བརྟག་དཔྱད་ཐེངས་༣ པའི་ནང་ སྐྱེས་ལོ་༥ ཡན་ཆད་འབད་མི་ ག་ར་ལུ་ དཔེ་ཚད་ལེནམ་ཨིན་པས།

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ འགོ་བཙུགས་ཡོདཔ་ད་ བརྟག་དཔྱད་ཐེངས་༣ པའི་ནང་ སྐྱེས་ལོ་༥ ཡན་ཆད་འབད་མི་ ག་ར་ལུ་དཔེ་ཚད་ལེན་དོ་ཡོདཔ་ཨིན་པས།

མི་མང་བརྟག་དཔྱད་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༨ ལུ་ མཇུག་བསྡུ་ནི་ཨིན་པས།

འབྲུག་གི་ ས་མཚམས་ཁྲོམ་སྡེ་ ཕུན་ཚོགས་གླིང་དེ་ སྤྱི་ཟླ་༤ པའི་ཚེས་༡༧ ལས་ འགྲོ་འགྲུལ་བཀག་དམ་འབད་ཞིནམ་ལས་ཚུར་ ད་རིས་ ཉིན་གྲངས་༥༨ ལང་དོ་ཡོདཔ་ད་ འགྲུལ་སྐྱོད་བཀག་དམ་༣ པ་དེ་ ཕུན་ཚོགས་གླིང་གི་ སློབ་གྲྭ་ཅིག་ནང་ལས་ སྐྱེས་ལོ་༡༠ ལང་མི་ སློབ་ཕྲུག་བུཚ་ཅིག་ལུ་ ཀོ་བིཌ་-༡༩ ཐོབ་པའི་ཤུལ་ལུ་ བསྟར་སྤྱོད་འབད་ཡོདཔ་ཨིན་པས།

ད་རེས་ རྒྱལ་ཁབ་ནང་ ནད་ཡམསཀོ་བིཌ་-༡༩ ཐོབ་མིའི་གྱངས་ཁ་༡,༧༨༩ ལུ་ལྷོད་ཡོད་པའི་གནས་ཚུལ།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *