ཀརྨ་རྒྱལ་མཚན།

བཀྲིས་གཡང་རྩེའི་མི་སེར་ཚུ་གིས་ འཐུས་མི་གསརཔ་ཅིག་ བཙག་འཐུ་འབད་ནིའི་ རེ་འདོད་ཡོདཔ།

རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༣ པ་ འགོ་བཙུགས་ནི་རནམ་ད་ བཀྲིས་གཡང་རྩེ་རྫོང་ཁག་གི་ མི་སེར་ཚུ་གིས་ འདེམས་ངོ་གསརཔ་ཅིག་ གདམ་འཐུ་འབད་ནིའི་དོན་ལུ་ ནང་ན་ལས་ གྲ་སྒྲིག་འབད་དེ་ཡོདཔ་ཨིན་པས།

ཡ་ལང་རྒེད་འོག་ནང་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་ སྐྱེས་ལོ་༧༡ ལང་མི་ འཇིགས་མེད་ཆོས་སྒྲོན་དང་ སྐྱེས་ལོ་༥༠ ལང་མི་ བློ་བཟང་སྒྲོལ་མ་༢ ཀྱིས་ ཚོགས་རྒྱན་གྱི་ཉིནམ་ལུ་ ངོ་མ་ཤེས་མི་ འདེམས་ངོ་ཅིག་ལུ་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

བཀྲིས་གཡང་རྩེ་རྫོང་ཁག་གིས་ ཚོགས་ཐེངས་རེ་ནང་ འདེམས་ངོ་རེ་སོར་ཡོདཔ་ད་ དུས་ཅི་ཡང་ རྫོང་ཁག་གི་མི་སེར་ཚུ་གིས་ སློབ་དཔོན་བགྲེསཔ་ཅིག་ བཙག་འཐུ་འབད་ཡོདཔ་ད་ མི་ཚུ་གིས་ དུས་ཅིའི་འཐུས་མི་དེ་ གཡང་རྩེ་ཁྲོམ་དང་ གཡང་རྩེ་རྒེད་འོག་ དེ་ལས་ རམ་འཇར་རྒེད་འོག་གི་ འདེམས་ངོ་ཚུ་གི་གྲས་ལས་ གཅིག་གདམ་འཐུ་འབད་ནིའི་ རེ་བ་བསྐྱེད་ནུག།

རྒེད་འོག་དེ་ཚུ་ནང་ལས་ འདེམས་ངོ་ཐོན་མི་དེ་གིས་ གོ་གནས་ཐོག་ཡོད་མི་ བཀྲིས་ཕུན་ཚོགས་ཀྱིས་ དོ་འགྲན་སྦོམ་འབད་དགོ་པའི་ཁར་ སྤྱི་ལོ་༢༠༡༣ ལུ་ ཁོ་ལུ་རྒྱབ་སྐྱོར་འབད་མི་ཚུ་ལས་ དུས་ཅི་ རྒྱབ་སྐྱོར་འཐོབ་མ་ཚུགས་པའི་ ཚ་གྱང་ལང་དགོཔ་བྱུང་ནུག།

འདེམས་ངོ་མེད་མི་ རྒེད་འོག་གཞན་ སྟོད་ཚོ་དང་ འཇམ་མཁར་རྒེད་འོག་གི་ མི་སེར་ཚུ་གིས་ ཉེ་འདབས་ཀྱི་རྒེད་འོག་ ཁམས་དྭངས་དང་ སྟོང་གཞང་གི་ འདེམས་ངོ་ཚུ་ལུ་ རྒྱབ་སྐྱོར་མངམ་འབད་ཡོདཔ་ཨིན་པས།

རམ་འཇར་རྒེད་འོག་གི་འདེམས་ངོ་ ཕུརཔ་རྒྱལ་མཚན་ཡང་ རྒྱལ་ཁ་འཐོབ་ནིའི་ འོས་འབབ་ཡོད་པའི་ ལོ་རྒྱུས་ཐོན་ཡོདཔ་ད་ ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་ནང་ལས་ མཐོ་ཤོས་ཐོབ་ཡོད་རུང་ ཚོགས་རྒྱན་འཕྲུལ་ཆས་ནང་ལས་ ཚོགས་རྒྱན་༩༧༡ ལས་ ཐོབ་མ་ཚུགས་པའི་ཁར་ བཙག་འཐུ་གྲུབ་མི་གིས་ ཚོགས་རྒྱན་འཕྲུལ་ཆས་ནང་ལས་ མཐོ་ཤོས་༡,༣༧༥ ཐོབ་ནི་དེ་གིས་ བདའ་ཟུན་མ་ཚུགས།

ཚོགས་རྒྱན་གྱི་གྲུབ་འབྲས་ཚུ་ གསལ་སྟོན་འབད་བའི་སྐབས་ སྐྱེས་ལོ་༣༥ ལང་མི་ ཀརྨ་རྒྱལ་མཚན་གྱིས་ འགྲེམ་ཐོག་དང་ཚོགས་རྒྱན་འཕྲུལ་ཆས་ནང་ལས་ ཐོབ་མི་ཚུ་བསྡོམས་ད་ མཐོ་ཤོས་ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ད་ གཡང་རྩེ་རྒེད་འོག་གི་འདེམས་ངོ་ འཕྲིན་ལས་ཀྱིས་མཐོ་ཤོས་༢ པ་ དེ་ལས་ ཕུར་པ་རྒྱལ་མཚན་གྱིས་ མཐོ་ཤོས་༣ པ་ཐོན་ཡི།

ཀརྨ་རྒྱལ་མཚན་གྱིས་ འགྲེམ་ཐོག་ཚོགས་རྒྱན་༥༧༧ ལས་ མ་ཐོབ་རུང་ འཕྲུལ་ཆས་ཚོགས་རྒྱན་ནང་ལས་ མཐོ་ཤོས་ཐོབ་ཡོདཔ་ད་ འཕྲིན་ལས་ཀྱིས་ འཕྲུལ་ཆས་ཚོགས་རྒྱན་༡༣༦༧ ཐོབ་ཡོད་རུང་ འགྲེམ་ཐོག་ཚོགས་རྒྱན་༤༦༦ ལས་མ་ཐོབ་པས།

སྟོང་གཞང་རྒེད་འོག་གི་འདེམས་ངོ་ ངག་དབང་བཀྲིས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༧༦༧ དང་ ཚོགས་རྒྱན་འཕྲུལ་ཆས་ནང་ལས་༧༥༧ ཐོབ་ཡོདཔ་ད་ ཁམས་དྭངས་རྒེད་འོག་གི་འདེམས་ངོ་ བསོད་ནམས་བཀྲིས་ཀྱིས་ ཚོགས་རྒྱན་འཕྲུལ་ཆས་ནང་ལས་༧༡༩ དང་ འགྲེམ་ཐོག་ནང་ལས་༥༠༡ ཐོབ་ཡོདཔ་ཨིན་པས།

ཨིན་རུང་ འཐུས་མི་བགྲེསཔ་ བཀྲིས་ཕུན་ཚོགས་ཀྱིས་ འདེམས་ངོ་ཚུའི་གྲས་ལས་ འགྲེམ་ཐོག་དང་འཕྲུལ་ཆས་༢ ཆ་རའི་ནང་ལས་ ཉུང་ཤོས་ཐོབ་ཡོདཔ་ལས་ འདེམས་ངོ་ཚུའི་གྲས་ལས་ ཚོགས་རྒྱན་ཉུང་ཤོས་ ཁོ་གིས་ཐོབ་ནུག།

བཙག་འཐུ་གྲུབ་མི་ ཀརྨ་རྒྱལ་མཚན་གྱིས་ འབུམ་སྡེ་གླིང་རྒེད་འོག་ལས་ ཚོགས་རྒྱན་༤༩༠ ཐོབ་ཡོདཔ་ལས་ ཁོ་དང་གཅིག་ཁར་ རྒེད་འོག་དེ་ནང་ དོ་འགྲན་འབད་མི་ འཕྲིན་ལས་ཀྱིས་༡༥༧ ཐོབ་ཡོདཔ་ད་ གཡང་རྩེ་ཁྲོམ་སྡེ་ལས་ འཕྲིན་ལས་ཀྱིས་༣༥༨ ཐོབ་ཡོདཔ་ད་ ཀརྨ་རྒྱལ་མཚན་གྱིས་༤༤༧ ཐོབ་ཡོདཔ་ཨིན་པས།

འཐུས་མི་གསརཔ་ ཀརྨ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཁོ་གིས་ རྒེད་འོག་གཞན་ཚུ་ནང་ལས་ རྒྱབ་སྐྱོར་དེ་ཅིག་ མི་འཐོབ་ནི་ཨིནམ་ལས་ ཁོ་གིས་ འབུམ་སྡེ་གླིང་དང་ གཡང་རྩེ་ཁྲོམ་ རྒེད་འོག་ནང་ གཙོ་རིམ་བཟུང་ཡི་ཟེར་ཨིན་པས།

འཇམ་མཁར་རྒེད་འོག་ནང་ལས་འབད་བ་ཅིན་ ཀརྨ་རྒྱལ་མཚན་གྱིས་ ཚོགས་རྒྱན་༧༢ ཐོབ་ཡོདཔ་ད་ སྟོད་ཚོ་རྒེད་འོག་ལས་༡༧༥ དེ་ལས་ ཁོ་དང་གཅིག་ཁར་ དོ་འགྲན་འབད་མི་ འཕྲིན་ལས་ཀྱིས་ འཇམ་མཁར་རྒེད་འོག་ལས་༡༦༨ དང་ སྟོད་ཚོ་རྒེད་འོག་ལས་༢༦༨ ཐོབ་ཡོདཔ་ཨིན་པས།

དེ་ལས་ ཀརྨ་རྒྱལ་མཚན་གྱིས་ འདེམས་ངོ་བསོད་ནམས་བསྟན་འཛིན་གྱི་རྒེད་འོག་ ཁམས་དྭངས་ལས་ ཚོགས་རྒྱན་༡༢༧ ཐོབ་ཡོདཔ་ལས་ འཕྲིན་ལས་ཀྱིས་༤༧ ཐོབ་ཡོདཔ་ཨིན་རུང་ བསོད་ནམས་བསྟན་འཛིན་གྱིས་ རྒེད་འོག་ནངལ་༥༠༤ ཐོབ་མི་དེ་ ཚོགས་རྒྱན་མཐོ་ཤོས་ཨིནམ་ད་ འཐུས་མི་བགྲེསཔ་ བཀྲིས་ཕུན་ཚོགས་ཀྱིས་ རྒེད་འོག་དེ་ནང་ལས་༢༢ ལས་ མ་ཐོབ་པས།

བཀྲིས་ཕུན་ཚོགས་ཀྱིས་ ཁོ་རའི་རྒེད་འོག་ ཡ་ལང་ལས་ ཚོགས་རྒྱན་༡༢༤ ཐོབ་ཡོད་རུང་ འདེམས་ངོ་འཕྲིན་ལས་ཀྱིས་༢༠༣ ཐོབ་མི་ལུ་ལྟཝ་ད་ ཁོ་རའི་རྒེད་འོག་ནང་ལས་ཡང་ རྒྱབ་སྐྱོར་དེ་ཅིག་ མེདཔ་ཨིན་པས།

བཀྲིས་ཕུན་ཚོགས་ཀྱིས་ རམ་འཇར་རྒེད་འོག་གི་ བ་འུང་ཚོགས་རྒྱན་ས་ཁོངས་དང་ སྟོད་ཚོ་གི་མ་ནམ་ དེ་ལས་ འཇམ་མཁར་རྒེད་འོག་གི་ འཇིགས་མཚམས་ཚོགས་རྒྱན་ས་ཁོངས་ཚུ་ནང་ལས་ ཚོགས་རྒྱན་ཕུད་རྡོག་གཅིག་ཡང་ ཐོབ་མ་ཚུགས་པས།

དེ་བཟུམ་སྦེ་ བཙག་འཐུ་གྲུབ་མི་ ཀརྨ་རྒྱལ་མཚན་གྱིས་ཡང་ རམ་འཇར་རྒེད་འོག་གི་བ་འུང་དང་ སྟོང་གཞང་རྒེད་འོག་གི་ ཅང་མ་དུང་ དེ་ལས་ ཡ་ལང་རྒེད་འོག་གི་ ཕྲ་གོངམ་ཚོགས་རྒྱན་ས་ཁོངས་ཚུ་ནང་ལས་ ཕུད་རྡོག་གཅིག་ཡང་ ཐོབ་མ་ཚུགས་པས།

རམ་འཇར་རྒེད་འོག་ནང་ ཀརྨ་རྒྱལ་མཚན་དང་ འཕྲིན་ལས་གཉིས་ ཡོངས་གྲགས་མེད་དོ་བཟུམ་སྦེ་ གཡང་རྩེ་རྒེད་འོག་དང་ཁྲོམ་ནང་ བསོད་ནམས་བཀྲིས་དང་ ངག་དབང་བཀྲིས་ དེ་ལས་ བཀྲིས་ཕུན་ཚོགས་ཚུ་ལུ་ རྒྱབ་སྐྱོར་དེ་ཅིག་མེདཔ་ལས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ཡང་ ཉུང་སུ་ཅིག་ལས་ མ་འཐོབ་པས།

ངག་དབང་བཀྲིས་ཀྱིས་ཡང་ ཁོ་རའི་རྒེད་འོག་ནང་ལས་ནང་ ཚོགས་རྒྱན་༤༦༦ ཐོབ་མི་དེ་རྐྱངམ་གཅིག་ མཐོ་ཤོས་ཨིནམ་ད་ ཁོ་གིས་ བ་འུང་རྒེད་འོག་ལས་ ཚོགས་རྒྱན་༡༠ ལས་ ཐོབ་མ་ཚུགས་པས།

གོ་གནས་ཐོག་ཡོད་མི་ བཀྲིས་ཕུན་ཚོགས་ཀྱིས་ རྒྱལ་ཁ་འཐོབ་ནིའི་རེ་བ་དེ་ཅིག་མེད་རུང་ འདེམས་ངོ་ཚུའི་གྲས་ལས་ ཉུང་ཤོས་ར་ ཁོ་གིས་འཐོབ་ནིའི་ རེ་བ་མ་སྡོད་ཟེར་ཨིནམ་ལས་ ཁོ་གིས་ ད་ལས་ཕར་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་ རེ་བ་མེད་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ སྤྱི་ཚོགས་ཐེངས་རེ་འཚོགསཔ་ད་ སྤྱི་འོག་ཚུ་ནང་ གོ་བརྡ་སྤྲོད་པར་འགྱོ་ནི་ཡོད་རུང་ མི་སེར་ཚུ་གི་རེ་འདོད་ག་བཟུམ་ཡོདཔ་ཨིན་ན་ ཧ་མི་དགོ་བས་ཟེར་ཨིན་པས།

ཡ་ལང་ལས་ སྐྱེས་ལོ་༤༤ ལང་མི་ ཚོགས་རྒྱན་བཙུགས་མི་ ཕོ་སྐྱེས་ཅིག་གིས་ སླབ་མིའི་ནང་ མི་སེར་གྱི་ངོ་ཚབ་ཀྱིས་ ཚོགས་ཁང་ནང་ འཕྲལ་འཕྲལ་སྦེ་ར་ ཞུ་ནི་མང་སུ་འབད་དགོཔ་ལས་ དུས་ཅི་ རམ་འཇར་གྱི་འདེམས་ངོ་ ཕུར་པ་རྒྱལ་མཚན་ལུ་ བཙུགས་ཅི་ཟེར་ཨིན་པས།

རྒེད་འོག་དེ་ལས་ར་ཨིན་མི་ སྐྱེས་ལོ་༥༨ ལང་མི་གིས་ ཁོ་གིས་ ཚོགས་རྒྱན་ག་ལུ་ བཙུགས་ཡོདཔ་ཨིན་ན་ སླབ་མ་བཏུབ་རུང་ ཁོ་གིས་ཡང་ འདེམས་ངོ་ག་ལུ་བཙུགས་ནི་ཨིན་ན་དེ་ སྤྱིར་བཏང་འཛོམས་འདུའི་ ནང་ལས་ ལྟ་བཞག་ཅི་ཟེར་ཨིན་པས།

འཐུས་མི་གསརཔ་གིས་ བཤད་མིའི་ནང་ ཁོ་གིས་ ཁྱིམ་རྐྱབ་པའི་སྐབས་ ཤིང་གི་གནང་བ་ལེན་དགོ་པའི་སྐབས་ དཀའ་ངལ་ཡོདཔ་ལས་ དེ་ཚུ་ལུ་ གཙོ་རིམ་བཟུང་ནི་ཟེར་ཨིན་པའི་ཁར་ ཁོ་ར་ ཁག་འབག་གི་ལཱ་འབད་མི་ཡང་ཨིནམ་ལས་ ཁག་འབག་དང་འབྲེལ་བའི་གནད་དོན་དང་ གཞན་ཡང་ གཞི་རིམ་གྱི་ ལས་བྱེདཔ་ཚུའི་སྐོར་ལས་ཡང་ བལྟ་ནི་ཟེར་ཨིནམ་ད་ སློབ་དཔོན་ཚུ་གི་ ལཱ་གི་ལྗིད་ཚད་ལུ་ཡང་ གཙོ་རིམ་བཟུང་ནི་ཟེར་ཨིན་པས།

བཀྲིས་གཡང་རྫོང་ཁག་ནང་ ཐོ་བཀོད་འབད་མི་ ཁྱད་ཚད་ལྡན་མི་༡༨,༣༥༥ ཡོད་ས་ལས་༥,༤༡༡ གིས་རྐྱངམ་གཅིག་ ཚོགས་རྒྱན་འཕྲུལ་ཆས་ཀྱི་ཐོག་ལས་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་༤༨༩༨ གིས་ ཐོ་བཀོད་འབད་ས་ལས་༣༦༤༦ གིས་ ཞབས་ཏོག་སྤྱོད་ཡོདཔ་ཨིན་པས།

བརྒྱ་ཆ་ལས་བཅད་པ་ཅིན་ འཕྲུལ་ཆས་ཀྱི་ཐོག་ལས་ ཚོགས་རྒྱན་བཙུགས་མ་དེ་ བརྒྱ་ཆ་༤༠.༢ དང་ འགྲེམ་ཐོག་ལས་བཙུགས་མི་བརྒྱ་ཆ་༧༢ ཐོན་ཡོདཔ་ཨིན་པས།

སྤྱི་ཚོགས་ཐེངས་༣ པའི་གྲུབ་འབྲས་ཚུ་ གཞུང་འབྲེལ་དུ་ གསལ་སྟོན་འབད་ཚར་ཡོད་རུང་ སྐྱེས་ལོ་༧༡ ལང་མི་ འཇིགས་མེད་ཆོས་སྒྲོན་དང་ སྐྱེས་ལོ་༥༠ ལང་མི་ བློ་བཟང་སྒྲོལ་མ་གཉིས་ཀྱིས་ ཚོགས་རྒྱན་བཙུགས་པའི་སྐབས་ འདེམས་ངོ་ག་ལུ་ བཙུགས་ཡོདཔ་ཨིན་ན་ ག་གིས་ཡང་ མི་ཤེས་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དར་ལ་གློག་མེ་ལས་འགུལ་ ཟླཝ་༣ གྱི་རིང་ སྒོ་བསྡམ་བཞག་ནི།

༉ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་འཁྲིལཝ་ད་ ནུས་ཤུགས་མེ་ག་ཝཱཊ་༡༠༢༠ འབད་མི་ དར་ལ་གློག་མེ་ལས་ འགུལ་དེ་ སྤྱི་ཟླ་༡༢ པའི་ཟླ་མཇུག་ལས་ སྤྱི་ལོ་༢༠༢༢ ཀྱི་ ཟླཝ་༣ པའི་ཟླ་མཇུག་ཚུན་ བཅོ་ཁ་རྐྱབ་ནིའི་དོན་ལུ་ སྒོ་བསྡམ་བཞག་ནི་ཨིནམ་ལས་ འོང་འབབ་དངུལ་ཀྲམ་ས་ཡ་༨༤༠ …

Leave a Reply

Your email address will not be published. Required fields are marked *