ཡངསི་ཊར་ ཨེཕ་སི་(ཁེན་འཇར་ཧོདམོ་)དང་ བར་གཤོང་བཤད་གྲྭའི་ དགེ་སློང་ཚུ་གི་བར་ན་ རྩེད་འགྲན་འབད་བའི་བསྒང་།

བཀང་ལུང་ལུ་ ཅཱན་སི་ལོར་རྒྱལ་རྟགས་ཀྱི་ ཕུཊ་བཱོལ་རྩེད་འགྲན་འབད་དོ་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༢༨ ལས་ བཀྲིས་སྒང་བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་སྦེ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ཅཱན་སི་ལོར་རྒྱལ་རྟགས་ནང་ མོང་སྒར་ལས་ ཡངསི་ཊར་ ཨེཕ་སི་གིས་ གཱོལ་༨ བཙུགས་ཏེ་ བར་གཤོང་བཤད་གྲྭའི་ ཕུཊ་བཱོལ་སྡེ་ཚན་ ཕམ་ཡོདཔ་ཨིན་པས།
མོང་སྒར་གྱི་སྡེ་ཚན་ལུ་ རྩེད་འགྲན་གྱི་ཧེ་མ་ལས་ར་ གཱོལ་ག་དེམ་ཅིག་ བཙུགས་ཚུགས་ཚུགསཔ་ཅིག་ བཙུགས་ནིའི་གཙོ་རིམ་བཟོ་ཡོདཔ་ད་ རྩེད་འགྲན་ནང་ སྡེ་ཚན་དྲག་ཤོས་ཅིག་འབདཝ་ལས་ རྩེད་འགྲན་འགོ་བཙུགསཔ་ཅིག་ གཱོལ་བཙུགས་ནི་འབད་མི་ལུ་བརྟེན་ དགེ་སློང་ཚུ་ གཱོལ་བཙུགས་བཅུག་ནི་ལས་ བཀག་ཆ་་འབད་དགོཔ་བྱུང་ནུག།
རྩེད་འགྲན་འགོ་བཙུགསཔ་ཅིག་ དགེ་སློང་ཚུ་གིས་ ཕྱི་གཟུགས་དང་ གནས་སྐབས་༢ རའི་ཐོག་ལས་ ལེགས་ཤོམ་སྦེ་ རྩེད་འགྲན་འབད་མ་ཚུགསཔ་ཨིན་པས།
ཨིན་རུང་ རྩེད་འགྲན་གྱི་ འགོ་ཐོག་སྐར་མ་༣༠ ནང་ ཡངསི་ཊར་ ཨེཕ་སི་གིས་ གཱོལ་བཙུགས་ནི་འབད་མི་ལུ་ གདོང་ལེན་འབད་ཡོདཔ་བཞིན་དུ་ དགེ་སློང་ཚུ་གིས་ ལེགས་ཤོམ་སྦེ་ རྩེད་མི་ལུ་བརྟེན་ རྩེད་འགྲན་འདྲན་འདྲ་སྦེ་ར་ འབད་ཡོདཔ་ཨིན་པས།
ཡངསི་ཊར་གྱི་ གོ་ལི་གིས་ ཚར་ལེ་ཤ་ཅིག་ར་ བཱོལ་ལེགས་ཤོམ་སྤྲོད་ཡོདཔ་བཞིན་དུ་ འགོ་ཐོག་སྐར་མ་༣༠ འི་ནང་ ག་དེམ་ཅིག་ རྩ་འགེངས་ཡོད་རུང་ དོན་མེད་སོང་ཡོདཔ་ལས་ སྐར་མ་༣༤ ལུ་ ཀུན་དགའ་འཕྲིན་ལས་ཀྱིས་ གཱོལ་བཙུགས་ཡོདཔ་མ་ཚད་ སྐར་མ་༡ གི་རྒྱབ་ལས་ ཁོ་གིས་ ད་རུང་ གཱོལ་༡ བཙུགས་ཡོདཔ་ཨིན་པས།
རྩེད་འགྲན་དང་པ་ མཇུག་བསྡུ་ནིའི་ སྐར་མ་༡༠ གུ་ལྷོདཔ་ད་ ད་རུང་ ཡངསི་ཊར་གྱིས་ གཱོལ་༢ བཙུགས་བཞིན་དུ་ རྩེད་འགྲན་༢ པའི་ནང་ གཱོལ་༤ བཙུགས་ཡོདཔ་ལས་ དགེ་སློང་ཚུ་ལུ་ གདོང་ལེན་ཅན་ཅིག་སྦེ་ བྱུང་ཡོད་རུང་ སྐར་མ་༧༨ ལུ་ དགེ་སློང་སྡེ་ཚན་ལས་ རྡོ་རྗེ་དཔལ་འབྱོར་གྱིས་ གཱོལ་༡ བཙུགས་ཡོདཔ་ཨིན་པས།
ཅཱན་སི་ལོར་རྒྱལ་རྟགས་འགོ་བཙུགས་སྐབས་ ན་ཧིང་ སྤྱི་ཟླ་༢ པ་སྔ་ཆ་དེ་ཅིག་ཁར་ མོང་སྒར་རྒྱལ་པོའི་ཞིང་ལུ་ འགོ་འདྲེན་འཐབ་མི་ ཨོ་པཱན་ཕུཌ་བཱོལ་འགྲན་བསྡུར་གྱི་ ཐག་བཅད་འགྲན་བསྡུར་པ་ཚུ་གི་བར་ན་ རྩེད་འགྲན་འབད་ཡོདཔ་ད་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གིས་ གཱོལ་༤ བཙུགས་ཏེ་ འབྲུག་བརྟན་ཕམ་བཏང་ཡོདཔ་ཨིན་པས།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ ཅཱན་སི་ལོར་རྒྱལ་རྟགས་དེ་ མི་དབང་མངའ་ཞབས་མཆོག་ལུ་ གུས་བཏུད་ཞུ་ནི་དང་ མཐོ་རིམ་སློབ་གྲྭ་གིས་ ལོ་༥༠ འི་རིང་ ཤེས་ཡོན་སྤྲོད་མི་ དེ་ལས་ རྒྱ་འབྲུག་༢ ཀྱི་ ལོ་༥༠ འཁོར་བའི་མཐུན་ལམ་ བརྩི་སྲུང་ཞུ་ཐབས་ལུ་ མཐོ་རིམ་སློབ་གྲྭ་གིས་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
རྒྱལ་རྟགས་ནང་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ བསམ་གྲུབ་ལྗོངས་མཁར་ མོང་སྒར་ དེ་ལས་ པདྨ་དགའ་ཚལ་ལས་ བསྡོམས་སྡེ་ཚན་༣༨ ཀྱིས་ བཅའ་མར་གཏོགས་དོ་ཡོདཔ་ད་ རྒྱལ་རྟགས་དེ་ སྤྱི་ཟླ་༦ པའི་ཚེས་༩ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *