ས་མཚམས་སྒོ་ར་དང་ མཐུད་ཡོད་མི་ ཁྲོམ་ལམ་གྱི་ གློག་མེའི་ཀཝ་ཚུ་གུ་ དཔྱངས་བཞག་མི་ མེ་ཏོག་ཧོད་ཚུ།

ཕུན་ཚོགས་གླིང་ཁྲོམ་ཧིང་སངས་ས་ བཞག་ནིའི་ཐབས་ལམ།

༉ མི་དབང་རྒྱལ་བཙུན་མཆོག་གི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་དང་འབྲེལ་ ཁ་ཙ་ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ ས་མཚམས་ཁྲོམ་སྡེ་ ཧིང་སངས་ས་སྦེ་ བཞག་ཐབས་ལུ་ ཕྱགས་སྙིགས་དཔྱང་ཧོད་༧༠ གཞི་བཙུགས་འབད་མི་ མཐུན་རྐྱེན་དེ་ འགོ་དང་པ་ཨིན་པས།
ཁྲོམ་སྡེ་གིས་ ད་རུང་ ཕྱགས་སྙིགས་དཔྱང་སྣོད་༣༠ བཞག་ནི་ཨིནམ་ད་ ཕྱགས་སྙིགས་ཧོད་ཚུ་ ཁྲོམ་སྡེ་སྡེ་ཚན་གྱིས་ བཟོ་བཀོད་འབད་དེ་ བཟོ་ཡོདཔ་ཨིན་པས།
ཕྱགས་སྣོད་དང་གཅིག་ཁར་ ས་མཚམས་སྒོ་ར་དང་ མཐུད་ཡོད་མི་ ཁྲོམ་ལམ་གྱི་ གློག་མེའི་ཀཝ་ཚུ་གུ་ དཔྱངས་བཞག་མི་ མེ་ཏོག་ཧོད་༡༨ པོ་དེ་ཡང་ སྡེ་ཚན་དེ་གིས་ར་ བཟོ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་གི་ཁྲོམ་དཔོན་ ཨུ་ཏར་ ཀུ་མར་རའི་གིས་ སླབ་མིའི་ནང་ ཁྲོམ་སྡེ་གིས་ ཁྲོམ་ཧིང་སངས་ས་ བཞག་ཐབས་ལུ་ ཐབས་བྱུས་མང་རབས་ཅིག་ བཏོན་ཡོད་མིའི་གྲས་ལས་ ཕྱགས་སྙིགས་དཔྱང་ཧོད་དང་ མེ་ཏོག་ཧོད་ བཟོ་བཀོད་ཐོག་ གཞི་བཙུགས་འབད་མི་༢ ཨིན་ཟེར་ཨིན་པས།
མ་གཞི་ ཁྲོམ་སྡེའི་ནང་ སྤྱིར་བཏང་ཕྱགས་སྙིགས་ཧོད་དང་ སྣུམ་འཁོར་གཡི་ ཕྱགས་སྣོད་ཚུ་ཡོད་རུང་ ཕུན་ཚོགས་གླིང་ཁྲོམ་ གཙང་སྦྲ་དང་ལྡནམ་སྦེ་ བཞག་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པས།
ཁྲོམ་སྡེ་གིས་ ཁྲོམ་ཁར་ཕྱགས་སྙིགས་འཛིན་སྐྱོང་ ལྟ་རྟོག་ནང་ དམ་འཛིན་འབད་ནིའི་དོན་ལུ་ སི་སི་ཊི་བི་པར་ཆས་༡༣ བཙུགས་ཏེ་ཡོད་རུང་ མི་ཚུ་གིས་ ཁྲོམ་ཁར་ཕྱགས་སྙིགས་དང་ རག་རོ་ཚུ་ ག་ལྷོད་སར་ བཀོཝ་མས་ཟེར་ ཁྲོམ་སྡེ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཁྲོམ་དཔོན་ཨུ་ཏར་ཀུ་མར་རའི་གིས་འབད་བ་ཅིན་ ཁྲོམ་ཧིང་སངས་ས་ བཞག་ནི་གི་ འགན་ཁུར་དེ་ ཁྲོམ་ནང་སྡོད་མི་ཚུ་ལུ་ ཕོག་ཟེར་ཨིན་པས།
ཁ་ཙ་ ཕུན་ཚོགས་གླིང་ཁྲོམ་ཁར་ སྡོད་མི་ཚུ་གིས་ ཕྱགས་སྙིགས་དང་ རག་རོ་ཚུ་ བསྡུ་བསྒྱོམ་འབད་ཡོད་པའི་གནས་ཚུལ།

About admin

Check Also

རྫོང་ཁའི་རྩ་གཞུང་ སྤྲོ་བ་ཆེ་ཏོག་ཏོ་བཟོ་ནི།

༉ རྫོང་ཁའི་རྩ་གཞུང་ བསྐྱར་ཞིབ་འབད་དེ་ ལྷབ་མི་ཚུ་གིས་ ལྷབ་དགོ་བདེ་ཏོག་ཏོ་སྦེ་ བཟོ་ནི་ཨིནམ་མ་ཚད་ དུས་དང་བསྟུན་པའི་ རྩ་གཞུང་ཅིག་བཟོ་ནི་ཨིན་པས།རྩ་གཞུང་བཟོ་མི་ སྡེ་ཕྲན་གྱི་འགོ་དཔོན་ རྡོ་རྗེ་དང་འཁྲིལ་བ་ཅིན་ ན་གཞོན་སློབ་ཕྲུག་ཚུ་གིས་ རྫོང་ཁ་ལྷབ་ནི་ལུ་ སྤྲོ་བ་དེ་ཅིག་ར་མི་བསྐྱེད་པས་ཟེར་ཨིནམ་ད་ སྤྲོ་བ་བསྐྱེད་བཅུག་ནིའི་ བརྗོད་དོན་ར་ …

Leave a Reply

Your email address will not be published. Required fields are marked *