ཕུན༌ཚོགས༌གླིང༌ལུ་ སྒྲ༌དབྱངས༌ནང་ ལཱ་འབད་མི་ཨམ༌སྲུ༌ ཚུ༌གིས༌ གཡོ༌སྒྱུ་འཐབ་པའི༌དོགས༌པ།

༉ ཕུན་ཚོགས་གླིང་ ཁྲིམས་སྲུང་འགག་པ་གིས་ རྒྱ་གར་གྱི་མི༌ཁུངས་༢ ལུ་ སྡུག་སྦྱོང་འབད་བའི་གནད་དོན་དང་ སྒྲ་དབྱངས་ནང་ལཱ་འབད་མི་ ཨམ་སྲུ་༢ ལུ་ གཡོ་སྒྱུ་འཐབ་པའི་གནད་དོན་ཐོག་ འཛིན་བཟུང༌འབད་ཡོད་མི་དེ་ འཕྲལ་མགྱོགས་ར་ ཁྲིམས་ཀྱི་འདུན་སར་ གཏང་ནི་ཨིན་པས།
ད་རུང་ སྤྱི༌ཟླ༌༣ པའི༌ཚེས༌༢༣ལུ༌ སྒྲ༌དབྱངས༌ནང༌ལཱ༌འབད༌མི༌ཨམ༌སྲུ༌༣འབད༌མི༌སྡེ༌ཚན༌ཅིག༌ བཙན༌ཁྲིད༌ འབད༌བའི༌དོགས༌པ༌ཡོདཔ༌བཞིན༌དུ༌ ཁོང༌༣ ས༌མཚམས༌ཁྲོམ་སྡེ་ ཇའི༌ སྒང༌ ལུ༌སྡོད༌མི༌ཨིནམ༌ད༌ ཁྲིམས༌ སྲུང༌ འགག༌པའི༌ སྙན༌ཞུ༌དང༌འཁྲིལ༌ བ༌ཅིན༌ ཁོང༌དོགས༌ཅན༌༣ ལུ༌ ཕོ༌སྐྱེས༌༣ གྱིས༌བཙན༌ཁྲིད༌ འབད༌ ནིའི༌ དཔའ༌བཅམ༌དོ༌བཟུམ༌ཅིག༌ འདུག༌ཟེར༌ཨིན༌པས།
ཁྲིམས༌སྲུང༌འགག༌པ་དང༌འཁྲིལ༌ བ༌ཅིན༌ ཨམ༌སྲུ༌༣ གྱིས་ སྒྲ༌ དབྱངས༌ནང༌ལཱ༌འབད༌བའི༌སྐབས༌ འབྲུག༌མི༌མེན༌པའི༌ཕོ༌སྐྱེས༌༣ ལས༌ དངུལ༌ཀྲམ༌༢,༠༠༠ དེ༌ཅིག༌ འབག༌ཡོད༌པའི༌ ལོ༌རྒྱུས༌འདུག༌ཟེར༌ ཨིནམ༌ད༌ དེ༌བསྒང༌ ཨམ༌སྲུ༌༣གྱིས༌ ཕོ༌སྐྱེས༌ཚུ༌དང༌གཅིག༌ཁར༌ འཕྱད༌ནི༌ སྦེ༌ ངོས༌ལེན༌འབད༌ནུག༌ཟེར༌ ཨིན༌པས།
ནུབ༌མོའི༌སྒྲ༌དབྱངས༌ཀྱི༌ལས༌རིམ༌ མཇུག༌བསྡུ༌བའི༌སྐབས༌ ཨམ༌སྲུ༌༣ ཆ་ར་ གར༌སོང༌མེད༌པར་ བྱང༌ དཔ༌ལས༌ ཕོ༌སྐྱེས༌དེ༌ ཙིགཔ༌ ཟ༌སྟེ༌ ད༌རུང༌ ཕོ༌སྐྱེས༌༢ ལས་ རྒྱབ༌སྐྱོར༌ལེན༌ཏེ་ ཨམ༌སྲུ༌ཚུ༌ འཚོལ༌ནི༌ འགོ༌ བཙུགས༌པའི༌ སྐབས༌ སྤྱི༌ཟླ༌༣པའི༌ཚེས༌༢༣ ལུ༌ ཇའི༌སྒང༌ལུ༌ཕྱད༌ནུག།
དེ༌བསྒང༌ ཁོང༌གི༌བར༌ན༌ ད༌རུང༌ སྒྲ༌དབྱངས༌ནང༌ ལོག༌ འཕྱད༌ནི༌སྦེ༌ ཁ༌བཟེད༌ནི༌དེ༌གིས༌ ཕོ༌སྐྱེས༌ཚུ༌གིས༌ རྟིང༌བདའ༌ནུག༌ ཟེར༌ཨིནམ༌ད༌ ཁྲིམས༌སྲུང༌འགག༌ པ༌གིས༌སླབ༌མིའི༌ནང༌ སྒྲ༌དབྱངས༌ ནང༌ལཱ༌འབད༌མི༌ ཨམ༌སྲུ༌ མང༌ ཤོས༌ཅིག༌ ཇའི༌སྒང༌ལུ༌སྡོད༌དོ༌ ཡོདཔ༌ལས༌ ཉེན༌སྲུང༌གི༌དཀའ༌ ངལ༌འཐོན༌ནིའི༌ ཉེན༌ཁ༌འདུག༌ ཟེར༌ཨིན༌པས།
ད༌རེས༌ ཕུན༌ཚོགས༌གླིང༌ལུ༌ ཐོ༌བཀོད༌འབད༌མི༌ སྒྲ༌དབྱངས༌༨ དང༌ ནུབ༌མོར༌ ཞབས༌ཁྲ༌ འཐེན༌ཏེ༌ སྤྲོ༌སྟོན༌ལས༌རིམ༌ འགོ༌འདྲེན༌འཐབ༌མི༌ ཀ༌རོ༌ ཀི༌༡༥ ཡོདཔ༌ད༌ སྒྲ༌དབྱངས༌ཀྱི༌ ཇོ༌བདག༌ཅིག༌གིས༌ སླབ༌མིའི༌ནང༌ ཨམ༌སྲུ༌ལ༌ལོ༌གིས༌ གཡོ༌སྒྱུ༌ འབད༌ནི༌ཡོདཔ༌ལས༌དེ༌ཚུ༌ བཀག༌ ཐབས༌ཀྱི༌དོན༌ལུ༌ ཇོ༌བདག༌ཚུ༌ གིས༌ བསླབ༌བྱ༌ལེགས༌ཤོམ༌བྱིན༌དགོཔ༌ཁག༌ཆེ༌ཟེར༌ཨིན༌པས།
ཁོ༌གིས༌སླབ༌མིའི༌ནང༌ ད༌རེས༌ ནངས༌པར༌ སྒྲ༌དབྱངས༌ནང༌ ལཱ༌ འབད༌མི༌ ཨམ༌སྲུ༌ཚུ༌གིས༌ ས༌ མཚམས༌ས༌ཁོངས་ཚུ༌ནང་སྡོད་མི་ ཕོ༌སྐྱེས༌ལེ༌ཤ༌ཅིག༌ གཡོ༌སྒྱུ༌འཐབ་སར་མཐོང༌ཡི༌ཟེར༌ཨིནམ༌ད༌ དེ༌ གིས༌སྤྱིར༌བཏང༌སྒྲ༌དབྱངས༌ཀྱི༌ མིང༌གཏམ་ལུ༌ ཐོ༌ཕོགཔ༌མས༌ ཟེར༌ཨིན༌པས།
ཇོ༌བདག༌ལ༌ལོ༌ཅིག༌གིས༌ སླབ༌མིའི༌ནང༌ སྒྲ༌དབྱངས༌ནང༌ ལཱ༌འབད༌མི༌ ཨམ༌སྲུ༌མང༌ཤོས༌ ཅིག༌ ཇའི༌སྒང༌ལུ་ སྡོད༌དོ༌ཡོདཔ༌ ལས༌ དེ༌བཟུམ༌གྱི༌གཡོ༌སྒྱུ༌འཐབ་མི༌དེ༌གིས༌ ཁོང༌གི༌ཚེ༌སྲོག༌ལུ༌ཡང༌ ཉེན༌ཁ༌ཡོདཔ༌ལས༌ བྱ༌ངན༌འབད༌ ནི༌ལས་ འཛེམ༌དགོཔ༌འདུག༌ཟེར༌ཨིན༌པའི༌གནས༌ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *