ཚོགས་རྒྱན་བཙུགས་མི་ཚུ་གིས་ ཁོང་རའི་ ངོས་འཛིན་འདྲ་པར་ སྟོན་པའི་བསྒང་།

པདྨ་དགའ་ཚལ་ལུ་ ཚོགས་སྡེའི་ བཙག་འཐུ་དོན་ལུ་ འདེམས་ངོ་༦ གདམ་འཐུ་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༦ ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༡ ཚུན་ པདྨ་དགའ་ཚལ་གྱི་ རྒེད་འོག་༡༡ ནང་ གདེམ་ངོའི་འཛོམས་འདུ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ འདེམས་ངོ་༦ གདམ་འཐུ་འབད་ཡོདཔ་ཨིན་པས།

ཤུ་མར་རྒེད་འོག་ལུ་ གདམ་ངོ་༤ ཡོད་མི་ལས་ ཤེས་རིག་མགོན་ཚོགས་ཀྱིས་ དགོ་ཟེ་བའི་ཚོགས་༣༤༣ ཐོབ་སྟེ་ གདམ་འཐུ་འབད་ཡོདཔ་ད་ དགོངས་ཞུ་མ་འབད་བའི་ཧེ་མར་ བློ་ལྡན་གཞི་ཚོགས་དང་གཅིག་ཁར་ ཞིབ་འཚོལ་ལས་རོགས་པའི་ ལཱ་འབད་ཡོདཔ་བཞིན་དུ་ ཁོ་གིས་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་ལས་ སྲིད་དོན་ཚན་རིག་དང་ སྤྱི་སྙོམས་རིག་པའི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ཨིན་པས།

བདེ་ཆེན་གླིང་རྒེད་འོག་ནང་ དོ་འགྲན་འབད་མི་ གཞན་མེདཔ་ལས་ ཆོས་ཉིད་རྡོ་རྗེ་གིས་ ཚོགས་རྒྱན་དགོ་༡༨༧ དང་ མེན་དགོ་༤༤ ཐོབ་སྟེ་ གདམ་འཐུ་འབད་ཡོདཔ་ད་ ཁོ་གིས་ བཟོ་སྐྲུན་གོང་འཕེལ་ལས་འཛིན་ནང་ སྤྱིར་བཏང་འཐུས་མི་སྦེ་ ཕྱག་ཞུ་ཡོདཔ་བཞིན་དུ་ ཁོ་ལུ་ ཀི་ལོ་ཕེར་ནི་ཡ་ནུབ་ཕྱོགས་ཁྲིམས་དོན་སློབ་གྲྭ་ལས་ ཨེལ་ཨེལ་ཀོམ་གྱི་ མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས།

ན་ནོང་རྒེད་འོག་གི་ འཛོམས་འདུ་ནང་ བསོད་ནམས་དོན་གྲུབ་ཀྱིས་ ཚོགས་རྒྱན་དགོ་༣༡༢ དང་ མེན་དགོ་༣༠ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ད་ རྒེད་འོག་དེ་ནང་ལས་ཡང་ དོ་འགྲན་འབད་མི་ གཞན་མེདཔ་བཞིད་དུ་ ཁོ་ལུ་ རྒྱ་གར་ཀཱལ་ཀ་ཊ་ལས་ ཨེལ་ཨེལ་བི་གི་ མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས།

དེ་ལས་ གཡུ་རུང་རྒེད་འོག་ནང་ལས་ཡང་ དོ་འགྲན་འབད་མི་ གཞན་མེད་མི་ལུ་བརྟེན་ སངས་རྒྱས་དབང་ཕྱུག་གིས་ ཚོགས་རྒྱན་དགོ་༢༦༠ དང་ མེན་དགོ་༢༩ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ དགོངས་ཞུ་མ་འབད་བའི་ཧེ་མར་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་དང་གཅིག་ཁར་ གྲོས་སྟོན་པ་སྦེ་ ཕྱག་ཞུ་ཡོདཔ་བཞིན་དུ་ རྒྱ་གར་ལས་ ཨེམ་ཨིས་སི་དང་ བརྡ་དོན་འཕྲུལ་རིག་གི་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ མཁར་དང་ ནོར་བུ་སྒང་རྒེད་འོག་༢ ལས་ཡང་ འདེམས་ངོ་རེ་ལས་བརྒལ་ མེད་མི་ལུ་བརྟེན་ མཁར་རྒེད་འོག་ལས་ རྒྱ་མཚོ་གིས་ ཚོགས་རྒྱན་དགོ་༣༢༡ དང་ མེན་དགོ་༣༦ ཐོབ་ཡོདཔ་བཞིན་དུ་ ནོར་བུ་སྒང་རྒེད་འོག་ལས་ ཨྱོན་རྡོ་རྗེ་གིས་ ཚོགས་རྒྱན་དགོ་༢༥༩ དང་ མེན་དགོ་༢༡ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།

རྒྱ་མཚོ་གིས་ དགོངས་ཞུ་མ་འབད་བའི་ཧེ་མར་ འབྲུག་དངུལ་ཁང་དང་གཅིག་ཁར་ ཡན་དངུལ་ཁང་གི་ འཛིན་སྐྱོང་པ་གོངམ་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་གིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཡོདཔ་ད་ ཨྱོན་རྡོ་རྗེ་གིས་ ངང་ལམ་ཁྲོམ་གྱི་ངོ་ཚབ་སྦེ་ ཕྱག་ཞུ་ཡོདཔ་ལས་ ཁོ་གིས་ རྒྱ་གར་ལས་ བི་ཀོམ་གྱི་ མཐོ་རིམ་གོང་མའི་ ཤེས་ཚད་མཁར་འཁྱོལ་ཡོདཔ་ཨིན་པས།

པདྨ་དགའ་ཚལ་ལུ་ རྒེད་འོག་༡༡ ཡོད་མི་ལས་ ཤུ་མར་རྒེད་འོག་ལས་ གདམ་ངོ་༤ དང་ བདེ་ཆེན་གླིང་ མཁར་ ནོར་བུ་སྒང་ ན་ནོང་ དེ་ལས་ གཡུ་རུང་རྒེད་འོག་༥ ལས་ གདམ་ངོ་རེ་ལས་བརྒལ་ མེདཔ་བཞིན་དུ་ རྫོང་ཁག་དེ་ནང་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་༩ ཡོད་མིའི་གྲངས་སུ་ ཨམ་སྲུ་༡ ལས་ མེདཔ་ཨིན་པས།

དེ་ལས་ ཕྱི་མོང་དང་ ཆོས་འཁོར་གླིང་ གདུང་མིན་ བཟོ་བལ་དང་ སྐྱོང་ཤིང་རྒེད་འོག་ཚུ་ནང་ལས་ དོ་འགྲན་འབད་མི་མེད་རུང་ འཛོམས་འདུ་འགོ་འདྲེན་འཐབ་ཐོག་ལས་ བཙག་འཐུའི་འགོ་དཔོན་ཚུ་གིས་ བཙག་འཐུའི་སྐབས་ ཚོགས་རྒྱན་བཙུགས་དགོཔ་དེ་ ཁག་ཆེ་བའི་སྐོར་ལས་ གོ་བརྡ་ཚུ་སྤྲོད་ཅི་ཟེར་ རྫོང་ཁག་བཙག་འཐུ་འགོ་དཔོན་ ཚུལ་ཁྲིམས་བཟང་པོ་གིས་ བཤདཔ་ཨིན་པས།

ཚུལ་ཁྲིམས་བཟང་པོ་གིས་ སླབ་མིའི་ནང་ འཛོམས་འདུ་སྐབས་ མི་གྲངས་༤,༠༠༠ ལྷགཔ་ཅིག་གིས་ ཚོགས་རྒྱན་བཙུགས་ཡོད་མི་དེ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ ཡར་སེང་སོང་ནུག་ཟེར་ཨིནམ་ད་ དེ་ཡང་ འགོ་དཔོན་ཚུ་གིས་ སྤྱི་འོག་ག་རའི་ནང་ གོ་བརྡ་སྤྲོད་ཡོདཔ་མ་ཚད་ སློབ་གྲྭ་ཚུ་ནང་ གོ་བརྡ་སྤྲོད་མི་དེ་གིས་ སློབ་ཕྲུག་ཚུ་གིས་ཡང་ ཁོང་རའི་ཕམ་ཚུ་ལུ་ བརྡ་སྤྲོད་མི་ལུ་བརྟེན་ཨིན་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *