པརཐི་ལུ་སྡོད་མི་ འབྲུག་མཐུན་ཚོགས་དང་ འབྲུག་པའི་མི་སྡེ་ཚུ་གིས་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་བའི་བསྒང་།

པརཐི་ལུ་སྡོད་མི་ འབྲུག་མཐུན་ཚོགས་དང་ འབྲུག་པའི་མི་སྡེ་ཚུ་གིས་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་ཡོདཔ།

༉ ཨཱསི་ཊེ་ལི་ཡ་གི་ ནུབ་ཕྱོགས་ས་གནས་ པརཐི་ལུ་ཡོད་པའི་ འབྲུག་མཐུན་ཚོགས་དང་ འབྲུག་པའི་མི་སྡེ་ཚུ་གིས་ཡང་ ཁ་ཙ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༠ བརྩི་སྲུང་འབད་ཡོདཔ་ཨིན་པས།
པརཐི་འབྲུག་མཐུན་ཚོགས་ལས་ལྷོད་པའི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ཉིནམ་བརྩི་སྲུང་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་པོའི་གཟིམ་དཔོན་བརྒྱུད་དེ་ གསོལ་རས་སྦེ་གནང་མི་ རང་ལུགས་ཀྱི་གུར་སྤུབས་ཞིནམ་ལས་ གླུ་གཞས་སྣ་ཚོགས་ཀྱི་ཐོག་ལས་ མི་མང་གི་ས་ཁོངས་ཅིག་ནང་ བརྩི་སྲུང་འབད་ཡི་ཟེར་ཨིན་པས།
ཉིནམ་བརྩི་སྲུང་ནང་ འབྲུག་མི་༢༠༠ དེ་ཅིག་གིས་ རྒྱལ་ཡོངས་ཀྱི་ གྱོན་ཆས་ཚུ་གྱོན་ཏེ་ བཅའ་མར་གཏོགས་ཡོདཔ་མ་ཚད་ རྒྱལ་སྤྱི་མི་སྡེ་ལས་ སྐུ་མགྲོན་༤༠ དེ་ཅིག་གིས་ཡང་ གྲལ་གཏོགས་འབད་ནུག།
ཉིནམ་བརྩི་སྲུང་ནང་ པརཐི་ལུ་ཡོད་པའི་ རྒྱ་གར་གྱི་ དོན་གཅོད་ཡོངས་ཁྱབ་ ཨ་མིཊ་ཀུ་མར་ མིཤི་ར་དེ་ སྐུ་མགྲོན་སྦེ་ བྱིན་ཡོདཔ་བཞིན་དུ་ མུར་ཌོག་གཙུག་ལག་སློབ་སྡེ་དང་ ཨིསི་ཊེན་ལི་ རྒྱལ་སྤྱིའི་མཐོ་རིམ་སློབ་གྲྭ་ ཨཱསི་ཊེ་ལི་ཡ་རིག་རྩལ་སྦྱོང་བརྡར་ གཞུང་གི་ལས་སྡེ་ འབྲུག་ལུ་རྒྱབ་སྐྱོར་འབད་མི་ཚུ་ འཛོམས་ཡོདཔ་ཨིན་པས།
མཐུན་ཚོགས་ཀྱི་གཙོ་འཛིན་གྱིས་ སླབ་མིའི་ནང་ མཐུན་ཚོགས་དང་ འབྲུག་པའི་མི་སྡེ་གིས་ ག་ནི་བ་ རྩ་ཆེ་བའི་ རྒྱལ་ཡོངས་དུས་ཆེན་དེ་ མཐར་འཁྱོལ་ཅན་སྦེ་ བརྩི་སྲུང་ཞུ་ཚུགས་ཅི་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *