བཀྲིས་འགྲུལ་འཕྲིན་ ལག་ལེན་པ་ ཡར་འཕར་སོང་ཡོད་རུང་ འབྲུག་བརྒྱུད་འཕྲིན་ལུ་མར་བབས།

༉ འདས་པའི་ལོ་ཚུ་ནང་ལས་ བཀྲིས་འགྲུལ་འཕྲིན་གྱི་ ཞབས་ཏོག་སྤྱོད་མི་ ཚོང་མགྲོན་པའི་གྱངས་ཁ་ ཡར་འཕར་སོང་ཡོད་རུང་ འབྲུག་བརྒྱུད་འཕྲིན་གྱི་ ཚོང་འབྲེལ་མར་བབས་སོང་ཡོདཔ་ཨིན་པས།
དེ་ཡང་ བཀྲིས་འགྲུལ་འཕྲིན་ལག་ལེན་འཐབ་མི་ སྤྱི་ལོ་༢༠༡༡ ལུ་༩༨,༠༩༥ ཡོད་མི་ལས་ དུས་ཅི་ སྤྱི་ཟླ་༦ པའི་ནང་འཁོད་ལུ་ ཚོང་མགྲོན་པ་༢༦༧,༧༩༠ ལུ་ ཡར་སེང་སོང་ནུག་ཟེར་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གིས་ ཟླཝ་༣ གྱི་ གནས་སྡུད་གསར་བཏོན་འབད་མིའི་ནང་ བཀོད་ནུག།
སྤྱི་ཟླ་༧ པའི་ནང་འཁོད་ལུ་ བཀྲིས་འགྲུལ་འཕྲིན་གྱི་ ཞབས་ཏོག་སྤྱོད་མི་༢༦༧,༧༩༠ དང་ འབྲུག་བརྒྱུད་འཕྲིན་ ལག་ལེན་འཐབ་མི་༤༤༨,༠༨༢ ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་ འབྲུག་བརྒྱུད་འཕྲིན་ ལག་ལེན་པ་༤༧༥,༤༤༤ ཡོད་མི་ལས་ ད་རེས་༢༧,༣༦༢ དེ་ཅིག་ མར་བབས་སོང་ནུག།
དེ་བསྒང་ བཀྲིས་འགྲུལ་འཕྲིན་གྱི་ ཞབས་ཏོག་ལག་ལེན་འཐབ་མི་༡༨༥,༡༦༩༨ ཡོདཔ་བཞིན་དུ་ འབྲུག་བརྒྱུད་འཕྲིན་དང་ བཀྲིས་འགྲུལ་འཕྲིན་དང་གཅིག་ཁར་ ཚོང་མགྲོན་པ་༤༤,༢༩༤ དང་༤༡,༤༠༠ གིས་ ཐོ་བཀོད་འབད་ཡོད་རུང་ ལག་ལེན་མ་འཐབ་པས་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ འབྲུག་བརྒྱུད་འཕྲིན་གྱི་ ཚོང་མགྲོན་པ་ བརྒྱ་ཆ་༧༩ ཡོད་མི་ལས་ ད་རེས་ སྤྱི་ཟླ་༦ པའི་ནང་བརྒྱ་ཆ་༦༢ མར་བབས་སོང་ཡོདཔ་མ་ཚད་ བཀྲིས་འགྲུལ་འཕྲིན་གྱིས་འབད་བ་ཅིན་ སྤྱི་ལོ་༢༠༡༡ ལུ་ ལག་ལེན་པ་བརྒྱ་ཆ་༢༡ ལས་ བརྒྱ་ཆ་༣༧ ལུ་ ཡར་འཕར་སོང་ནུག།
སྙན་ཞུ་དང་འཁྲིལཝ་ད་ འབྲུག་དང་ བཀྲིས་བརྒྱུད་འཕྲིན་གྱི་ ཞབས་ཏོག་དེ་ རྫོང་ཁག་༢༠ དང་ རྒེད་འོག་༢༠༥ ག་རའི་ནང་ ལྷོད་དེ་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༦ པ་ཚུན་ འབྲུག་བརྒྱུད་འཕྲིན་གྱི་རྒྱུན་ལམ་ བོ་རོཊ་བེན་ མཐུད་སྦྲེལ་འབད་མི་༥༩༧,༤༥༨ ལུ་ ལྷོད་དེ་ཡོདཔ་བཞིན་དུ་ བོ་རོཊ་བེན་དེ་ སྤྱི་ལོ་༢༠༠༨ ལུ་ འགོ་བཙུགས་ནུག།
སྤྱི་ལོ་༢༠༠༥ ལུ་ རྒྱུན་ཐག་མཐུད་སྦྲེལ་ཐོག་ བརྒྱུད་འཕྲིན་ལགལེན་འཐབ་མི་༣༢,༧༠༩ ཡོད་མི་ལས་ མར་བབས་སོང་ཡོད་རུང་ འདས་པའི་ལོ་༢ ལས་ དུམ་གྲ་ཅིག་ ཡར་སེང་སོང་སྟེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *