ཕྱགས་སྙིགས་འཛིན་སྐྱོང་གི་ ལམ་ལུགས་གསརཔ་ ཕུའི་ཀུ་འོ་ཀ་ཐབས་ཤེས་ ལག་ལེན་འཐབ་ཐོག་ལས་ ཕྱགས་སྙིགས་བཀོ་སའི་ས་གོ།

ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ དེང་སང་གི་ ཕྱགས་སྙིགས་འཛིན་སྐྱོང་ལམ་ལུགས་ལག་ལེན།

༉ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ ལོ་༡༦ གི་རིང་ ངོས་འཛིན་ཅན་གྱི་ ས་ཁོངས་ནང་ ཕྱགས་སྙིགས་བཀོ་དོ་ཡོད་རུང་ ད་རེས་ ཕྱགས་སྙིགས་འཛིན་སྐྱོང་གི་ ལམ་ལུགས་གསརཔ་ ཕུའི་ཀུ་འོ་ཀ་ཐབས་ཤེས་ ལག་ལེན་འཐབ་ནི་གི་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།

ཕྱགས་སྙིགས་བཀོ་ཐངས་ཀྱི་ ཐབས་ལམ་གསརཔ་དེ་གིས་ ཉིན་བསྟར་བཞིན་དུ་ ཕྱགས་སྙིགས་མེ་ཊིག་ཊཱན་༡༥ དེ་རེ་ འཛིན་སྐྱོང་འཐབ་ཚུགས་པའི་ རེ་བ་ཡོདཔ་བཞིན་དུ་ ཕུའི་ཀུ་འོ་ཀ་དེ་ ཇ་པཱན་གྱི་ ལམ་ལུགས་ཅིག་ཨིན་པས།

ལམ་ལུགས་དེ་ཡང་ ཕུན་ཚོགས་གླིང་ཁྲོམ་སྡེ་ལུ་ ཇའི་ཀ་ཡིག་ཚང་བརྒྱུད་དེ་ ལག་ལེན་འཐབ་དོ་ཡོདཔ་ད་ ཕུན་ཚོགས་གླིང་ཁྲོམ་སྡེའི་ ཕྱགས་སྙིགས་འཛིན་སྐྱོང་གི་ འགོ་དཔོན་ཚུ་ཡང་ ཇ་པཱན་ལུ་ ཟླཝ་༡ གི་རིང་ སྦྱོང་བརྡར་འབད་ཡོདཔ་ཨིན་པས།

ཕྱགས་སྙིགས་འཛིན་སྐྱོང་འགོ་དཔོན་ རྒྱ་མཚོ་འབྲུག་པ་གིས་ སྦྱོང་བརྡར་འབད་བའི་ཤུལ་ལས་ ཁྲོམ་སྡེ་ཡིག་ཚང་ལུ་ རྒྱབ་སྐྱོར་འཕྲོ་མཐུད་འབད་ཡོདཔ་ད་ ལམ་ལུགས་གསརཔ་དེ་ཡང་ ཕྱགས་སྙིགས་ཚུ་ ལེགས་ཤོམ་སྦེ་ བཀོ་ཐོག་ལས་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ཐབས་ལུ་ཨིན་པས།

ཕུའི་ཀུ་འོ་ཀ་ཐད་ཀར་ རྒྱ་མཚོ་འབྲུག་པ་གིས་ སླབ་མིའི་ནང་ ཨ་རྟག་ཕྱགས་སྙིགས་བཀོག་མི་ ལམ་ལུགས་མེན་པའི་ ཕྱགས་སྙིགས་ཀྱི་ ཕྲ་འབུབ་དེ་ལུ་ རླུང་མ་འཛུལ་ཏེ་ འཚོ་རླུང་བྱིན་འོང་ཟེར་ཨིན་པས།

ལམ་ལུགས་གསརཔ་དེ་ནང་ བཙོག་ཆུ་འཐོན་འགྱོ་སའི་ ཆུ་དུང་བཟོ་ཡོདཔ་བཞིན་དུ་ བཙོག་ཆུ་ཐོན་འགྱོ་བའི་སྐབས་ ཕྱགས་་སྙིགས་ནང་ འཚོ་རླུང་ཚུ་ ནང་ན་འཛུལ་ནི་ཨིན་པས།

ཕྱགས་སྙིགས་འཛིན་གོངམ་གིས་ སླབ་མིའི་ནང་ ཆུ་དུང་ལས་ རླུང་ཐོན་འགྱོ་བའི་སྐབས་ ཕྲ་འབུབ་ངར་ཡེང་སོང་སྟེ་ རྫས་རླངས་དེ་ དུ་རླངས་ལུ་ འགྱུར་འོང་ཟེར་ཨིནམ་ད་ ཕུའི་ཀུ་འོ་ཀ་ཐབས་ཤེས་ཀྱིས་ རྫས་རླངས་དེ་ དུ་རླངས་ལུ་ འགྱུར་ཐོག་ལས་ གནམ་གཤིས་འགྱུར་བགྲོད་ལུ་ སྔོན་འགོག་འབད་ཚུགས་ནི་ཨིན་པས།

ཕུན་ཚོགས་གླིང་དེ་ རྒྱལ་ཁབ་ཀྱི་ ཚོང་འབྲེལ་ལྟེ་བ་ སྦོམ་ཤོས་ཅིག་ཨིནམ་ལས་ ཉིན་བསྟར་ ཕྱགས་སྙིགས་མེ་ཊིག་ཊཱན་ས་ཡ་༡༥ དེ་རེ་ ཐོན་དོ་ཡོདཔ་ཨིན་པས།

རྒྱ་མཚོ་འབྲུག་པ་གིས་འབད་བ་ཅིན་ ཁོང་གི་དམིགས་ཡུལ་དེ་ ལོ་བསྟར་བཞིན་དུ་ ཕྱགས་སྙིགས་མར་ཕབ་འབད་ནི་ཨིནབ་བཞིན་དུ་ རྒྱལ་ཁབ་ནང་ ལམ་ལུགས་གསརཔ་དེ་ བཟོ་སྐྲུན་འབད་བའི་ཤུལ་ལས་ སྙན་ཞུ་ཚུ་ ཡོངས་འབྲེལ་ཐོག་གི་ གྲོས་འཛོམས་ནང་ ཇའི་ཀ་གི་ མཁས་མཆོག་ཚུ་དང་ བརྗེ་སོར་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *