ཕུན་ཚོགས་གླིང་ལུ་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ།

༉ ཕུན་ཚོགས་གླིང་ཁྲོམ་ཁར་ ཧེ་མ་ལས་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་ཡོད་པའི་ཁར་ གནམ་དགུན་གྱི་དུས་ཚོད་ལུ་ ལྷག་པར་དུ་ དཀའ་ངལ་ཐེབས་ཐོན་དོ་ཡོདཔ་ལས་ རྒྱུན་འགྲུལ་འཐབ་པའི་སྐབས་ བྱ་སྟབས་མ་བདེཝ་སྦོམ་སྦེ་ར་ ཐོན་དོ་ཡོདཔ་ཨིན་པས།
དེ་ཡང་ སློབ་གྲྭའི་ངལ་གསོ་སྐབས་ ཨ་ལོའི་ཕམ་ཚུ་ ཕུན་ཚོགས་གླིང་ལུ་ ཉོ་ཚོང་རྐྱབ་པར་འོང་མི་དང་ གནས་སྐོར་འགྱོ་མི་ སྟོང་ཕྲག་ལས་བཅད་མི་ཚུ་ འཛོམས་ནི་དེ་གིས་ཨིནམ་ད་ དེ་བཟུམ་གྱི་དཀའ་ངལ་དེ་ ལོ་བསྟར་བཞིན་དུ་ ཐོན་ནི་དེ་གིས་ ཕུན་ཚོགས་གླིང་ཁྲོམ་སྡེ་ འགོ་དཔོན་ཚུ་གིས་ ལེགས་ཤོམ་སྦེ་ར་ ཧ་གོ་དོ་ཡོདཔ་ཨིན་པས།
ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་ དབང་ཕྱུག་མཐའ་ཡས་ཀྱིས་ སླབ་མིའི་ནང་ དུས་ཅི་ གནམ་དགུན་ལུ་ དཀའ་ངལ་དེ་ ཧེང་སྐལ་ར་ སྦོམ་འགྱོ་ནི་མས་ཟེར་ཨིནམ་ད་ དེ་ཡང་ ཕུན་ཚོགས་གླིང་དེ་ གནམ་དགུན་ལུ་ གཞུང་འབྲེལ་གྱི་ཞལ་འཛོམས་ཚུ་ འཚོགས་སའི་ས་གོ་སྦེ་ ངོས་འཛིན་འབད་ནི་དེ་གིས་ ཞལ་འཛོམས་འཚོགས་ནི་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོཝ་མས་ཟེར་ཨིན་པས།
དེ་བསྒང་ གཞུང་དང་སྒེར་གྱི་ སྣུམ་འཁོར་བརྒྱ་ལས་བཅད་དེ་ བདའ་འོང་དོ་ཡོད་པའི་ཁར་ དུས་ཅི་ སྤྱི་ཟླ་དང་པའི་ནང་ ཕུན་ཚོགས་གླིང་ལུ་ ལོ་བསྟར་རྒཔོ་གི་ ཞལ་འཛོམས་འཚོགས་པའི་སྐབས་ རྒེད་འོག་ལྟེ་བ་༢༠༥ ལུ་ གཞུང་འཁོར་གནང་པའི་སྐབས་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་ཐོན་དོ་བཟུམ་ ད་ལས་ཕར་ཡང་ འཕྲོ་མཐུད་དེ་ར་ དཀའ་ངལ་འཐོན་ནི་ཨིན་པས།
དབང་ཕྱུག་མཐའ་ཡས་ཀྱིས་ སླབ་མིའི་ནང་ གནམ་དགུན་ལུ་ ཕུན་ཚོགས་གླིང་ལུ་སྤུངས་མི་ སྣུམ་འཁོར་བརྒྱ་ཆ་༧༠ དེ་ཅིག་ རྫོང་ཁག་གཞན་དང་ ས་མཚམས་ས་ཁོངས་ཚུ་ལས་ བདའ་འོང་མི་ཚུ་ཨིན་མས་ཟེར་ཨིནམ་ད་ ད་ལས་ཕར་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་སེལ་ཐབས་ལུ་ ཞལ་འཛོམས་ཚུ་ ས་གནས་གཞན་ཁར་ འགོ་འདྲེན་འཐབ་དགོཔ་སྦེ་ གཞུང་ལུ་ སྙན་ཞུ་ཕུལ་ནི་ཨིན་ཟེར་ཨིན་པས།
ན་ཧིང་ གནམ་དགུན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ སྣུམ་འཁོར་མ་ཤོང་པའི་ གདོང་ལེན་འབད་ནིའི་དོན་ལུ་ ཁྲོམ་ནང་འཁོད་ལུ་ སྣུམ་འཁོར་བཀག་གཏོང་གི་ རྒྱུན་ལམ་ཚུ་བཟོ་ཡོད་རུང་ མཐར་འཁྱོལ་འབྱུང་མ་ཚུགས་པས།
ཚོང་པ་ བསོད་ནམས་དཔལ་འབྱོར་གྱིས་ སླབ་མིའི་ནང་ མ་གཞི་ ཁྲོམ་ཁར་ འཛུལ་སྒོ་གསརཔ་ཅིག་བཟོ་མི་དེ་གིས་ རྒྱུན་འགྲུལ་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་རུང་ གནམ་དགུན་ལུ་ སྣུམ་འཁོར་གྱི་གྱངས་ཁ་ ལེ་ཤ་གིས་ ཡར་སེང་འགྱོ་བའི་སྐབས་ དཀའ་ངལ་སེལ་མི་ཚུགས་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ གླ་འཁོར་ཚོགས་པའི་འཐུས་མི་ ཀརྨ་གིས་འབད་བ་ཅིན་ དགུན་ལུ་སྣུམ་འཁོར་གྱི་གྱངས་ཁ་ ལེ་ཤ་གིས་ ཡར་སེང་སོང་རུང་ གླ་འཁོར་བཏང་མི་ཚུ་ལུ་ དཀའ་ངལ་སྦོམ་ཅིག་ འཐོན་ནི་མེད་ཟེར་ཨིན་པས།
ཊཱག་ཚོགས་པའི་འཐུས་མི་ བི་བི་ ཏ་མང་གིས་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་མ་ཤོང་པའི་ རྒྱུ་རྐྱེན་ཅིག་ ཇའི་སྒང་ལུ་ འཕྲལ་འཕྲལ་སྦེ་ར་ སྣུམ་འཁོར་ཐོགས་ལུས་ནི་དེ་གིས་ཨིནམ་མ་ཚད་ སྣུམ་འཁོར་བཞག་འཐུས་ ལེན་མི་ཚུ་གིས་ སྣུམ་འཁོར་རྒྱུན་འགྲུལ་འཐབ་སྡོད་པའི་བར་ན་ བཀག་ཞིནམ་ལས་ འཐུས་ལེན་མི་དེ་གིས་ཡང་ རྒྱུན་ལམ་ལུ་ ཐོ་ཕོགཔ་མས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *