ཕུན་ཚོགས་གླིངའབྲིང་རིམ་སློབ་གྲྭ་འོག་མ།

ཕུན་ཚོགས་གླིང་གི་སློབ་གྲྭ་ཚུ་ནང་ སླ་བསྲེས་ཤེས་ཡོན་སྦྱང་ནིའི་གདམ་ཁ།

༉ ཕུན་ཚོགས་གླིང་ཁྲོམ་ཁར་ཡོད་པའི་ སློབ་གྲྭ་ཚུ་གིས་ ཡོངས་འབྲེལ་ཐོག་དང་ སློབ་ཁང་ཤེས་ཡོན་གཉིས་ཆ་ར་ སློབ་སྟོན་འབད་ནི་ཨིན་རུང་ ཤེས་ཡོན་སྦྱང་ཐངས་ཀྱི་གནས་སྟངས་དེ་ ནད་ཡམས་ཀོ་བིཊི-༡༩ གྱི་གནས་སྟངས་ལུ་ རག་ལས་ནི་ཨིན་པས།

ཕུན་ཚོགས་གླིང་ལུ་ སྒེར་གྱི་སློབ་གྲྭ་༢ བརྩི་སྟེ་སློབ་གྲྭ་༦ ཡོད་མིའི་ནང་ སློབ་ཕྲུག་༤,༢༤༩ ལྷགཔ་ཅིག་ཡོདཔ་ཨིན་པས།

དེ་ཡང་ ལམ་ལུགས་དེ་གི་ཐོག་ལུ་ གལ་སྲིད་ འགྲོ་འགྲུལ་བཀག་དམ་ཡོད་པ་ཅིན་ སློབ་རིམ་༡༢ པའི་སློབ་ཕྲུག་ཚུ་གིས་ དམ་སྲུང་ཐོག་ འཕྲོ་མཐུད་དེ་ སློབ་ཁང་ནང་ཤེས་ཡོན་སྦྱང་ནི་ཨིན་རུང་ སློབ་རིམ་བློ་གསར་ལས་༡༡ ཚུན་གྱི་སློབ་ཕྲུག་ཚུ་གིས་ ཡོངས་འབྲེལ་ཐོག་ལས་ ལྷབ་སྦྱང་འབད་ནི་ཨིན་པས།

དེ་ལས་ འགྲོ་འགྲུལ་བཀག་དམ་ཡང་ཆག་བཏང་སྟེ་ ཨ་རྟག་ཧར་ལུགས་འགྱོ་བ་ཅིན་ སློབ་ཁང་ནང་སློབ་སྟོན་འབད་ནི་ཨིནཔས།

ཕུན་ཚོགས་གླིང་ཁྲོམ་དཔོན་ ཨུ་ཏར་ཀུ་མར་རའི་གིས་ སླབ་མིའི་ནང་ གྲོས་ཆོད་དེ་དུས་མཐུན་ཨིནམ་ད་ ཁྲོམ་སྡེ་དང་སློབ་གྲྭའི་བདག་སྐྱོང་གིས་ སློབ་སྟོན་ལུ་མི་གནོད་ནིའི་དོན་ལུ་ གྲ་སྒྲིག་འབད་ནི་ཨིནམ་ད་ སློབ་ཕྲུག་དང་ སློབ་དཔོན་ ཕམ་ཚུ་ཡང་ གྲ་སྒྲིག་དགོ་ཟེར་ཨིན་པས།

དེ་མ་ཚད་ སློབ་དཔོན་ཚུ་ཡང་ ཡོངས་འབྲེལ་ཐོག་སློབ་སྟོན་འབད་ནིའི་དོན་ལུ་ སྦྱང་བ་ཚུད་དེ་ཡོད་ཟེར་ཨིན་པས།

མ་གཞི་ ཉེན་སྲུང་ཐོག་སློབ་ཁང་ནང་ འགོ་ཐོག་ལུ་ སློབ་རིམ་༡༢ པ་ཚུ་ལུ་ སློབ་སྟོན་འབད་ནི་ཨིན་རུང་ གྲོས་ཀྱིས་འབད་ སློབ་རིམ་༡༠ པ་ཚུ་ལུ་ཡང་ ལག་ལེན་འཐབ་ནི་ཨིན་རུང་ སློབ་གྲྭའི་མཐུན་རྐྱེན་དང་བཟོ་བཀོད་ཚུ་ ཚུལ་མཐུན་མིན་འདུག་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པས།

ཕུན་ཚོགས་གླིང་དེ་སྤྱི་ཟླ་༤ པའི་ཚེས་༡༦ གྱི་ཕྱི་རུང་ འགྲོ་འགྲུལ་བཀག་དམ་འབད་བའི་ཤུལ་ལས་ སློབ་སྟོན་གྱི་ལས་རིམ་ཚུ་ ཡོངས་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་བཞིན་དུ་ཨིན་པས།

ནད་ཡམས་ཁྱབ་སྤེལ་སྦོམ་སྦེ་སོང་ཡོད་རུང་ འགྲུལ་བཀག་དམ་འབད་བའི་ཧེ་མ་ ཕུན་ཚོགས་གླིང་གི་སློབ་གྲྭ་ཚུ་གིས་ སྒྲིག་གཞི་ཚུ་ ཚུལ་མཐུན་ལག་ལེན་འཐབ་བཞིན་ཡོདཔ་ད་ ནད་ཡམས་ཐོབ་མི་དང་པ་དེ་ སློབ་རིམ་༡༠ པའི་སློབ་ཕྲུག་ཨིན་རུང་ སློབ་ཕྲུག་གཞན་ཚུ་ལུ་སྤེལ་མ་བཅུག་པར་ བཀག་ཚུགས་ནུག།

ཁྲོམ་དཔོན་ཨུ་ཏར་ཀུ་མར་རའི་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་དེ་ འབྲུག་གི་རྫོང་ཁག་༢༠ གྱི་ཟ་ཆས་སྤེལ་ལྟེ་བ་ཨིནམ་ལས་ ག་ཅི་ཡང་འབད་སྲིད་ནི་ཨིནམ་ལས་ ཕུན་ཚོགས་གླིང་ལུ་ གཙོ་རིམ་སྒྲིག་དགོ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སློབ་ཕྲུག་ལ་ལུ་ཅིག་ ཉམ་ཆུང་ཡོདཔ་ལས་ རྒྱབ་སྐྱོར་དགོ་ནི་དེ་གིས་ ཡོངས་འབྲེལ་ཐོག་སླབ་དགོ་པ་ཅིན་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དགོཔ་ཁག་ཆེ་ཟེར་ཨིན་པས།

ཁྲོམ་སྡེ་ཤེས་རིག་འགོ་དཔོན་ ནོར་བུ་རྒྱལ་མཚན་གྱིས་ སླབ་མིའི་ནང་ སླ་བསྲེས་ཤེས་ཡོན་དེ་ ད་རེས་ཀྱི་གནས་སྟངས་དང་འཁྲིལ་བའི་ ཐབས་བྱུས་ཅིག་ཨིན་ཟེར་ཨིན་པས།

ཕམ་ཅིག་ཨིན་མི་ ཕུརཔ་ཚེ་རིང་གིས་ སླབ་མིའི་ནང་ སློབ་གྲྭ་ཚུ་ ལོ་ཕྱེད་ངལ་གསོའི་རྒྱབ་ལས་རྐྱངམ་གཅིག་ སྒོ་ཕྱེ་དགོཔ་འདུག་ཟེར་ཨིནམ་ད་ གལ་སྲིད་སྒོ་ཕྱེ་རུང་ སྐོར་རྒྱབ་བཟོ་སྟེ་ཕྱེ་དགོ་པའི་བསམ་འཆར་བཀོདཔ་ཨིན་པས།

ཡོངས་འབྲེལ་ཐོག་གི་ལྷབ་སྦྱང་གི་ཐད་ལུ་ ཁོ་གིས་ སླབ་མིའི་ནང་ ད་ཚུན་ སློབ་ཕྲུག་ལ་ལོ་ཅིག་གིས་ ཁྱིམ་ལཱ་ཚར་ཅིག་ཡང་མ་འབད་བར་ཡོདཔ་ལས་ ཞིབ་འཚོལ་འབད་དགོཔ་འདུག་ཟེར་ཨིནམ་ད་ དེ་མ་ཚད་ ཕམ་གྱིས་ཡོངས་འབྲེལ་གྱི་འཐུས་ཀྱི་ ཟད་འགྲོ་འབག་ཚུགས་ག་ཡང་ བལྟ་དགོཔ་འདུག་ཟེར་ཨིན་པས།

དུས་ཅི་ སློབ་དུས་འགོ་མ་བཙུགས་པའི་ཧེ་མ་ ཤེས་རིག་ལྷན་ཁག་གིས་ སློབ་རིམ་༧ པ་ལས་༡༢ བར་ནའི་སློབ་ཕྲུག་ཚུ་ ཕུན་ཚོགས་གླིང་ཕྱི་ཁར་ གནས་སོར་བཏང་ནིའི་འཆར་གཞི་ཡོད་རུང་ ཕམ་དང་སློབ་དཔོན་མང་ཤོས་ཅིག་གིས་ ཚ་གྱང་ཚུ་བཤད་ཞིནམ་ལས་ སྔར་བཞིན་བཞག་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *