བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ ནད་ཡམས་ཀྱི་ བརྟག་དཔྱད་འབད་དོ་ཡོདཔ།

༉ ཐིམ་ཕུག་ལས་ བཀྲིས་སྒང་ལུ་འོང་མི་༤༧༩ དེ་ཅིག་གིས་ བཀྲིས་སྒང་རྫོང་ཁག་ནང་ཡོད་མི་ ནད་བརྟག་ས་ཁོངས་༦ ཡོད་མི་ཚུ་ནང་ ནད་གཞི་ཡོད་མེད་ཀྱི་ བརྟག་དཔྱད་འབད་བའི་སྐབས་ ག་ར་ནད་འབུབ་མེདཔ་སྦེ་ཐོན་ནུག།

བཀྲིས་སྒང་ རྫོང་ཁག་གསོ་བའི་འགོ་དཔོན་ གངས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༡༢ པའི་ཚེས་༧ ལས་ཚུར་ བཀྲིས་སྒང་ལུ་ མི་ག་དེ་ཅིག་འོང་ནུག་ག་ འཚོལ་ཞིབ་འབད་དོ་ཟེར་ཨིན་པས།

འགྲུལ་པ་ཚུ་ག་ར་ གསོ་བའི་སྒྲིག་གཞི་དང་འཁྲིལ་ བརྟག་དཔྱད་འཕྲོ་མཐུད་འབད་ནིའི་དོན་ལུ་ དཔེ་ཚད་ཚུ་ ཨར་ཊི་པི་སི་ར་བརྟག་དཔྱད་ཀྱི་དོན་ལུ་ གཏང་འོང་ཟེར་ཨིན་པས།

ནད་གཞི་དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ ཐིམ་ཕུག་ལས་ བཀྲིས་སྒང་ལུ་འོང་མི་ སྣུམ་འཁོར་ཚུ་ བདེ་སྲུངཔ་དང་ ཁྲིམས་སྲུང་འགག་པ་ཚུ་བཙུགས་ཏེ་ བཀྲིས་སྒང་སྨན་ཁང་ནང་ བརྟག་དཔྱད་འབད་བར་ བཏང་དོ་ཟེར་ཨིནམ་ད་ གསོ་བའི་ལམ་སྟོན་ཚུ་ གཡུས་སྒོ་ཚུ་ནང་ ཁྱབ་སྤེལ་འབད་ཡི་ཟེར་ཨིན་པས།

བཀྲིས་གཡང་རྩེ་ལུ་འབད་བ་ཅིན་ ཐིམ་ཕུག་ལས་འོང་མི་༡༣༦ དེ་ཅིག་ལུ་ ནད་ཡོད་མེད་ཀྱི་ བརྟག་དཔྱད་འབདཝ་ད་ ནད་མེདཔ་སྦེ་ཐོན་ཡོདཔ་ད་ ད་ལྟོ་ བརྟག་དཔྱད་བའི་བསྒང་ར་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

འགོ་དཔོན་ཚུ་གིས་ ཐིམ་ཕུག་ལས་འོང་མི་ཚུ་ རང་སོའི་ཁྱིམ་ནང་ བདུན་ཕྲག་༡ དེ་ཅིག་ ཟུར་བཞག་སྡོད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *