ཕུན་ཚོགས་གླིང་གི་ ཚོང་པ་ཚུ་གིས་ མེ་བསྲོ་མཁོ་ཆས་༥༠༠ རྒྱབ་སྐྱོར་འབད་ཡོདཔ།

༉ ཕུན་ཚོགས་གླིང་གི་ ཚོང་པའི་འཐུས་མི་ཚུ་གིས་ ལུང་ཕྱོགས་ཚོང་འབྲེལ་དང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གཉིས་དང་ མཉམ་འབྲེལ་ཐོག་ལས་ རྫོང་ཁག་སོ་སོའི་ ཟུར་བཞག་མཐུན་རྐྱེན་ལྟེ་བ་ཚུ་ནང་ སྒྲིག་གཡོག་རྒྱུག་མི་ བདེ་སྲུངཔ་ཚུ་ལུ་ མེ་བསྲོ་ནིའི་ དྲོད་རྫ་༼ཧི་ཊར༽ ༥༠༠ དེ་ཅིག་ ཞལ་འདེབས་སྦེ་བྱིན་ནུག།

དྲོད་ཛ་༢༧༩ དེ་  སྤྱི་ཟླ་༡༢ པའི་ཚེས་༢༦ ལུ་ ཐིམ་ཕུག་དང་ སྤ་རོ་ ཧཱ་ མགར་ས་ ཀྲོང་གསར་ དེ་ལས་ བུམ་ཐང་རྫོང་ཁག་༦ གི་ བདེ་སྲུངཔ་ཚུ་ལུ་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།

བདུན་ཕྲག་འདི་ནང་ མོང་སྒར་དང་ ལྷུན་རྩེ་ བཀྲིས་སྒང་ བཀྲིས་གཡང་རྩེའི་ བདེ་སྲུངཔ་ཚུ་ལུ་ བཀྲམ་སྤེལ་འབད་ནི་ཨིནམ་ད་ དྲོད་རྫ་མཁོ་སྒྲུབ་འབད་བའི་ རིན་དངུལ་ག་ར་ ཕུན་ཚོགས་གླིང་གི་ ཚོང་པ་ཚུ་གིས་ རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *