ཕུན་ཚོགས་གླིང་གི་ ཚོང་པ་ཚུ་གིས་ ད་རུང་ བདེ་སྲུངཔ་ཚུ་ལུ་ དྲོད་རྫའི་རྒྱབ་སྐྱོར།

༉ ཁ་ཙ་ ཕུན་ཚོགས་གླིང་ལུ་ ཚོང་པའི་འཐུས་མི་ཚུ་གིས་ ལུང་ཕྱོགས་ཚོང་འབྲེལ་ཡིག་ཚང་དང་ འབྲུག་གི་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་ མཉམ་འབྲེལ་ཐོག་ལས་ ད་རུང་ བདེ་སྲུངཔ་ཚུ་ལུ་ མེ་བསྲོ་ནིའི་མཁོ་ཆས་ དྲོད་རྫ་༡༧༡ བསྐྱལ་ཡོདཔ་ཨིན་པས།

དྲོད་རྫ་ཞལ་འདེབས་འབད་མི་དེ་ ཐེངས་༢ པ་ཨིནམ་ད་ ད་རིས་ཀྱི་ དྲོད་རྫ་ཚུ་ཡང་ མོང་སྒར་དང་ ལྷུན་རྩེ་ བཀྲིས་སྒང་ བཀྲིས་རྩེ་རྫོང་ཁག་ཚུ་གི་ ཟུར་བཞག་ནད་བརྟག་མཐུན་རྐྱེན་ཚུ་ནང་ སྒྲིག་གཡོག་རྒྱུབ་མི་ བདེ་སྲུངཔ་ཚུ་ལུ་ མཁོ་སྤྲོད་འབད་ནི་ཨིན་པས།

དྲོད་རྫ་༢༧༩ འབད་མི་ དོས་དང་པ་དེ་  སྤྱི་ཟླ་༡༢ པའི་ཚེས་༢༧ ལུ་ ཐིམ་ཕུག་དང་ སྤ་རོ་ ཧཱ་ མགར་ས་ ཀྲོང་གསར་ དེ་ལས་ བུམ་ཐང་རྫོང་ཁག་༦ གི་ བདེ་སྲུངཔ་ཚུ་ལུ་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།

དྲོད་རྫ་མཁོ་སྒྲུབ་ཀྱི་ མ་དངུལ་དེ་ ཕུན་ཚོགས་གླིང་གི་ ཚོང་པ་ཚུ་གིས་ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ དྲོད་རྫ་ག་ར་ ཐིམ་ཕུག་ལུ་ཡོད་མི་ བདེ་སྲུང་ཡིག་ཚང་ནང་ བསྐྱལ་ནི་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *