེད་རྒཔོ་ དཔལ་ལྡན་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་གི་ ལས་སྣ་ག་ཅི་སྦེ་རུང་ དུས་ཚོད་ཁར་འགྲུབ་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིནམ་ད་ རྒེད་འོག་ནང་འཁོད་ཀྱི་ དཀའ་ངལ་ཡང་ ཚོགས་ཆུང་གིས་ བསལ་ཚུགས་ཟེར་ཨིན་པས།
ཚོགས་ཆུང་དེ་ ས་གནས་གཞུང་གི་བཅའ་ཁྲིམས་དང་འཁྲིལ་ གཞི་བཙུགས་འབད་དོ་ཟེར་ ཁོ་གིས་བཤད་པའི་ཁར་ ཚོགས་ཆུང་གིས་ གོང་འཕེལ་གྱི་ལས་སྣ་དང་ རྒེད་འོག་གཅིག་གིས་གཅིག་ལུ་ དཀའ་ངལ་བསལ་ནིའི་ལུ་ ཕན་ཐོགས་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོགས་ཆུང་ལུ་ སྒྲིག་གཞི་དང་ ལམ་ལུགས་ཚུ་ག་ར་ ས་གནས་གཞུང་གིས་ བཟོ་ཡོདཔ་ལས་ ལག་ལེན་འཐབ་ནི་རྐྱངམ་གཅིག་ཨིན་ཟེར་ཨིནམ་ད་ རྫོང་ཁག་ཚོགས་འདུའི་ གྲོས་ཆོད་བསྐྱར་ཞིབ་འབད་ནི་ལུ་ཡང་ ཕན་ཐོགས་ཟེར་ཨིན་པས།
ས་གནས་གཞུང་གི་འགོ་ཁྲིདཔ་ ལ་ལོ་ཅིག་གིས་ སླབ་མིའི་ནང་ རྒཔོ་དང་དམངས་མི་ དེ་ལས་ ཞི་གཡོགཔ་གི་བར་ན་ སྟབས་མ་བདེཝ་བྱུང་མི་དེ་ཡང་ སེལ་ཐབས་འབད་འོང་ཟེར་ཨིནམ་ད་ གོང་འཕེལ་གྱི་ ལས་སྣ་བསྐྱར་ཞིབ་འབད་ནི་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཚོགས་ཆུང་གི་ཁྲི་འཛིན་དང་ འཐུས་མི་ཚུ་ཡང་ ཤེས་ཡོན་ཅན་དང་ ལྕོགས་གྲུབ་ཅན་དགོཔ་འདུག་ཟེར་ཨིནམ་ད་ ཚོགས་ཆུང་གི་འཐུས་མི་ཡང་ འབྲེལ་བའི་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་ཚུགས་མི་ཅིག་ དགོ་ཟེར་ཨིན་པས།
དམངས་གཙོ་བོའི་རིང་ལུགས་དང་འཁྲིལ་ གཞུང་ལས་ དབང་ཚད་ཕྱིར་སྤེལ་དང་ མ་དངུལ་གྱི་དབང་ཚད་ ས་གནས་གཞུང་ལུ་གནང་ཡོདཔ་ལས་ ཚོགས་ཆུང་གཞི་བཙུགས་འབད་མི་དེ་གིས་ ཤེས་ཡོན་བརྗེ་སོར་དང་ དཀའ་ངལ་བསལ་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ འགོ་དཔོན་ཅིག་གིས་ བཤད་པའི་ཁར་ གཅིག་གིས་གཅིག་ལུ་ གྲོགས་རམ་ཡང་འབད་ཚུགས་ནི་མས་ཟེར་ ཨིན་པས།
ཡང་གཉེར་རྒཔོ་ གྲུབ་ཐོབ་ཀྱིས་ སླབ་མིའི་ནང་ གཞུང་གིས་གནང་མི་ གྲོགས་རམ་དང་ ཅ་ཆས་ཚུ་ བདག་འཛིན་འཐབ་མི་ག་ཡང་མེདཔ་ལས་ ཚོགས་ཆུང་གིས་ རྩིས་བདག་བཏང་སྟེ་ ཞིབ་དཔྱད་འབད་བ་ཅིན་ ཤུལ་ལས་ གྲོགས་རམ་བྱིན་ནི་ལུ་ ཕན་ཐོགས་འོང་ཟེར་ཨིན་པས།
ཚོགས་ཁང་ཚོགས་འདུའི་ ཁྲི་འཛིན་ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་ཁག་ཚོགས་འདུ་གིས་ ཚོགས་ཆུང་གཞི་བཙུགས་འབད་ནི་ ཕྱི་སོ་ཡི་ཟེར་ཨིནམ་ད་ ཨིན་རུང་ ཚོགས་ཆུང་གཞི་བཙུགས་འབད་དགོཔ་ཁག་ཆེ་བས་ཟེར་ ཨིན་པས།
ཚོགས་ཆུང་གཞི་བཙུགས་འབད་དགོ་མི་དེ་ཡང་ ས་གནས་གཞུང་གི་ བཅའ་ཁྲིམས་ནང་འཁོད་དེ་ཡོདཔ་ད་ ཚོགས་ཆུང་ཚུ་ཡང་ ཁྲིམས་བཟོ་དང་ སྒྲིག་གཞི་ དེ་ལས་ ནང་སྒྲིག་དང་ལྟ་རྟོག་དབྱེ་ཞིབ་ཚོགས་ཆུང་ཚུ་ ཨིན་པའི་གནས་ཚུལ།

བཀྲིས་སྒང་། གནས་བརྟན་རྡོ་རྗེ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *