སྐྱེས་ལོ་༥༢ ལང་མི་ ཀརྨ་གིས་ ཁོ་རའི་ཁྱིམ་ནང་སྡོད་དེ་ རྒྱང་བསྒྲགས་རེ་ཌིའི་ནང་ མི་དབང་མཆོག་གི་ གསུང་བཤད་ཉན་པའི་བསྒང་།

བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ དཀར་མེ་ཕུལ་ཐོག་ལས་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་ཡོདཔ།

  ཁ་ཙ་ རྒྱལ་ཁབ་ནང་འཁོད་ལུ་ རྒྱལ་ཡོངས་དུས་ཆེན་༡༡༣ པ་ བརྩི་སྲུང་ཞུཝ་དང་འབྲེལ་ བཀྲིས་སྒང་ལུ་ འབད་བ་ཅིན་ རང་སོའི་ཁྱིམ་ནང་ དཀར་མེ་ཕུལ་ ཁྱིམ་གྱི་གདོང་ཁར་ རྒྱལ་དར་འཕྱར་ཐོག་ལས་ བརྩི་སྲུང་ཞུ་ཡི།

བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རང་སོའི་ཁྱིམ་ནང་སྡོད་དེ་ རྒྱང་མཐོང་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ལས་ རྒྱལ་ཡོངས་ལུ་ གསུང་བཤད་གནང་མི་ལུ་ ཉན་ཡོདཔ་ད་ རྫོང་ཁག་གི་ འགོ་དཔོན་ཚུ་གིས་ རྫོང་གི་རྡོ་གཅལ་ནང་ གུ་རུ་རིན་པོ་ཆེའི་ མཐོང་གྲོལ་མཇལ་ཁ་གནང་སྟེ་ དཀར་མེ་དང་ ཞབས་བརྟན་ཕུལ་ཐོག་ལས་ བརྩི་སྲུང་ཞུ་ཡི།

སྐྱེས་ལོ་༥༢ ལང་མི་ ཀརྨ་གིས་ ཁོ་རའི་ཁྱིམ་ནང་སྡོད་དེ་ རྒྱང་བསྒྲགས་རེ་ཌི་ཨོ་ནང་ མི་དབང་མངའ་ཞབས་མཆོག་གི་ གསུང་བཤད་ཉན་ཡོདཔ་ད་ ནད་ཡམས་ལུ་བརྟེན་ ཨ་རྟག་བཟུམ་སྦེ་ དུས་སྟོན་བརྩི་སྲུང་ནང་ གྲལ་གཏོགས་འབད་མ་ཚུགས་རུང་ ཁོ་རའི་ཁྱིམ་ནང་ བརྩི་སྲུང་འབད་ཚུགསཔ་ལས་ སེམས་དགའ་ཡི་ཟེར་ བཤད་པའི་ཁར་ མི་དབང་མངའ་ཞབས་མཆོག་ སྐུ་ཚེ་ཞབས་པད་བརྟན་ཏེ་ བཞུགས་ནི་གི་ སྨོན་ལམ་བཏབ་ཅི་ཟེར བཤདཔ་ཨིན་པས།

ཨུ་མཛོ་རོང་ལས་ སོ་ནམ་པ་ སངས་རྒྱས་ཡེ་ཤེས་ཀྱིས་ སླབ་མིའི་ནང་ དུས་ཚོད་ཐོབ་ད་ རྒྱལ་ཡོངས་བརྩི་སྲུང་ཞུ་སར་ གྲལ་གཏོགས་འབད་ནི་ཡོད་ཟེར་ཨིནམ་ད་ ད་རེས་ མི་དབང་མངའ་བདག་རྒྱལ་པོའི་ གསུང་བཤད་ཉན་ནིའི་ གོ་སྐབས་ཐོབ་ཡོདཔ་ལས་ སྐལ་བ་བཟང་ཡི་ཟེར་ཨིན་པས།

བཀྲིས་གཡང་རྩེ་རྫོང་ཁག་ནང་འབད་བ་ཅིན་ རྒྱལ་ཡོངས་དུས་ཆེན་གྱི་ཉིན་མར་ མི་དབང་རྒྱལ་ཚབ་མཆོག་གིས་ མི་དབང་མཆོག་གི་ སྐུ་པར་གྱི་ ཕོ་བྲང་སྒོ་འབྱེད་གནང་ཡོདཔ་མ་ཚད་ དཀར་མེ་སྟོང་མཆོད་དང་ ཞབས་བརྟན་ཕུལ་ཐོག་ལས་ ཉིནམ་བརྩི་སྲུང་ཞུ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *