བཀྲིས་གཡང་རྩེ་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་མི་ཚུ།

བཀྲིས་གཡང་རྩེ་གིས་ སློབ་དཔོན་བགྲེསཔ་ཅིག་ ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་འབད་ཡོདཔ།

བཀྲིས་གཡང་རྩེ་རྫོང་ཁག་གིས་ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་གི་ བཙག་འཐུ་ཐེངས་གསུམ་པ་ འགོ་འདྲེན་འཐབ་པའི་སྐབས་ སྐྱེས་ལོ་༣༥ ལང་མི་ སློབ་དཔོན་བགྲེསཔ་ ཀརྨ་རྒྱལ་མཚན་དེ་ འཐུས་མི་གསརཔ་སྦེ་ བཙག་འཐུ་འབད་ཡི།

ཁོ་གིས་ སྤྱི་ལོ་༢༠༡༦ ལུ་ གཡང་རྩེ་ཁྲོམ་གྱི་ ཁྲོམ་དཔོན་ནང་ དོ་འགྲན་འབད་ནིའི་དོན་ལུ་ སློབ་དཔོན་ནང་ལས་ དགོངས་ཞུ་འབད་ཡོད་རུང་ རྫོང་ཁག་ཁྲོམ་དང་འབྲེལ་བའི་ དཀའ་ངལ་ཐོན་པའི་ཤུལ་ལས་ དེ་སྦེ་ར་ སྡོད་པའི་ཤུལ་ལས་ དུས་ཅི་ ཚོགས་སྡེའི་དོན་ལུ་ ཁྲོམ་སྡེ་ནང་ལས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༥༧༧ དང་ ཚོགས་རྒྱན་འཕྲུལ་ཆས་ནང་ ཚོགས་རྒྱན་༡,༣༧༥ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།

བཙག་འཐུའི་གྲུབ་འབྲས་གསལ་སྟོན་འབད་བའི་ཤུལ་ལས་ ཁོ་ར་ བརྒྱུད་འཕྲིན་ནང་ དགའ་ཚོར་བསྐྱེད་མི་ཚུ་ལས་ འགྲུལ་འཕྲིན་གཅིག་ཤུལ་གཉིས་སྦེ་ འོང་ནི་དེ་གིས་ བཙག་འཐུའི་གྲུབ་འབྲས་ལུ་ བསམ་འཆར་བཤད་ནིའི་ དུས་ཚོད་ར་མེདཔ་སྦེ་ མཐོང་ཡི།

གཡང་རྩེ་རྒེད་འོག་ལས་ དོ་འགྲན་འབད་མི་ འཕྲིན་ལས་ཀྱིས་ ཚོགས་རྒྱན་མཐོ་ཤོས་གཉིས་པ་ཐོབ་ཡོདཔ་ད་ ཁོ་གིས་ ཚོགས་རྒྱན་བསྡོམས་༡,༨༣༣ ཐོབ་མི་ཚུ་ཡང་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་༡,༣༦༧ དང་ འགྲེམ་ཐོག་ཚོགས་རྒྱན་ཐོག་ལས་༤༦༦ ཐོབ་ཡོདཔ་ཨིན་པས།

འཕྲིན་ལས་དང་ ཀརྨ་རྒྱལ་མཚན་གྱི་བར་ན་ ཚོགས་རྒྱན་༡༡༩ གི་ཁྱད་པར་ཡོདཔ་ཨིན་པས།

རྫོང་ཁག་གི་ འཐུས་མི་བགྲེསཔ་ བཀྲིས་ཕུན་ཚོགས་ཀྱིས་ ཡ་ལང་རྒེད་འོག་ལས་ ལོག་སྟེ་ དོ་འགྲན་འབད་ཡོད་རུང་ ཁོ་གིས་ འདེམས་ངོ་དྲུག་གི་གྲས་ལས་ ཉུང་ཤོས་ཐོབ་ཡོདཔ་ལས་ ཚོགས་རྒྱན་བསྡོམས་༦༢༥ ལས་ ཐོབ་མ་ཚུགས་པས།

སྟོང་མ་བྱང་ས་རྒེད་འོག་གི་འདེམས་ངོ་ ངག་དབང་བཀྲིས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༧༦༧ དང་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༧༥༧ ཐོབ་ཡོདཔ་ཨིན་པས།

རམ་འཇར་རྒེད་འོག་གི་འདེམས་ངོ་ ཕུར་པ་རྒྱལ་མཚན་གྱིས་ འགྲེམ་ཐོག་ཚོགས་རྒྱན་༨༢༨ ཐོབ་མི་དེ་ མཐོ་ཤོས་ཨིན་རུང་ ཁོ་གིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༩༧༡ ལས་བརྒལ་ ཐོབ་མ་ཚུགས།

ཁམས་དྭངས་རྒེད་འོག་གི་འདེམས་ངོ་ བསོད་ནམས་བསྟན་འཛིན་གྱིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༧༡༩ དང་ འགྲེམ་ཐོག་ཚོགས་རྒྱན་༥༠༢ ལས་བརྒལ་ ཐོབ་མ་ཚུགས་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ བཀྲིས་བསྟན་འཛིན།

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *