བཀྲིས་སྒང་རྫོང་ཁག་གི་གཉའ་རྒོད་ ཟོ་རི་ལ་ཨིནམ།

༉ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ བཀྲིས་སྒང་རྫོང་ཁག་ནང་ གཉན་རྒོད་གདམ་འཐུའི་ འགྲན་བསྡུར་འབད་བའི་སྐབས་ ཕོངས་མེད་རྒེད་འོག་ལས་ ཡོངས་གྲགས་ལུ་ ཟོ་རི་ལ་ཟེར་སླབ་མི་ ཀརྨ་དབང་ཕྱུག་གིས་ དོ་འགྲན་པ་གཉའ་རྒོད་གཞན་༣ ལས་ དྲག་ཤོས་ཐོན་ནུག། སྐྱེས་ལོ་༣༨ ལང་མི་ ཟོ་རི་ལ་གིས་ ལས་རིམ་ཁག་༥ དེ་ དུས་ཡུན་སྐར་མ་༩ དང་སྐར་ཆ་༡༠ ལུ་ མཇུག་བསྡུ་ཡོདཔ་ལས་ དུས་ཅིའི་ལོ་མཇུག་བསྡུ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་ གཉའ་རྒོད་ཀྱི་ མཐའ་བཅད་འགྲན་བསྡུར་ འགོ་འདྲེན་འཐབ་པའི་སྐབས་ བཀྲིས་སྒང་རྫོང་ཁག་གི་ གཉའ་རྒོད་སྦེ་ བཅའ་མར་གཏོགས་ནི་ཨིན་པའི་གནས་ཚུལ།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *