བཀྲིས་ཆོས་གླིང་རྒེད་འོག་ནང་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ།

༉ ཁ་ཙ་ དུས་རྒྱུན་གྱི་ བརྟག་དཔྱད་ལས་རིམ་འགོ་འདྲེན་འཐབ་ད་ བསམ་རྩེ་བཀྲིས་ཆོས་གླིང་རྒེད་འོག་ནང་ མི་ཅིག་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོད་པའི་ ངོས་བཟུང་འབད་མི་དང་འཁྲིལ་ རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་དེ་ དུས་ཡུན་ཆུ་ཚོད་༧༢ ཀྱི་རིང་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་མ་ཚད་ སློབ་གྲྭ་དང་ ཡིག་ཚང་ གཙུག་སྡེ་ཚུ་ག་ར་ སྒོ་བསྡམས་ཡོད་པའི་ གསལ་བསྒྲགས་འབད་ནུག།

དེ་ལས་ ཁ་ཙ་ ཟླཝ་༧ ལས་ སྐྱེས་ལོ་༥༢ ཀྱི་བར་ན་འབད་མི་ འབྲུགཔ་༡༤ ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོད་པའི་ མངོན་གསལ་བྱུང་ནུག།

ནད་འབུབ་ཐོབ་མི་ཚུ་ཡང་ ཕོ་༦ དང་མོ་༨ ཨིནམ་ད་ ཁོང་གི་གྲས་ལས་ བསམ་རྩེ་ བཀྲིས་ཆོས་གླིང་ལས་ ཚ་རིམས་སྨན་བཅོས་ཁང་ལས་༡ དང་ ཧེ་མ་ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་བ་འཐབ་མི་༡༢ དེ་ལས་ ཕུན་ཚོགས་གླིང་ལུ་ ཕྱི་ཁ་ལས་ལྷོད་མི་༡ ཨིན་པས།

དེ་གི་ཧེ་མར་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ མི་༢༥ ལུ་ ཀོ་བིཌ་-༡༩ ཐོབ་ཡོད་མི་ལས་ སྒོམ་ཀྲུ་ལུ་ མི་སྡེ་ནང་ལས་༥ དང་ ཕུན་ཚོགས་གླིང་ལུ་ ཚ་རིམས་སྨན་བཅོས་ཁང་ལས་༣ བདའ་ཟུན་ཡོདཔ་ད་ གཞན་ཚུ་ ཧེ་མ་ ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་བ་འཐབ་མི་ཨིན་པས།

སྤྱི་ལོ་༢༠༢༠ ཟླ་༣ པའི་ཚེས་༦ ལས་ ད་རིས་ཚུན་ཚོད་ འབྲུག་ལུ་ ཀོ་བིཌ་-༡༩ ཐོབ་མི་༢,༠༧༦ ༼ཕོ་༡,༣༡༧ མོ་༧༥༩༽ལུ་ ཡར་འཕར་སོང་མི་ལས་ ནདཔ་༡,༧༧༣ ༼ཕོ་༡,༡༢༦ མོ་༦༤༧༽ དྲག་ཡོདཔ་ད་ ད་ལྟོ་ རྐྱང་གནས་ཟུར་བཞག་ནང་ ནད་གཞི་ཐོག་ལུ་སྡོད་མི་ ནདཔ་༣༠༢ ཡོད་མི་ལས་ ཕོ་༡༩༠ དང་མོ་༡༡༢ ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *