བཀྲིས་སྒང་གི་ ཚོང་པ་ཚུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ལུ་ སྤྲོ་བ་སྦོམ་མེདཔ།

༉ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ སྦོ་ལོགས་ཁར་ ལྷོད་ཡོད་རུང་ བཀྲིས་སྒང་གི་ ཚོང་པ་ཚུ་ལུ་ སྤྲོ་ཤུགས་དེམ་ཅིག་ར་ མེདཔ་ཨིན་པས།
ཚོང་པ་ལེ་ཤ་ཅིག་གིས་ ཁོང་རའི་ འདེམས་ཁོངས་ནང་ལས་ མི་ངོ་ག་གིས་ དོ་འགྲན་འབད་དོ་ཡོདཔ་ཨིན་ན་ཡང་ མི་ཤེས་དོ་ཡོདཔ་ད་ ཚོང་པ་ཅིག་གིས་འབད་བ་ཅིན་ ཁོང་རའི་ལཱ་ར་ བཙར་མ་ཚུགས་པར་ཡོདཔ་ལས་ ངོ་ཚབ་ག་བཟུམ་དང་ འདེམས་ཁོངས་ག་ཏེ་ལས་ཐོནམ་ཨིན་ན་ ཤེས་ནི་གི་ དུས་ཚོད་མེད་ཟེར་ཨིན་པས།
ཁོ་གིས་ ས་ཁོངས་གསརཔ་ནང་ གཞིས་བཅགས་ཚརཝ་ཅིག་ར་ཨིནམ་ལས་ གཡུས་ཁ་ལུ་ རྒྱ་ལམ་རེ་མ་གཏོགས་ ལྷོད་མི་ཚུགས་པས་ཟེར་ བཤད་པ་ཨིན་རུང་ ག་བཙག་འཐུ་འགྲུབ་རུང་ ཁོང་ར་ཆ་ཁྱབ་ སྔར་ག་ཨིནམ་སྦེ་ར་ ཚོང་རྐྱབ་སྡོད་ནི་ཨིནམ་ལས་ ཁོང་གི་དོན་ལུ་ ཁྱད་པར་ག་ནི་ཡང་མེད་པའི་ཁར་ འདས་པའི་ལོ་ངོ་༡༠ ནང་ ཁོ་གི་གཡུས་ཁར་ ལེགས་བསྒྱུར་ག་ནི་ཡང་ མ་མཐོང་ཟེར་ བཤདཔ་ཨིན་པས།
ན་ཧིང་ལས་ཚུར་ རྫོང་ཁག་བཙག་འཐུ་ཡིག་ཚང་གིས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཚོགས་རྒྱན་དང་འབྲེལ་བའི་ བྱ་རིམ་ཚུ་གི་སྐོར་ ཤེས་རྟོགས་ཡོདཔ་ བཟོ་ཐབས་ལུ་ བརྡ་དོན་ཤེས་ཡོན་ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ མེ་རག་གི་ སྤྱི་འོག་༢ ནང་མ་གཏོགས་ རྫོང་ཁག་དེ་གི་ སྤྱི་འོག་༧༨ ཆ་མཉམ་ནང་ ལས་རིམ་དེ་ འགོ་འདྲེན་འཐབ་ནུག།
བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཡུས་ཚན་ཚུ་ནང་ གུང་སྟོང་ལེ་ཤ་ཡོདཔ་ལས་ ཚོགས་རྒྱན་བཙུགས་ཐངས་ཀྱི་ གོ་བརྡའི་ལས་རིམ་ཚུ་ནང་ བཅའ་མར་གཏོགས་མི་ ལེ་ཤ་མ་ཐོན་རུང་ གཡུས་ཁར་ཡོད་མི་ ཧ་ལམ་ག་ར་གིས་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
རྫོང་ཁག་བཙག་འཐུ་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གཡུས་མི་ཚུ་གིས་ བཙག་འཐུའི་བྱ་སྒོའི་རིམ་པ་དང་ འགན་ཁུར་ཚུ་ ཧ་གོ་ཡོདཔ་ལས་ དེ་བཟུམ་མའི་ ལས་རིམ་ནམ་ར་འགོ་འདྲེན་འཐབ་རུང་ འོངམ་ཨིན་རུང་ ཁྲོམ་ཁར་སྡོད་མི་ཚུ་གིས་ སྤྲོ་བ་དེ་ཅིག་ བསྐྱེད་མི་བཏུབ་པས་ཟེར་ཨིན་པས།
ཚོང་པ་མང་ཤོས་ཅིག་གིས་ སླབ་མིའི་ནང་ ཁོང་གི་ཧོངས་ལས་ བརྡ་དོན་ཤེས་ཡོན་ལས་རིམ་ལུ་ རྒྱབ་སྐྱོར་ཡོད་རུང་ ལ་ལོ་ཅིག་གིས་འབད་བ་ཅིན་ ལས་རིམ་དེ་ནང་ གནད་དོན་གསརཔ་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ཚོང་པ་བཀྲིས་ཀྱིས་ བཙག་འཐུ་དང་འབྲེལ་བའི་ ལམ་ལུགས་བསྒྱུར་བཅོས་ཀྱི་སྐོར་ལས་ ཤེས་རྟོགས་བྱུང་ཚུགས་མི་དེ་ ཤེས་ཡོན་ལས་རིམ་ལུ་བརྟེན་ཨིནམ་བཞིན་དུ་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་མ་འཐབ་པ་ཅིན་ བཙག་འཐུའི་སྐབས་ འཐུས་ཤོར་དང་ འཛུལ་བ་སྦོམ་ འབྱུང་སྲིད་ནི་མས་ཟེར་ བཤདཔ་ཨིན་པས།
ཚོང་པ་གཞན་ཅིག་གིས་ སླབ་མིའི་ནང་ འདས་པའི་བཙག་འཐུ་ཚུ་གི་སྐབས་ ཚོགས་རྒྱན་བཙུགས་ཐངས་ཀྱི་ བརྡ་དོན་ལས་རིམ་ མང་རབས་ཅིག་ འགོ་འདྲེན་འཐབ་ཡོདཔ་ལས་ ད་ལས་ཕར་ གོ་བརྡའི་ལས་རིམ་ཚུ་ནང་ བཅའ་མར་གཏོགས་དགོ་པའི་ དགོས་མཁོ་མི་མཐོངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འདི་བཟུམ་མའི་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་ད་ ཚོང་ཁང་སྒོ་སྡམ་བཞག་དགོཔ་ལས་ རྒུད་ཕོགཔ་མས་ཟེར་ཨིན་པས།
ཚོགས་རྒྱན་ག་ཅི་སྦེ་དང་ ག་དེ་སྦེ་ བཙུགས་དགོཔ་ཨིན་ན་ ང་བཅས་ལུ་ ཤེས་རྟོགས་ཡོདཔ་ལས་ གོ་བརྡའི་ལས་རིམ་དེ་མེན་པར་ འདེམས་ངོ་གསརཔ་ཚུ་གིས་ ག་ཅི་སླབ་ནི་ཡོདཔ་ཨིན་ན་ ཉན་ནི་ལུ་ སྤྲོ་བ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
བཙག་འཐུའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ སེམས་བསུན་ཁག་ཁ་བཟོ་བའི་ གནད་དོན་ཚུ་ སེལ་ནི་དང་ གོ་བརྡའི་ལས་རིམ་ཚུ་ནང་ ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་ཡར་སེང་འབད་ཐབས་ལུ་ བཙག་འཐུའི་བྱ་སྒོའི་རིམ་པ་ཚུ་གི་ གོ་བརྡ་སྤྲོད་ནི་གི་ ཐབས་བྱུས་སྣ་ཚོགས་བཟོ་སྟེ་ཡོད་ཟེར་ཨིན་པས།
བཀྲིས་སྒང་ཁྲོམ་གྱི་དོན་ལུ་ དམིགས་བསལ་སྦེ་བཟོ་མི་ ཤེས་ཡོན་ལས་རིམ་དེ་ ཁ་ཙ་ བཀྲིས་སྒང་འབྲིང་རིམ་སློབ་བར་མའི་ནང་ འཁྲབ་སྟོན་དང འཁྲབ་ཐུང་ཚུ་གི་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ དེ་བཟུམ་མའི་ ལས་རིམ་དེ་ ཝམ་རོང་དང་ མཁའ་གླིང་ བཀང་ལུང་ རང་འབྱུང་ཚུ་ནང་ཡང་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *