ཕམ་ཉམ་ཆུང་གི་ སློབ་ཕྲུག་ཨ་ལོ་ཚུ་ལུ་ རྒྱབ་སྐྱོར་འབད་དགོཔ།

༉ རྒྱལ་ཁབ་མཐའ་དབུས་མེད་པའི་ ཕམ་ཉམ་ཆུང་གི་ སློབ་ཕྲུག་ཨ་ལོ་ཚུ་ལུ་ གཞུང་གིས་ འཕྲོ་མཐུད་རྒྱབ་སྐྱོར་མ་འབད་བར་ སྣང་མེད་བཞག་པ་ཅིན་ སློབ་གྲྭ་ནང་ལས་ འཐོན་སྡོད་ནི་མ་གཏོགས་ ཐབས་ལམ་གཞན་མེདཔ་ཨིན་མས།

མ་གཞི་ སློབ་གྲྭ་ཚུ་ནང་ མཐུན་རྐྱེན་ཚུ་ གཞི་བཙུགས་མ་འབད་བའི་ ཧེ་མ་ལས་ར་ ལྟ་རྟོག་པ་ཚུ་གིས་ ཡུན་བརྟན་ཅན་གྱི་ དམིགས་གཏད་བསྐྱེད་དགོ་པའི་ དྲན་ཚོར་འབད་ཡོད་རུང་ ངོས་ལེན་འབད་མི་ཅིག་མེདཔ་ལས་ ད་རེས་ གནས་སྟངས་ཉེན་ཅན་ཅིག་ལུ་ ཐུག་དགོཔ་བྱུང་ནུག།

གཙུག་སྡེ་དག་པ་ཅིག་དང་ གོང་འཕེལ་ལས་རིམ་ལ་ལོ་ཅིག་ སྲིད་འབྲེལ་གྱི་ ཁེ་ཕན་དོན་ལུ་ ལག་ལེན་འཐབ་མ་བཏུབ་མིའི་གྲས་ལས་ གཅིག་ ཤེས་རིག་ཨིན་མས།

བཅུད་དོན་ངོ་མ་ར་ ད་རེས་ སློབ་ཕྲུག་༡༢,༠༥༠ དེ་ཅིག་ལུ་ རྒྱབ་སྐྱོར་ངེས་བདེན་དགོ་པའི་ ངོས་འཛིན་འབད་ཡོད་མི་དེ་ཡང་ ཁོང་གི་དོན་ལུ་ འཕྲོ་མཐུད་ཤེས་ཡོན་སྦྱང་ནིའི་ གོ་སྐབས་ཐད་ཁར་ ཏན་ཏན་མེད་ནི་དེ་གིས་ཨིན་མས།

རྒྱལ་ཁབ་ནང་ སློབ་ཕྲུག་༡༥༧,༠༠༠ དེ་ཅིག་གིས་ སློབ་གྲྭའི་ཟད་འགྲོ་གཏང་མ་ཚུགས་པར་ འཕྲོ་མཐུད་ཤེས་ཡོན་སྦྱང་མ་ཚུགས་པའི་ དཀའ་ངལ་བྱུང་མི་དེ་ ཚབས་ཆེན་གནད་དོན་ཅིག་སྦེ་ ངོས་ལེན་འབད་དགོཔ་འདུག།

ང་བཅས་རའི་ གནས་སྡུད་དང་ གོང་འཕེལ་སྲིད་བྱུས་ཚུ་ གནས་སྟངས་དང་བསྟུན་ མཐུན་འགྲིགས་འགྱོ་མ་ཚུགས་མི་དེ་ཡང་ འཆར་གཞི་རྩམ་མི་ཚུ་གི་ དཀའ་ངལ་ཅིག་ཨིན་པའི་ གསལ་སྟོན་འབདཝ་ལས་ མ་འོངས་པ་ལུ་ གོང་འཕེལ་ལས་སྣ་ཚུ་ལུ་ ཐོ་ཕོག་ནིའི་ ཉེན་ཁ་འདུག།

སློབ་གྲྭའི་ཟད་འགྲོ་གཏང་མ་ཚུགས་པའི་ ཕམ་ཉམ་ཆུང་གི་ སློབ་ཕྲུག་ཨ་ལོ་ཚུ་ལུ་ གཞུང་གིས་ ངེས་པར་དུ་ རྒྱབ་སྐྱོར་འབད་དགོ་མི་དེ་ཡང་ ང་བཅས་རའི་ རྒྱལ་ཁབ་ཀྱི་ མ་འོངས་བདག་འཛིན་འཐབ་མི་ཅིག་ཨིནམ་ལས་ གོ་སྐབས་འདྲ་མཉམ་བྱིན་དགོཔ་འདུག།

ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ སློབ་དཔོན་དང་ ཤེས་རིག་མཁན་ དེ་ལས་ དངུལ་རྩིས་ལྷན་ཁག་གི་ འགོ་དཔོན་ཚུ་གི་བར་ན་ གོ་བ་བརྡ་ལོག་འགྱོ་མི་དེ་ དཀའ་ངལ་ངོ་མ་ཅིག་ཨིནམ་ལས་ སེལ་ཐབས་འབད་ཚུགས་པ་ཅིན་ བྱ་རིམ་ནང་ སྟབས་བདེ་འབྱུང་ནི་ཨིན་པས།

མི་དབང་མཆོག་གིས་ སྤྱིར་བཏང་འབྲུག་མི་ཡོངས་དང་ དམིགས་བསལ་དུ་ ཤེས་རིག་ལྷན་ཁག་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ བཀའ་ཤོག་གནང་མིའི་ སྐབས་དོན་ཚུ་དང་བསྟུན་ བར་འབྲེལ་འཐབ་མི་ཚུ་གིས་ གོ་བ་ལེན་དགོཔ་ ཁག་ཆེ་བས།

སློབ་དཔོན་དང་ ཤེས་རིག་མཁན་ཚུ་གིས་ སློབ་ཕྲུག་ཚུ་གི་དོན་ལུ་ གཞུང་ལས་ རྒྱབ་སྐྱོར་དགོ་པའི་ ཨུ་ཚུགས་རྐྱབ་མི་དེ་ཡང་ འབྲུག་པའི་ སློབ་ཕྲུག་རེ་རེ་བཞིན་དུ་གིས་ མ་འོངས་པའི་ནང་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་ རེ་འདུན་ཡོད་མི་དེ་ འགྲུབ་ཚུགས་ནིའི་ མཐའ་དོན་ལུ་ཨིན་མས།

རྒྱུ་མཚན་འདི་ལུ་བརྟེན་ ད་ལྟོ་ དབང་ཚད་གུ་ཡོད་མི་ གཞུང་སྐྱོང་གིས་ སློབ་གྲྭའི་ཟད་འགྲོ་གཏང་མ་ཚུགས་པའི་ ངོས་འཛིན་ཅན་གྱི་ སློབ་ཕྲུག་ཨ་ལོ་ཚུ་ལུ་ ཤེས་རིག་ཡོན་ཏན་གྱི་ གོ་སྐབས་འདྲ་མཉམ་བྱིན་ནིའི་དོན་ལུ་ ངེས་པར་དུ་ རྒྱབ་སྐྱོར་འབད་དགོཔ་འདུག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *