གླངམོ་ཆེ་ཚུ་གིས་ ལོ་ཐོག་བསྡུ་ནི་མེདཔ་བཟོ་བའི་མཐོང་སྣང་།

ནོར་བུ་སྒང་གི་ ལོ་ཐོག་འབྱ་ཚུ་ རི་དྭགས་གླངམོ་ཆེ་གིས་ མེདཔ་བཏང་ཡོདཔ།

༉ སྤྱི་ཟླ་༡༡ པའི་ཚེས་༢༢ ཀྱི་ནུབ་མོར་ རི་དྭགས་གླངམོ་ཆེ་༡༥ དེ་ཅིག་གིས་ བསམ་རྩེ་ནོར་བུ་སྒང་ལུ་ སོ་ནམ་པ་༣ གྱི་ འབྱ་ཞིང་ཨེ་ཀར་༢.༧ མེདཔ་བཏང་སྟེ་ ལོ་ཐོག་བསྡུ་ནི་མེདཔ་བཟོ་ནུག།

གཞན་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ འབྱ་དེ་ཚུ་ ཉིནམ་༡༠ དེ་ཅིག་གི་རྒྱབ་ལས་ བརྔ་ནི་ཨིནམ་ད་ འབྱ་ཞིང་གི་ཇོ་བདག་ ཁེམ་རཱཇ་ག་ལས་ཀྱིས་ ད་རེས་ འབྱ་བསྡུ་ནི་ ག་ཅི་ཡང་ མི་འོང་ནི་མས་ཟེར་ བཤདཔ་ཨིན་པས།

ཁོ་གིས་ དུས་ཅི་ འབྱ་རིགས་བཱསི་མ་ཏི་ཡང་ འཛུགས་སྐྱོང་འབད་ཡོདཔ་ལས་ ཟད་འགྲོ་མངམ་ བཏང་ཡོད་རུང་ དེ་ཚུ་ག་ར་ ཆུད་ཟད་ཡར་སོ་ཡི་ཟེར་ བཤདཔ་ཨིན་པས།

ཁེམ་རཱཇ་ག་ལས་ཀྱིས་འབད་བ་ཅིན་ དུས་ཅི་ ཁོ་གི་ཞིང་ནང་ལས་ འབྱ་མེ་ཊིག་ཊཱན་༡ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ རེ་བ་བསྐྱེད་ཡོད་རུང་ ད་ལས་ཕར་ ཆུམ་ཉོ་དགོཔ་ འཐོན་ནི་མས་ཟེར་ཨིན་པས།

སོ་ནམ་པ་གཞན་ རོ་ཧིཊ་ཡུ་ར་འོན་གྱིས་འབད་བ་ཅིན་ འབྱ་ཞིང་ཚུ་ནང་ རི་དྭགས་གླངམོ་ཆེ་༡༥ ལས་༢༠ དེཅིག་ འཛུལ་ཡོདཔ་འོང་ནི་མས་ཟེར་ཨིནམ་ད་ ཁོ་གིས་ ཁེམ་རཱཇ་ག་ལས་ཀྱི་ ཆུ་ཞིང་གླ་ཁར་ལེན་ཏེ་ འབྱ་འཛུགས་སྐྱོང་འབད་ཡོད་མི་ལས་ བརྒྱ་ཆ་༧༠ དེ་ཅིག་ གླངམོ་ཆེ་ཚུ་གིས་ མེདཔ་བཏང་ནུག་ཟེར་ཨིན་པས།

སོ་ནམ་པ་༣ གྱི་ འབྱ་ཞིང་ཚུ་ ས་གནས་ཌའི་ན་ལུ་ གཞུང་ལམ་གྱི་ སྦོ་ལོགས་ཁར་ཡོདཔ་ཨིན་པས།

ད་རུང་ སོ་ནམ་པ་གཞན་ མ་ནི་ཀུ་མར་ག་ལས་ཀྱིས་ འཕྲལ་ཁམས་ཅིག་ཁར་ འབྱ་ཆ་ཤས་ཅིག་ བསྡུ་ཚར་ཡོད་རུང་ ལྷག་ལུས་ཚུ་ག་ར་ གླངམོ་ཆེ་གིས་ མེདཔ་བཏང་ནུག་ཟེར་ བཤདཔ་ཨིན་པས།

ཧེ་མ་ ཅ་མར་ཅི་ཟེར་སླབ་མི་ ནོར་བུ་སྒང་རྒེད་འོག་ནང་ མི་འབོར་དང་ གཡུས་ཚན་མངམ་ཡོདཔ་ལས་ རི་དྭགས་གླངམོ་ཆེ་ཚུ་དེམ་ཅིག་ འོང་ནི་མེད་རུང་ ཌའི་ན་དེ་ ས་མཚམས་ཀྱི་ སྦོ་ལོགས་ཁར་དང་ གཞིས་ཆགས་ས་ལས་ ཐག་རིང་སར་ ཡོདཔ་ཨིན་པས།

ནོར་བུ་སྒང་རྒེད་འོག་བདག་སྐྱོང་འགོ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ཁ་ཙ་ འབྱ་ཞིང་ཚུ་ ཞིབ་དཔྱད་འབད་དེ་ རྫོང་ཁག་སོ་ནམ་ཡིག་ཚང་ལུ་ ཕུལ་ནིའི་དོན་ལས་ སྙན་ཞུ་བཟོ་བའི་བསྒང་ཡོདཔ་བཞིན་དུ་ ཞིབ་དཔྱད་སྙན་ཞུ་དང་འཁྲིལ་ རྒུད་འཐུས་སྤྲོད་འོང་ཟེར་ བཤདཔ་ཨིན་པས།

བསམ་རྩེ་དང་ རྒྱ་གར་གྱི་ ས་མཚམས་དེ་ སྒོ་ཡངས་དྲགས་ཡོདཔ་ལས་ རི་དྭགས་གླངམོ་ཆེ་ཚུ་གིས་ འབྱ་འཛུགས་སྐྱོང་འབད་མི་ཚུ་ལུ་ གནོདཔ་བཀལ་བཞིན་དུ་ཡོདཔ་ད་ དེ་གི་ནང་ལས་ གནོད་སྐྱོན་མང་ཤོས་ར་ བཀྲིས་ཆོས་གླིང་ལུ་ བྱུངམ་མ་ཚད་ མི་དག་པ་ཅིག་ཡང་ བསད་ཡོད་པའི་གནས་ཚུལ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *