ཕོ་སྐྱེས་༣ ལུ་ སྨྱོ་རྫས་འཆང་སྤྱོད་ཀྱི་ བཙོན་ཁྲིམས།

༉ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༨ པའི་ཚེས་༢༥ ལུ་ ཕོ་སྐྱེས་༣ ལུ་ སྨྱོ་རྫས་ཀྱི་རིགས་ཚུ་ འཆང་སྤྱོད་དང་ ནག་ཚོང་འཐབ་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༦ ལས་ལོ་༡ དང་ ཟླཝ་༦ གི་བར་ན་ བཀལ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ཚུ་གི་གྲས་ལས་ སྐྱེས་ལོ་༣༤ ལང་མི་ ཡེ་ཤེས་ལུ་ སྨྱོ་རྫས་ཨིསི་པྲ་མོ་ པ་རོག་སི་བཱོན་ པ་ལཱསི་ སྨན་ཐུམ་གྲངས་༢༨༤ ཁྲིམས་འགལ་ཐོག་ལས་ འཆང་སྤྱོད་འབད་མི་ལུ་བརྟེན་ སྨྱོ་རྫས་ཨེན་ཊེན་ལེབ་༡༠༠ འབག་མི་ལུ་བརྟེན་ ལོ་༦ བཀལ་ནུག།
ཁོ་ལུ་ ཧེ་མ་ལས་ དེ་བཟུམ་འབད་བའི་ བརྗོད་ཐོ་མེདཔ་ལས་ ཉེས་འགེལ་ཁྲིམས་དེབ་དེའི་ དོན་ཚན་༢༣ པའི་ ཀ་པ་དང་འཁྲིལ་ བཙོན་ཁྲིམས་དམའ་ཤོས་ ལོ་༥ སྨིན་དགོཔ་འདུག་ཟེར་ འཁྲུན་ཆོད་ནང་ བཀོད་ཡོདཔ་ད་ ཁོ་གིས་ ད་རུང་ སྨྱོ་རྫས་ཨེན་ཊེན་ལེབ་༡༠༠ འབག་ནུག།
དེ་ལས་ སྐྱེས་ལོ་༢༥ ལང་མི་ ཨོ་རྒྱན་ཚེ་རིང་གིས་ སྨྱོ་རྫས་ཀེ་ན་བིས་ ག་རམ་༣༩.༡༩ འབག་མི་ལུ་བརྟེན་ ལོ་༡ ལྷགཔ་ཅིག་བཙོན་ནང་སྡོད་དགོཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ སྐྱེས་ལོ་༣༠ ལང་མི་ དཱ་ཡལ་བིས་ཝ་གིས་ ཀེ་ན་བིས་དང་ དེ་ལས་བཟོ་བའི་རིགས་ཚུ་ ཁྲིམས་འགལ་ཐོག་ལས་ འཆང་སྤྱོད་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༡ དང་ཟླཝ་༦ བཀལ་ནུག།
ཁོ་གིས་ ཁྲིམས་འདུན་ལུ་ སྨྱོ་རྫས་ཚུ་ ཁོ་ར་སྤྱོད་ནིའི་དོན་ལུ་ འབག་འོང་འོངམ་ཨིན་ཟེར་ ཞུ་ཡོདཔ་ད་ ཁོང་གསུམ་ཆ་ར་གིས་ བཙོན་ཁྲིམས་ཀྱི་དོན་ལུ་ ཁྲིམས་འཐུས་བཏབ་ཆོག་ནི་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བཀའ་རྒྱ་ཁྱོམ་གྱིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཆ་རོགས་འབད་ནི།

༉ ཐིམ་ཕུག་ བཀའ་རྒྱ་ཁྱོམ་ནང་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་ཁུངས་ཀྱི་ རང་བཞིན་སོ་ནམ་དང་སྒོ་ནོར་ཐོན་སྐྱེད་བཙོང་ཁང་གིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་གདོང་ལེན་བྱུང་མི་དེ་ སེལ་ཐབས་འབད་ནིའི་དོན་ལུ་ ཆ་རོགས་འབད་དོ་ཡོདཔ་ཨིན་པས། དེ་ཡང་ དར་དཀར་དཔལ་ལུ་ གཞི་བཙུགས་འབད་དེ་ཡོད་པའི་ དར་དཀར་སོ་ནམ་ཐོན་སྐྱེད་སྡེ་ཚན་གྱི་ རྒྱ་སྐྱེད་བཙོང་ཁང་བཟུམ་ཅིག་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *