ཕྱིའི་ལས་མི་ཅིག་ དམར་བསད་འབད་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༡༧ ལུ་ སྤ་རོ་ལུ་ སྐྱེས་ལོ་༤༥ ལང་མི་ ཕྱིའི་ལས་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་ཅིག་ལུ་ གྱི་ཅུང་གསོབ་སྟེ་ དམར་བསད་འབད་ཡོདཔ་ད་ ཚེ་འདས་ཕོ་སྐྱེས་དེ་ཡང་ ཕྱིའི་ལས་མི་ཨིནམ་བཞིན་དུ་ ཁོང་༢ ཆ་ར་ བཟོ་སྐྲུན་ས་ཁོངས་ཅིག་ནང་ ལཱ་འབད་དོ་ཡོདཔ་ཨིན་པས།

རྐྱེན་ངན་དེ་ཡང་ སྤ་རོ་ལམ་གོང་ལུ་ ཕྱིའི་ལས་མི་ཚུ་གིས་ བི་ཤྭ་ཀརྨ་དུས་སྟོན་ བརྩི་སྲུང་འབད་བའི་སྐབས་ ཁོང་༢ ཀྱི་བར་ན་ འཐབ་འཛིང་འབད་ཡོདཔ་བཞིན་དུ་ ཆ་རོགས་ཚུ་གིས་ ཁ་ཕྱེལ་བཏང་སྟེ་ སྒར་ནང་སོང་བའི་ཤུལ་ལས་ ད་རུང་ འཐབ་འཛིང་འབདཝ་ད་ དོགས་པ་ཅན་གྱིས་ ཐབ་ཚང་ནང་གི་ གྱི་ཅུང་ལག་ལེན་འཐབ་སྟེ་ དམར་བསད་འབད་ཡོདཔ་ཨིན་པས།

གནད་དོན་དེ་ལུ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་དོ་ཡོད་པའི་གནས་ཚུལ།

སྡོད་གནས་ཀྱི་ རྒྱབ་སྐྱོར་འབད་ནི།

༉ རྩི་རང་ལུ་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ མི་སྡེ་ཞབས་ཏོག་ལྟེ་བ་གིས་ སང་ཕོད་སྤྱི་ཟླ་དང་པ་ལས་ ཚུལ་མིན་ལོག་སྤྱོད་ཀྱི་ གནོད་འཚེ་བྱུང་མི་ཚུ་གི་དོན་ལུ་ སྡོད་གནས་ཀྱི་ རྒྱབ་སྐྱོར་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།

དེ་ཡང་ གཙོ་བོ་ར་ ལྟེ་བ་གིས་ གནོད་འཚེ་བྱུང་མིའི་གྱངས་ཁ་ ཡར་སེང་འགྱོ་མི་དང་བསྟུན་ གློ་བུར་གྱི་ བར་འཛུལ་འཐབ་ད་ ཤེས་རྟོགས་བྱུང་ནི་དེ་གིས་ ཨིན་པའི་གནས་ཚུལ།

ནང་འཁོད་ཡུན་བརྟན་ཅ་ཁྲལ་དམིགས་གཏད།

༉ བསྟན་རྒྱས་ལྷན་ཁག་གིས་ ནང་འཁོད་ཅ་ཁྲལ་དམིགས་གཏད་༢༠༤༠ཚུན་གྱི་ སྙན་ཞུ་གསལ་སྟོན་འབད་ཡོདཔ་བཞིན་དུ་ བརྟག་ཞིབ་དེ་ འབྲུག་གློག་མེ་ལས་འཛིན་དང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་ འབྲུག་གློག་མེ་དབང་འཛིན་གྱི་ སྡེ་ཚན་ཅིག་གིས་ ད་ལྟོའི་ བརྡ་དོན་དང་གནས་སྡུད་ལུ་ གཞི་བཞག་ཐོག་ལས་ ནང་འཁོད་ཡུན་བརྟན་ཅ་ཁྲལ་དམིགས་གཏད་ བྱིན་ཐབས་ལུ་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *