ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ཟླཝ་༣ དང་ རྒུད་འཐུས་སྤྲོད་བཅུག་ཡོདཔ།

༉ ཐིམ་ཕུག་ཉེས་རྩོད་ཁྲིམས་ཁྲི་དང་པ་གིས་ སྤྱི་ཟླ་༤ པའི་ཚེས་༡༥ ལུ་ ཕོ་སྐྱེས་ཅིག་གིས་ ཁོ་དང་གཅིག་ཁར་ དགའ་མཐུན་སྦེ་སྡོད་མི་ ཨམ་སྲུ་དེ་དང་གཅིག་ཁར་ འདོད་སྤྱོད་ཀྱི་ དུས་མཐུང་གློག་བརྙན་བཟོ་མི་དེ་ མི་སྡེ་བརྡ་བརྒྱུད་ནང་ བཀྲམ་སྤེལ་འབད་མི་ལུ་བརྟེན་ བཙོན་ཁྲིམས་ཟླཝ་༣ དང་ ཟླཝ་༦ གི་གླ་ཆ་རྩིས་རྐྱབ་སྟེ་ རྒུད་འཐུས་དངུལ་ཀྲམ་༢༢,༥༠༠ སྤྲོད་དགོ་པའི་འཁྲུན་ཆོད་བཏོན་ནུག།

འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གྱིས་ གློག་བརྙན་བཟོ་མི་དེ་ ཉམས་རྒུདཔ་ཨམ་སྲུའི་ གནང་བ་མེད་པར་ ཝི་ཅེཌ་ནང་ ཁྱབ་སྤེལ་འབད་མི་དེ་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༩༦.༢ ལྟར་ མངོན་རྟགས་སྒྲུབ་སྟེ་ཡོད་ཟེར་བཀོད་ནུག།

དེ་འབདཝ་ལས་ ཁོ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༤༦༣ དང་༡༣ ལྟར་ ཟླཝ་༣ གྱི་ བཙོན་ཁྲིམས་ཕོག་མི་དེ་ ཁྲིམས་འཐུས་བཏབ་ཆོག་ཟེར་ཨིན་པས།

འདོད་སྤྱོད་གློག་བརྙན་དེ་ ཉེས་འཛུགས་ཅན་གྱིས་ འགྲུལ་འཕྲིན་ནང་བཟོ་སྟེ་ ཤུལ་ལས་ ཝི་ཅེཌ་ནང་ དར་ཁྱབ་སོང་མི་ལུ་བརྟེན་ ཉམས་རྒུདཔ་ཨམ་སྲུ་དེ་གི་ མིང་གཏམ་མེདཔ་བཏང་ཡོད་པའི་ཁར་ སེམས་ཁར་ཚོར་སྣང་དྲག་པོའི་ སྡུག་བསྔལ་མྱོང་བཅུག་ནུག་ཟེར་ཨིན་པས།

ཁྲིམས་སྲུང་འགག་སྡེ་གིས་ ཞིབ་དཔྱད་འབད་དེ་ ཁྲིམས་འདུན་ལུ་ཕུལ་མི་ལུ་ ཉེས་འཛུགས་ཅན་གྱིས་ ངོས་ལེན་འབད་ཡོད་ པའི་ཁར་ གློག་བརྙན་དེ་ཡང་ ཁོང་གཉིས་ཀྱིས་ མོས་མཐུན་ཐོག་ལས་བཟོ་ཡོདཔ་བཞིན་དུ་ ཁོ་རའི་ ཆ་རོགས་ཅིག་ལུ་ བཏང་ཡི་ཟེར་ སླབ་ནུག།

ཁོ་གིས་ གློག་བརྙན་དེ་ དོན་ཆེད་སྦེ་ར་ མི་སྡེ་བརྡ་བརྒྱུད་ནང་ བཀྲམ་སྤེལ་འབད་བའི་ མངོན་རྟགས་འདུག་ཟེར་ འཁྲུན་ཆོད་ནང་ བཀོད་ཡོདཔ་ད་ ཁོ་གི་ཆ་རོགས་གཞན་ཚུ་གི་ འགྲུལ་འཕྲིན་ནང་ཡང་ གློག་བརྙན་དེ་ ཡོད་པའི་མངོན་རྟགས་སྒྲུབ་ཡོདཔ་ཨིན་པས།

གནད་དོན་དེ་ལུ་ ཞིབ་དཔྱད་འབད་བའི་སྐབས་དང་ དཔང་པོ་ཚུ་གིས་ ངག་བརྗོད་བྱིན་མི་ཚུ་ལུ་ལྟཝ་ད་ ཁོ་གིས་ ཉམས་ རྒུདཔ་ལུ་ བརྡབ་གསིག་རྐྱབ་ནུག་ཟེར་བཀོད་ནུག།

ཉེས་འཛུགས་ཅན་དེ་ ན་ཧིང་ སྤྱི་ཟླ་༥ པའི་ཚེས་༡༨ ལུ་ འཛིན་བཟུང་འབད་དེ་ ཟླཝ་དེ་གི་ སྤྱི་ཚེས་༢༢ ཚུན་ ཉིན་གྲངས་ ༤ གི་རིང་ དོ་དམ་ནང་བཞག་པའི་ཤུལ་ལས་ གློད་གྲོལ་བཏང་ཡོདཔ་ཨིན་པས།

ཉེས་འཛུགས་ཅན་གྱིས་ ཁོ་ལུ་ཡང་ ནང་མི་དང་ སྤུན་ཆ་ཚུ་ཡོདཔ་ལས་ འདོད་སྤྱོད་ཀྱི་ དུས་ཐུང་གློག་བརྙན་དེ་ལུ་བརྟེན་ ཁོ་ཡང་ ངོ་ཚ་ཡོདཔ་ལས་ རྒུད་འཐུས་འཐོབ་དགོཔ་སྦེ་ ཞུ་ཡོད་རུང་ ཞིབ་དཔྱད་འབད་བའི་སྐབས་ གློག་བརྙན་བཟོ་མི་ ཁོ་ར་ཨིནམ་ལས་ བཀྲམ་སྤེལ་འབད་མི་དེ་ ཁོ་མ་གཏོགས་ ཉམས་རྒུདཔ་ཨམ་སྲུ་དེ་གིས་ འབད་ནིའི་འོས་འབབ་མེདཔ་ལས་ ཁོ་གིས་ཞུ་མི་དེ་ ཕྱིར་འབུད་བཏང་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *