ཕུན་ཚོགས་གླིང་ལས་ རྡོ་ཕྱིར་བཙོང་ འཕྲལ་མགྱོགས་ར་ འགོ་བཙུགས་ནི།

༉ སྤྱི་ཟླ་༤ པའི་ཚེས་༡༧ ལས་ ཕུན་ཚོགས་གླིང་ཁྲོམ་ནང་ འགྲུལ་སྐྱོད་བཀག་དམ་ཐེངས་༣ པ་ འབད་བའི་ཤུལ་ལས་ རྡོ་ཕྱིར་བཙོང་ མཚམས་འཇོག་འབད་མི་དེ་ འཕྲལ་མགྱོགས་ར་ ལོག་འགོ་བཙུགས་ནི་ཨིན་པས།

རྡོ་ཕྱིར་བཙོང་ ལོག་འགོ་བཙུགས་ནིའི་དོན་ལུ་ ཕྱིར་ཚོང་འཐབ་མི་དང་ ལས་བྱེདཔ་༢༠༠ དེ་ཅིག་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ བརྟག༌དཔྱད་འབདཝ་ད་ ནད་རྟགས་མེད་པའི་ གྲུབ་འབྲས་ཐོན་ཡོད་རུང་ ད་ལྟོ་ ཚོང་འབྲེལ་འགོ་མ་བཙུགས་པས།

རྡོ་བཙོང་ནིའི་ནང་ གྲལ་གཏོགས་འབད་མི་ ཕྱིར་ཚོང་ལས་བྱེདཔ་དང་ སྣུམ་འཁོར་སྐྱེལ་མའི་སྡེ་ཚན་ དེ་ལས་ སྣུམ་འཁོར་ཊཱག་ཚུ་ལུ་ ཡིག་ཆ་བྱིན་མི་ཚུ་ རང་སོའི་ཁྱིམ་ནང་ མ་འགྱོ་བར་ རང་སྲུང་ས་གོ་ནང་ སྡོད་ཐོག་ལས་ ལཱ་འབད་དགོཔ་ཨིན་པས།

ཕྱིར་ཚོང་འཐབ་མི་ཚུ་གིས་ ཚ་གྱང་བཤད་མིའི་ནང་ རང་སྲུང་ས་གོ་ཚུ་ནང་ སྡོད་ནི་གི་ ལྕོགས་གྲུབ་མེད་ཟེར་ཨིནམ་ད་ དེ་ཡང་ ཟད་འགྲོ་ལུ་བལྟ་སྟེ་ ཕྱིར་ཚོང་འཐབ་མི་ བརྒྱ་ཆ་༩༥ གིས་ རང་སྲུང་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནི་ལུ་ ལཱ་ཁག་གཏང་འོང་ཟེར་ ཕྱིར་ཚོང་པ་ ཀརྨ་རིག་འཛིན་གྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ གཞུང་གིས་ རྒྱབ་སྐྱོར་འབད་བཞིན་དུ་ཡོད་རུང་ དེ་བཟུམ་མའི་ ལམ་ལུགས་གསརཔ་གིས་ ག་ར་ལུ་ ཁེ་ཕན་འཐོབ་མི་ཚུགས་ནི་ཨིནམ་ལས་ ཐབས་ཤེས་སྣ་ཚོགས་ བཏོན་དགོཔ་འདུག་ཟེར་ཨིན་པས།

ཕྱིར་ཚོང་འཐབ་མི་གཞན་ ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ ཕྱིར་ཚོང་པ་ག་རའི་དོན་ལུ་ འབྲུག་ཕྱིར་ཚོང་མཐུན་ཚོགས་ཀྱིས་ རང་སྲུང་ས་ཁོངས་ཚུ་ བཟོ་སྟེ་ཡོད་ཟེར་ཨིནམ་ད་ ཧེ་མའི་ ལམ་ལུགས་དང་འཁྲིལཝ་ད་ ཁོང་གི་ལས་བྱེདཔ་ཚུ་ རྡོ་ཕྱིར་བཙོང་འབད་མིའི་ དེད་གཡོགཔ་དང་ ཊཱག་ དེ་ལས་ སྲུང་སྐྱོབ་སྐྱེལ་མའི་ སྡེ་ཚན་དང་ འབྲེལ་བ་འཐབ་ནི་མེད་ཟེར་ བཤདཔ་ཨིན་པས།

དེ་འབདཝ་ལས་ རང་སྲུང་ས་གོ་གཞན་ཅིག་ དགོཔ་མེད་ཟེར་ཨིན་རུང་ སྐྱེལ་མའི་སྡེ་ཚན་ཚུ་ རང་སྲུང་ས་གོ་ནང་ སྡོད་དགོ་ཟེར་ཨིནམ་ད་ འགྲུལ་སྐྱོད་བཀག་དམ་༣ པ་ མ་འབད་བའི་ཧེ་མར་ རང་སྲུང་ས་གོ་ནང་སྡོད་དེ་ ལཱ་མ་འབད་བས་ཟེར་ཨིན་པས།

ཕྱིར་ཚོང་པ་ པདྨ་མཁྱེན་རབ་ཀྱིས་འབད་བ་ཅིན་ ཡིག་ཆ་ཚུ་ ཐད་ཀར་དུ་ ཅ་དམ་འགོ་དཔོན་དང་ ཉོགས་མེད་ལས་སྡེ་ཚུ་ལུ་ བྱིན་པའི་ཤུལ་ལས་ ལམ་ལུགས་དང་འཁྲིལ་ཏེ་ དེད་གཡོགཔ་ཚུ་ལུ་ བྱིན་ནི་ཡོད་ཟེར་ཨིན་པས།

ཕྱིར་ཚོང་འཐབ་མི་ ལེ་ཤ་ཡོདཔ་ལས་ གལ་སྲི་ ཏུར་ས་ལུ་ རང་སྲུང་ས་གོ་ཚུ་ རྐྱབ་པ་ཅིན་ མི་ལེ་ཤ་སྤུངས་འཛོམས་འབད་འོང་ཟེར་ཨིནམ་ད་ ཕྱིར་ཚོང་པ་ཚུ་གིས་ བཤད་མིའི་ནང་ རྡོ་ཕྱིར་བཙོང་ནང་ འབྲེལ་བ་འཐབ་མི་ཚུ་ལུ་ ཀོ་བིཌ་-༡༩ ཐོབ་སྟེ་མེདཔ་ལས་ ཧེ་མའི་ སྒྲིག་གཞི་དང་ ལམ་ལུགས་དེ་གིས་ར་ བཏུབ་པས་ཟེར་ཨིན་པས།

ཕུན་ཚོགས་གླིང་ལུང་ཕྱོགས་ཚོང་འབྲེལ་མདོ་ཆེན་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ མི་ཚུ་གིས་ བརྒྱུད་འཕྲིན་བཏང་ཐོག་ལས་ ཁོང་རའི་ དཀའ་ངལ་ཚུ་ བརྗེ་སོར་འབད་ཡོད་རུང་ མགྱོགས་དྲགས་སྦེ་ ཁྱབ་སྤེལ་འགྱོ་མི་ ནད་ཡམས་ཌེལ་ཊ་ལུ་བརྟེན་ སྒྲིག་གཞི་དམ་དམ་སྦེ་ ལག་ལེན་འཐབ་དགོ་པས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ས་སྣུམ་དང་ མེ་རླུང་རྒྱ་རྫི་སྐྱེལ་འདྲེན་འབད་ནིའི་ནང་ འབྲེལ་བ་འཐབ་མི་ཚུ་ རང་སྲུང་ས་གོ་ལས་ ལཱ་འབདཝ་མ་ཚད་ དཔག་བསམ་ཁའི་ བཟོ་གྲྭ་ཁང་ཚུ་ཡང་ རང་སྲུང་ས་གོ་ལས་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།

ཚོང་འབྲེལ་ཡིག་ཚང་གིས་ ཉེར་མཁོའི་ཅ་ཆས་ཚུ་ བཟོ་ནི་གི་ གྲོས་འཆར་བཙུགས་མི་ཚུ་ ཆ་མེད་བཏང་མི་དེ་ཡང་ དེད་གཡོགཔ་དང་ སྣུམ་འཁོར་ཚུ་ ཅ་ཆས་འབག་སྟེ་ དོས་ཁང་ནང་འོངམ་ད་ ནད་ཡམས་འཐོབ་ནིའི་ ཉེན་ཁ་སྦོམ་ཡོད་མི་ལུ་བརྟེན་ཨིན་ཟེར་ བསོད་ནམས་དོན་གྲུབ་ཀྱིས་ བཤདཔ་ཨིན་པས།

ཊཱག་ཚུ་ཇའི་སྒང་ལུ་ ཐོགས་ལུས་ཡོདཔ།

རྡོ་ཕྱིར་བཙོང་ནང་ གྲལ་གཏོགས་འབད་མི་ མང་ཤོས་ཅིག་ ཁོང་རའི་སྣུམ་འཁོར་ཚུ་ རྒྱལ་ཁབ་ནང་ བདའ་འོང་ནི་ལུ་ སྒུག་སྟེ་ཡོདཔ་ད་ ཕྱིར་ཚོང་པ་ དུར་ག་གིས་ སླབ་མིའི་ནང་ འདས་པའི་ཟླཝ་༢ ཀྱི་རིང་ ཁོ་རའི་སྣུམ་འཁོར་ ཕུན་ཚོགས་གླིང་ལུ་ བདའ་འོང་ནི་གི་ དཔའ་བཅམ་ཡོད་རུང་ འབད་མ་ཚུགས་ཟེར་ཨིན་པས།

ཨིན་རུང་ རྡོ་ཕྱིར་ཚོང་འཐབ་ནི་ འགོ་བཙུགས་དོ་ཡོདཔ་ལས་ ཇའི་སྒང་ལས་ སྣུམ་འཁོར་བདའ་ཆོག་ནི་བཟུམ་ཡོདཔ་ད་ སྣུམ་འ་ཁོར་ཚུ་ ས་མཚམས་ཕྱི་ཁར་ ཡུན་རིངམོ་སྦེ་ བཞག་པའི་སྐབས་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།

ཀརྨ་རིག་འཛིན་ལུ་ ས་མཚམས་ཕྱི་ཁར་ སྣུམ་འཁོར་ཊཱག་༡༤ ཡོདཔ་ད་ སྐྱེལ་འདྲེན་པ་ཚུ་གིས་ སླབ་མིའི་ནང་ སྣུམ་འཁོར་ཚུ་ སྐྱེལ་འདྲེན་གྱི་ ལཱ་འབད་ནང་ འབྲེལ་འཛིན་སྦེ་བཞག་ནིའི་ དུས་ཚོད་རན་མི་དེ་ཡང་ སྐྱིན་ཚབ་བཏབ་ནིའི་ དུས་ཚོད་ཕར་འགྱངས་འབད་མི་དེ་ སང་ཕོད་སྤྱི་ཟླ་༦ པ་ལས་ ཚང་འོང་ཟེར་ དུར་ག་གིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *