ཕུན་ཚོགས་གླིང་ཁྲོམ་འོགམ་གི་ ས་ཁོངས།

ཕོ་སྐྱེས་ཅིག་ལུ་ གྱི་གསོབ་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༢༥ གི་ནུབ་མོ་ ཕུན་ཚོགས་གླིང་ཁྲོམ་འོགམ་ ཕུན་ཚོགས་ལམ་ལུ་ རྩི་རང་ལས་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་ཅིག་ལུ་ གྱི་གསོབ་མི་ལུ་བརྟེན་ ཤི་རྐྱེན་བྱུང་ནུག།
རྐྱེན་ངན་དེ་ཡང་ དེ་ཚེ་ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ སྡེ་ཚན་༢ ཀྱི་བར་ན་ ཁ་ཤགས་རྐྱབ་པའི་སྐབས་ བྱུང་ཡོདཔ་ད་ ཉམས་རྒུདཔ་དེ་ ཕུན་ཚོགས་གླིང་གི་ མཛོད་ཁང་ཅིག་ནང་ ཚོང་བཙོང་མི་ཅིག་ཨིན་པས།
ཉམས་རྒུདཔ་གི་ཆ་རོགས་ རྩི་རང་ལས་ཨིན་མི་ སྐྱེས་ལོ་༤༠ ལང་མི་ དེད་གཡོགཔ་དེ་ཡང་ སྡེ་ཚན་༢ ཀྱི་བར་ན་ ཁ་ཤགས་རྐྱབ་པའི་སྐབས་ ཁོ་ལུ་ཡང་ གྱི་གསོབ་ཡོདཔ་ལས་ དེ་ཚེ་ནུབ་མོ་ར་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཕོ་སྐྱེས་སྡེ་ཚན་༢ པོ་དེ་ ཆང་ཁང་ཅིག་ནང་ ཆང་འཐུང་སྟེ་སྡོད་ནུག་ཟེར་ཨིནམ་ད་ ཉམས་རྒུདཔ་དང་ ཆ་རོགས་ཀྱི་སྡེ་ཚན་ནང་ ཁོང་༤ ཡོདཔ་ད་ དོགས་པ་ཅན་གྱི་ སྡེ་ཚན་ནང་ ཕོ་སྐྱེས་༣ ལས་བརྒལ་མིན་འདུག་ཟེར་ཨིན་པས།
ཚོང་པ་ཅིག་གིས་ སླབ་མིའི་ནང་ སྡེ་ཚན་༢ ཀྱི་བར་ན་ ཁ་ཤགས་རྐྱབ་ཡོདཔ་ལས་ ཆང་ཁང་གི་ ཇོ་བདག་དེ་གིས་ ཕྱི་ཁར་བདའ་བཏང་སར་ མཐོང་ཅི་ཟེར་ཨིན་པས།
དོགས་པ་ཅན་དང་ ཁོ་རའི་ཆ་རོགས་ཚུ་གིས་ ཉམས་རྒུདཔ་དང་ ཆ་རོགས་ཚུ་ལུ་ ཆང་ཁང་ནང་ སྐད་མ་རྐྱབ་ཟེར་ སླབ་པའི་ཤུལ་ལས་ འཐབ་འཛིང་འགོ་བཙུགས་ཅི་ཟེར་ཨིན་པས།
ཨིན་རུང་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ འཐབ་འཛིང་ནང་ སྡེ་ཚན་རེ་ལས་ ཕོ་སྐྱེས་༢ རྐྱངམ་གཅིག་གིས་ འབྲེལ་གཏོགས་འབད་ནུག་ཟེར་ཨིནམ་ད་ དོགས་པ་ཅན་ ཕོ་སྐྱེས་༢ གསར་སྤང་དང་ དཔག་བསམ་ཁ་ལས་ཨིནམ་བཞིན་དུ་ དོགས་ཅན་ཕོ་སྐྱེས་༡ ཧེ་མ་ཨར་རྐུན་ནང་ འབྲེལ་གཏོགས་འབད་ཅིག་ཨིན་པས།
འཐབ་འཛིང་དེ་ཡང་ ཁྲིམས་སྲུང་འགག་པའི་ ལྟ་རྟོག་སྡེ་ཚན་གྱིས་ བཀག་ཆ་འབད་ཡོདཔ་ད་ ད་རེས་ དོགས་ཅན་༢ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *